ཞིང་ཆེན་སྲིད་གྲོས་ཀྱི་ཚོགས་འདུ་ཐོག་ཕེང་ཆིང་ཧྭ་ཡིས་གསུང་བཤད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་བརྙན་འཕྲིན། སྤེལ་དུས། 01-18



ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་འགོ་ཚུགས་པའི་ཚོགས་འདུའི་ཐོག་གི་གསུང་བཤད། 
༼༢༠༢༢ལོའི་ཟླ་དང་པོའི་ཚེས་བཅུ་བདུན་ཉིན།༽
  ཕེང་ཆིང་ཧྭ། 

ཨུ་ཡོན་རྣམ་པ་དང་།  བློ་མཐུན་རྣམ་པ།  གྲོགས་པོ་རྣམ་པ། 

        དེ་རིང་།  ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། འདི་ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་ཚོའི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། འཐབ་ལམ་གསར་པ་བརྩོན་ལེན་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་ཚོགས་འདུ་གཟབ་རྒྱས་ཤིག་ཀྱང་ཡིན།  འདིར་ངས་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན།  སྲིད་གྲོས་ཀྱི་ཨུ་ཡོན་དང་ཚོགས་ཞུགས་བློ་མཐུན་ཡོངས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན། 

       འདས་མ་ཐག་པའི་༢༠༢༡ལོ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་ཁྲོད་གསར་གཏོད་བརྩི་སྲུང་དང་དུས་རབས་ཀྱི་འཕེལ་ཕྱོགས་མཁྱེན་རྟོགས་ཀྱི་ཁྲོད་ནས་འགན་འཁྲི་འཁུར་ཕོད་པའི་ལོ་ཞིག་ཀྱང་ཡིན། ང་ཚོས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་གཟབ་རྒྱས་ཞུས་ཤིང་། ཕྱོགས་ཡོངས་ནས་དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ལེགས་གྲུབ་བྱུང་ཞིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་རྒྱལ་ཁའི་ངང་འགོ་བརྩམས་ཏེ།  “ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་”འཆར་འགོད་འགོ་ཡག་པོ་ཞིག་བརྩམས་ཡོད།  སྔོན་དཔག་བྱས་ན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་༥ཡི་རིམ་པ་གསར་པར་སླེབས་རྒྱུ་དང་སི་ཁྲོན་གྱི་འཕེལ་རྒྱས་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། 

        ལོ་འདིར་ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། སི་ཁྲོན་ཞིང་ཆེན་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་༡༠༠འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་དང་། ཏང་ཡོན་རྒན་གྲས་ཀྱི་སྙན་ཞུའི་ཚོགས་འདུ་འཚོགས་ཡོད། བརྗོད་དོན་གཙོ་བོའི་འགྲེམས་སྟོན་དང་རིག་རྩལ་འཁྲབ་སྟོན་སོགས་ཀྱི་རྟེན་འབྲེལ་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་མ་ཟད།  “ངས་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་དང“དུས་ནམ་ཡང་ཏང་གི་རྗེས་སུ་འབྲངས”ཞེས་པའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དེས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱ་ཆེད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་བློ་སྟོབས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། 

      ལོ་འདིར་ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་གྱིས་སྐུལ་འདེད་བྱས་ཤིང་།  “ཞིང་ལས་བརྟན་པོ་དང་བཟོ་ལས་སྟོབས་ལྡན། འཛད་སྤྱོད་སྐུལ་འདེད། ནང་མཁོ་རྒྱ་སྐྱེད། རྣམ་གྲངས་དམ་འཛིན། གསར་གཏོད་ལ་མཐོང་ཆེན། འཁོར་སྐྱོད་བདེ་བ། སྤུས་ཚད་མཐོ་རུ་གཏོང་བ”བཅས་ཀྱི་ལས་ཀའི་བསམ་ཕྱོགས་དོན་འཁྱོལ་ནན་ཏན་བྱས་པ་དང་། བཟོ་ལས་ཀྱི“༥+༡”དང་།ཞབས་ཞུའི་ལས་རིགས་“༤+༦”། ཞིང་ལས་“༡༠+༣”བཅས་དེང་རབས་ཀྱི་ཐོན་ལས་མ་ལག་སྐྱེད་བསྲིང་དང་སྟོབས་ཆེར་བཏང་ནས།   ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་འཚོགས་ཏེ་སོ་སོར་གསར་གཏོད་ཀྱིས་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པ།  ལྗང་མདོག་ཐཱན་ཉུང་གི་དགེ་མཚན་ལྡན་པའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱས། ཐོན་ལས་དང་ཚན་རྩལ།འགྲིམ་འགྲུལ།ནུས་ཁུངས།ཆུ་བེད།ཆ་འཕྲིན་སོགས་གལ་ཆེའི་རྣམ་གྲངས་འབོར་ཆེན་མགྱོགས་མྱུར་འཛུགས་སྐྲུན་བྱས་ནས་ འཛད་སྤྱོད་ཀྱི་བྱ་སྤྱོད་གསར་པ་གསོ་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ་ལག་བསྟར་དང་། བྱེད་ཐབས་སྣ་མང་སྤྱད་དེ་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་རོགས་སྐྱོར་དང་དཀའ་ངལ་ཡོད་པའི་ལས་རིགས་ལ་རོགས་སྐྱོར་བྱས་པས།

དཔལ་འབྱོར་འཕེལ་རྒྱས་སྲ་བརྟན་དང་བརྟན་ཐོག་ཇེ་ལེགས་ཕྱོགས་སུ་འགྲོ་བའི་རྣམ་པ་བཟང་པོ་ཐོན་ཡོད། 

      ལོ་འདིར་ང་ཚོས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པའི་འཆར་འགོད་རྩ་གནད་ཅེས་པའི་གཙོ་གནད་ལས་འགན་དོན་འཁྱོལ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་ཐོག   ཁྲོན་བོད་ལྕགས་ལམ་དང་། ཁྲེང་ཏུའུ། ཏ་ཀྲུའུ། ཝན་ཀྲུའུ་བཅས་ཀྱི་ལྕགས་ལམ། ཁྲེང་ཏུའུ་དང་ཁྲུང་ཆིང་བར་གྱི་ལྕགས་ལམ་བཅས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་བརྩམས་ཡོད།  ཁྲུང་ཆིང་དང་ཁུན་མིང་གི་མྱུར་བགྲོད་ལྕགས་ལམ་དང་། ཞི་ཨན་དང་ཁྲུང་ཆིང་གི་མྱུར་བགྲོད་ལྕགས་ལམ། ཁྲེང་ཏུའུ་དང་ཁུན་མིང་གི་ལྕགས་ལམ། ཁྲེང་ཏུའུ་དང་ལན་ཀྲུའུ་ཡི་ལྕགས་ལམ་སོགས་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བའི་དུས་མཚུངས་སུ།  སི་ཁྲོན་དང་ཁྲུང་ཆིན་གཉིས་ཀྱིས་མཉམ་ལས་མཉམ་སྐྲུན་གྱི་རྣམ་གྲངས་གལ་ཆེན་ཐད་རིམ་བརྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་༢༡༥༤བཏང་། གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྱོང་མགྱོགས་སུ་ཕྱིན་ནས་ཕན་འབྲས་ཐོན་ཡོད།  “རྐང་གཅིག་ཕྱོགས་མང་”གི་གོང་སྤེལ་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་ཁྲེང་ཏུའུ་གྲོང་ཁྱེར་ཚོགས་པའི་འཕེལ་རྒྱས་འཆར་འགོད་ཅེས་པ་ལ་རྒྱལ་ཁབ་ཀྱི་མཆན་འགོད་བཀའ་ལན་ཐོབ།  ཐེན་ཧྥུའུ་ཁུལ་གསར་དང་ཞིང་ཆེན་རིམ་པའི་ཁུལ་གསར་༤ཡི་འཛུགས་སྐྲུན་ཐད་ལ་རྣམ་པ་གསར་པ་མངོན་ནས་སྔོན་དཔག་བྱས་ན་ཁྲེང་ཏུའུ་ཡི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་༢ལ་ཉེ་བར་སླེབས་རྒྱུ་རེད།  ཁྲེང་ཏུའུ་བདེ་ཐང་དཔལ་འབྱོར་ཁུལ་དང་སི་ཁྲོན་ལྷོ་རྒྱུད་དཔལ་འབྱོར་ཁུལ་གྱི་དཔལ་འབྱོར་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད་ཅིང་།  སི་ཁྲོན་བྱང་ཤར་རྒྱུད་ཀྱི་དཔལ་འབྱོར་ཁུལ་རིགས་བསྒྱུར་གོང་སྤེལ་ཇེ་མགྱོགས་སུ་ཕྱིན།  ཕན་ཀྲི་ཧྭ་དང་ཞི་ཁྲང་གི་དཔལ་འབྱོར་ཁུལ་དང་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ལ་ཡར་རྒྱས་མངོན་གསལ་བྱུང་ཞིང་། ས་ཁོངས་བདུན་གྱི་ལྟེ་བའི་གྲོང་ཁྱེར་གྱི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་༢༠༠༠སྤྲོ་སྐྱིད་ཁང་དུ་ཚུད་པ་དང་། དེའི་ནང་མེན་དབྱང་དང་དབྱི་པིན་དུ་སྒོར་དུང་ཕྱུར་༣༠༠༠ལས་བརྒལ་བ་དང་། གཙོ་བོས་སྣེ་ཁྲིད་དང་ཕན་ཚུན་འགྲན་རྩོད་ཀྱིས་འཕེལ་རྒྱས་གཏོང་བའི་ས་ཁོངས་འཕེལ་རྒྱས་རྣམ་པ་གང་མགྱོགས་ཀྱིས་ཆགས་ཐུབ་ཡོད། 

      ལོ་འདིར་ང་ཚོས་བསྒྱུར་བཅོས་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་ཆད་མེད་ཀྱིས་ལག་བསྟར་བྱས་པ་དང་།  ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ནས་ཀྲུང་དབྱང་གིས་བཏོན་པའི་སི་ཁྲོན་གྱིས་སྦྲེལ་མཐུད་བྱེད་དགོས་པའི་སྒྱུར་བཅོས་ཇུས་གཞི་༣༨༡ལེགས་སྒྲུབ་བྱས་པ་དང་། དཔལ་འབྱོར་ཁུལ་དང་སྲིད་འཛིན་ཁུལ་འོས་འཚམ་ངང་ལོགས་སུ་དབྱེ་ནས་སྒྱུར་བཅོས་སོགས་ཐོག་མའི་གསར་གཏོད་རང་བཞིན་གྱི་སྒུལ་ཤུགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་གཏོར་བརྒལ་གསར་པ་བྱུང་ནས། སི་ཁྲོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་མཐུད་ངང་བྱུང་བ།  ཕྱི་ཕྱོགས་སུ་སྒོ་འབྱེད་པའི་བགྲོད་ལམ་ཆེན་པོ་འཛུགས་སྐྲུན་དམ་འཛིན་ཏན་ཏིག་བྱས་པ་དང་། ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། མེན་དབྱང་དང་ལུའུ་ཀྲུའུ་ཡི་མྱུར་བགྲོད་ལྕགས་ལམ་གྱི་ནེཅང་དང་ཙི་ཀུང་གི་ལམ་དུམ་འཛུགས་སྐྲུན་བྱས་ནས་ཤར་གཏོང་ཐུབ་པ་བྱུང་། ནུབ་རྒྱུད་ཀྱི་སྐམ་ས་དང་མཚོ་ཐོག་བགྲོད་ལམ་གསར་པའི་ནུབ་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་གྱི་སྤུས་ཀ་ཇེ་ལེགས་སུ་སོང་། ཤར་གཏོང་བྱང་འདྲེན་དང་། ལྷོ་འབྲེལ་ནུབ་བགྲོད་ཀྱི་“ཕྱོགས་བཞིའི་བར་ཁྱམས་”ཀྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བ་འཛུགས་སྐྲུན་ཁྱོན་ཡོངས་ནས་ཇེ་མགྱོགས་སུ་བཏང་།  ནུབ་རྒྱུད་དངོས་མང་སྟོན་ཚོགས་དང་འབོ་གསེར་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ཚོགས་ཆེན་སོགས་བྱེད་སྒོ་གལ་ཆེན་རྒྱལ་ཁའི་ངང་གཉེར་བ་དང་སྒྲུབ་འགན་འཁུར་ནས། སྒོ་འབྱེད་རིགས་ཀྱི་དཔལ་འབྱོར་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་ཡོད། 

       ལོ་འདིར་ང་ཚོས་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་རྒྱས་གཏོང་བའི་འབྲེལ་མཐུད་ནུས་ལྡན་རྒྱུན་འཁྱོངས་དང་རྒྱ་བསྐྱེད་པ། དབུལ་ཕོངས་བསྐྱར་ལོག་མི་ཡོང་བའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ལོ་༥ཡི་བར་བརྒལ་དུས་སྐབས་སུ། ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་རྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་བྱས།  སི་ཁྲོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་སྲོལ་ཡིག་བཏོན་ཏེ། “མཛེས་སྡུག་གི་སི་ཁྲོན་·གནས་སྡོད་ལ་འཚམ་པའི་གྲོང་གསེབ་”འཛུགས་སྐྲུན་བྱེད་སྒོ་ལག་བསྟར་གཏིང་ཟབ་བྱས་ཡོད། རྫོང་ཁོངས་ནང་གི་ཡུག་ཁུལ་དབྱེ་བ་དང་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་སྒྲིག་ཁུངས་སྣེ་ཁྲིད་དུ་བྱས་ནས་གྲོང་གསེབ་ཀྱི་སྒྱུར་བཅོས་ཁག་གཉིས་ཀྱི་ལས་ཀ་རྗེས་མའི་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་བསྒྲུབས་ཏེ་ཐོན་ཁུངས་བཀོད་སྒྲིག་སྔར་བས་ལེགས་སུ་གཏོང་བ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས“འཆར་འགོད་སྣ་མང་གཅིག་གྱུར”གྱི་གྲོང་གསེབ་འཕེལ་རྒྱས་འཆར་འགོད་མགྱོགས་མྱུར་བཀོད་ཡོད། 

     ལོ་འདིར་ང་ཚོས་དམངས་འཚོའི་ཐད་ཀྱི་བདེ་སྐྱིད་མུ་མཐུད་དུ་ཤུགས་བསྣན་ཏེ། དམངས་འཚོའི་དོན་དངོས་༣༠ནན་ཏན་གྱིས་ལེགས་བསྒྲུབས་བྱས་པ་དང་།མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་བྱེད་པའི་གནད་དོན་འབོར་ཆེན་ཞིག་ཕན་ནུས་ལྡན་པའི་ངང་ཐག་གཅོད་བྱས་ཡོད།  སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རེས་སྐོར་གཉིས་པའི་ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།  རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱས་ནས་ཁྲེང་ཏུའུ་སོགས་ས་ཁུལ་དུ་རིམས་ནད་ཐེངས་གཉིས་མཆེད་པར་དུས་ཐོག་ཏུ་ནུས་ལྡན་ངང་ཐག་གཅོད་བྱས།  ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་འགོག་གི་ཆེད་དམིགས་བཅོས་སྐྱོང་བྱས་འབྲས་མངོན་གསལ་དོད་པོ་ཡིན་པ་དང་། རང་བྱུང་གནོད་སྐྱོན་ཚབས་ཆེན་རབ་དང་རིམ་པར་ཁ་གཏད་ནུས་ལྡན་འཇལ་ཡོད།  རྒྱུན་རྣམ་ཅན་གྱི་ཐོག་ནས་ནག་སེལ་གཤེགས་བཅོམ་གྱི་འཐབ་རྩོད་སྤེལ་ནས་བདེ་འཇགས་ཀྱི་སི་ཁྲོན་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། 

    ལོ་འདིར་ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་འགོ་ཁྲིད་ཚན་ཁག་གཅིག་སྡུད་ཐོག་སྐབས་བརྗེའི་ལས་དོན་ཏན་ཏིག་བསྒྲུབས་པ་དང་། རུལ་སུངས་ལ་ངོ་རྒོལ་མཐའ་འཁྱོངས་ལྷོད་མེད་བྱས་ཤིང་། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་སྣོད་བཅུད་ལ་རྒྱུན་མཐུད་ངང་དགའ་འོས་པའི་འགྱུར་ལྡོག་ཕྱིན་ཡོད། ཞིང་ཆེན་ཏང་ཨུས་ཁྱོན་ཡོངས་ནས་སྤྱི་འདོམས་དང་ཕྱོགས་སོ་སོའི་འགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མི་དམངས་འཐུས་ཚོགས་དང་། སྲིད་གྲོས། དེ་བཞིན་དམངས་གཙོའི་ཏང་ཤོག་ཁག མི་དམངས་ཚོགས་པ་ཁག་སོགས་ཀྱིས་ཁྲིམས་ལྟར་སྒྲིག་ཡིག་ལྟར་རང་འགན་གཙང་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། སི་ཁྲོན་བཅོས་སྐྱོང་དང་སི་ཁྲོན་དར་སྤེལ་གཏོང་བའི་ལས་དོན་འཕེལ་རྒྱས་གཏོང་བར་ནུས་ཤུགས་བཏོང་གང་ཐུབ་བྱས།

      འདས་ཟིན་པའི་ལོ་གཅིག་ལ་ཕྱིར་མིག་བལྟས་ཚེ། འབད་འཐབ་ལ་དཀའ་ཁག་ཆེན་པོ་འཕྲད་ཡོད་ཅིང་།  གྲུབ་འབྲས་ནི་ལས་སླ་པོས་ཐོབ་པ་ཞིག་མིན།  གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གནང་བ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་སེམས་པ་གཅིག་མཐུན་དང་།དཀའ་སྤྱད་དངོས་སྒྲུབ་ཀྱི་འབྲས་བུ་བཅས་ཡིན་པས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་རིམ་པ་ཁག་གི་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་འདུས་ཡོད།  ལོ་གཅིག་གི་རིང་ལ་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་རྩ་འཛུགས་རིམ་པ་ཁག་གིས་ཏང་གིས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཤིང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་མི་སེམས་གཅིག་སྒྲིལ”གྱི་བརྗོད་དོན་གཙོ་བོའི་དཔེ་ཀློག་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས“ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི”འཆར་འགོད་འགོ་ཚུགས་རྒྱུར་རོགས་རམ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་རྒྱུར་སྐུལ་འདེད་བཏང་སྟེ། སི་ཁྲོན་བཅོས་སྐྱོང་དང་སི་ཁྲོན་དར་སྤེལ་གཏོང་བའི་བྱ་གཞག་ཁག་འཕེལ་རྒྱས་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཡོད།   རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་རང་འགན་གཙང་སྒྲུབ་ནན་ཏན་བྱས་ནས། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལག་ལེན་ནང་ཧུར་ཐག་གིས་ཞུགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། འབྲུབ་འགོག་ཉེན་སེལ། ཡོམ་འགོག་གེགས་སེལ་སོགས་ཛ་དྲག་ཉེན་ཆེའི་ལས་འགན་གལ་ཆེན་ནང་ཞུགས་ཏེ། ཁྲུང་ཆིང་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་དང་མཉམ་དུ་མཉམ་འབྲེལ་ཐོག་གྲོང་ཁྱེར་གཉིས་ཀྱི་བྱ་གཞག་ཡག་པོ་བསྒྲུབས་ནས། སྲིད་གྲོས་ལས་དོན་ཁྲོད་ཀྱི་བྱེད་པོའི་ནུས་པ་དང་། རིགས་ཁོངས་མང་ཚོགས་ཁྲོད་ཀྱི་འཐུས་མིའི་ནུས་པ། རང་འཁྲིའི་ལས་ཀའི་ཁྲོད་ཀྱི་དཔེ་བཟང་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ཡོད། ཞིང་ཆེན་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞིང་ཆེན་ཏང་ཨུའི་ལྟེ་བའི་ལས་དོན་གང་དུ་སྐུལ་སྤེལ་བཏང་ན། སྲིད་གྲོས་ཀྱི་འགན་འཁྲི་བསྒྲུབ་རྒྱུ་དེ་གར་སླེབས་པ་བྱས་ནས། བསྒྱུར་བཅོས་འཕེལ་རྒྱས་ཀྱི་དཀའ་གནད་དང་། དམངས་འཚོའི་གླེང་མང་གནད་དོན་ལ་དམ་པོར་དམིགས་ཏེ་ཡང་དག་གནད་འཁེལ་གྱི་ལྟ་ཚུལ་བཏོན་པ་དང་། རྒྱ་ཁྱབ་ཏུ་སེམས་ཤུགས་གཅིག་སྒྲིལ་བྱས་པས།སྲིད་ཇུས་ཐབས་འདོན་ཇུས་འབུལ་གྱི་ཐབས་ལམ་སྔར་བས་མང་དུ་སོང་བ་དང་།གྲོས་མོལ་སྲིད་གླེང་གི་ཚོང་རྟགས་གྲགས་ཅན་སྔར་བས་དར་ཁྱབ་སོང་བ་དང་། ལག་གདང་སྦྲེལ་ནས་ཡར་བརྩོན་བྱེད་པའི་སེམས་པ་གཅིག་མཐུན་ཇེ་ཆེར་སོང་ཡོད། ཞིང་ཆེན་ཏང་ཨུས་སྲིད་གྲོས་ཀྱི་ལས་དོན་ལ་ཡི་རང་བྱེད་ཀྱི་ཡོད་པ་དང་།སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་བསྒྲུབ་པར་ཁས་ལེན་བྱེད་ཀྱི་ཡོད། འདིར་ངས་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཚབ་ཞུས་ནས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་རིམ་པ་ཁག་གི་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་། དམངས་གཙོའི་ཏང་ཤོག་ཁག བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ།  མི་དམངས་ཀྱི་ཚོགས་པ་ཁག་དང་མི་རིགས་ཁག   ལས་རིགས་ཁག་གི་མི་སྣ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

      ཨུ་ཡོན་རྣམ་པ་དང་། བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ། སྟོབས་ཤུགས་ནི་མཐུན་སྒྲིལ་ལས་བྱུང་བ་དང་བདེ་སྐྱིད་ནི་འབད་འཐབ་ལས་བྱུང་བ་ཞིག་རེད། ༢༠༢༢ལོ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པར་གོམ་པ་སྤོས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་པས། ང་ཚོས་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཀྲུང་གོའི་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་བསུ་མ་བྱ་དགོས་པས།  ལས་དོན་ཁག་ལེགས་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན།

   འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་དང་དུས་རབས་གསར་པ་གཏོད་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པར་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་འབད་འཐབ་བྱེད་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་“ཁྱོན་ཡོངས་ཆེན་པོ་གཉིས་”དང་“རྒྱལ་ཁབ་ཀྱི་དོན་ཆེན་ལ་བློ་ཁ་ཕྱོགས་མཁན།” “གཏན་ཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། “འདུ་ཤེས་བཞི”དང་།“གདེང་ཚོད་བཞི”བརྟན་པོ།“སྲུང་སྐྱོང་གཉིས”བཅས་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་།ཏང་ཀྲུང་དབྱང་གི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ།བརྟན་པོ་ཡོང་རྒྱུ་ཨང་དང་པོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ།དེ་བས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཐོག་ནས་དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དང་།སི་ཁྲོན་དར་སྤེལ་བྱེད་པ་དེ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལས་དོན་སྒྲུབ་པའི་གོ་རིམ་ཁྲོད་དུ་རྒྱལ་ཁ་དང་གཟི་བརྗིད་གསར་པ་བརྩོན་ལེན་ཧུར་ཐག་བྱེད་དགོས། 
     ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་རིམ་པ་ཁག་གི་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་གང་ལེགས་དང་།འགན་འཁྲི་དང་ལས་འགན་ཁོང་དུ་ཆུད་པ་དང་།འགན་འཁྲི་ནན་སྒྲུབ།དམངས་སེམས་ཁོང་དུ་ཆུད་པ།ངོས་འཛིན་གཅིག་མཐུན་གོང་བུར་སྔར་ལས་ལེགས་པར་འགྲིལ་བ།དུས་རབས་གསར་པར་རང་རེའི་ཞིང་ཆེན་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་གཏོད་པར་འབད་བརྩོན་བཅས་བྱས་ཏེ།སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་སི་ཁྲོན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་ཕྱིར་བློ་རིག་གི་སྟོབས་ཤུགས་སྔར་ལས་མང་བ་འདུ་ཐབས་བྱ་དགོས། ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། “གཏན་ཁེལ་གཉིས་”ལ་མཐའ་གཅིག་ཏུ་བརྩི་བཀུར།“སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་སྒྲུབ་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་།ཆབ་སྲིད་ཀྱི་རྟོགས་ནུས།ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ། རང་འགུལ་ངང་ཆབ་སྲིད་ཀྱི་མཐོ་ཚད་ནས་གནད་དོན་ལ་ངོས་འཛིན་དང་ལས་དོན་ཇུས་འགོད་བྱས་ནས། ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་དེ་བྱ་སྤྱོད་ངོ་མའི་ཐོག་དོན་འཁྱོལ་བྱེད་པ་དང་ཞིབ་ཕྲའི་ལག་ལེན་ཁྲོད་མངོན་པ་བྱས་ཏེ་ཤེས་རྟོགས་དང་ཁོང་དུ་ཆུད་པ།དོན་འཁྱོལ་བ་བཅས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཐོག་མུ་མཐུད་ཤུགས་སྣོན་རྒྱག་པ་དང་།སྲོག་ཤིང་གི་གནས་བབ་སྲུང་སྐྱོང་དང་།སྲོག་ཤིང་གི་དབང་གྲགས་སྲུང་སྐྱོང་།སྲོག་ཤིང་གི་རྗེས་སུ་བསྙེགས་ནས་འབད་འཐབ་བཅས་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་དེ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྒྱུད་མདུན་སྐྱོད་བྱ་རྒྱུའི་འགན་ལེན་བྱེད་དགོས།བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། འཕེལ་རྒྱས་གཏོང་རིམ་ཡོངས་ཀྱི་མི་དམངས་དམངས་གཙོའི་ཁྲོད་ཀྱི་གྲོས་མོལ་དམངས་གཙོ་ཡི་ཐུན་མོང་མ་ཡིན་པའི་ལམ་ལུགས་ཀྱི་བྱེད་ནུས་དང་དང་ལམ་ལུགས་ཀྱི་ལེགས་ཆ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། རང་འགུལ་ངང་གྲོས་མོལ་དམངས་གཙོ་དེ་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་ཐབས་ཇུས་གལ་ཆེན་མ་བཀོད་གོང་ཐབས་ཇུས་བརྒྱུད་རིམ་ནང་གྲོས་མོལ་གང་ལེགས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོས་མོལ་གྱི་ནང་དོན་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་།གྲོས་མོལ་གྱི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ།གྲོས་མོལ་གྱི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ།གྲོས་མོལ་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་བ་བཅས་བྱས་ནས་མི་དམངས་སྲིད་གྲོས་ཀྱིས་བརྒྱུད་རིམ་ཧྲིལ་པོའི་དམངས་གཙོར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ལྟེ་གནད་ཁྱོན་ཡོངས་ལ་དམིགས་ཏེ་རང་འགན་གཙང་སྒྲུབ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱ་དགོས། ཏང་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས་དང་སྲིད་ཇུས་གནད་ཆེ་བ་དང་ཞིང་ཆེན་ཞིང་ཆེན་ཏང་ཨུའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ཁོང་དུ་ཆུད་པ་བྱས་ནས།ས་ཁོངས་དང་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་།ཚན་རྩལ་གསར་གཏོད་བྱེད་པ།ལྗང་མདོག་འཕེལ་རྒྱས་གཏོང་བ།སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ།མཉམ་ལས་རྒྱ་ཆེར་གཏོང་བ་སོགས་ཀྱི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ཏེ་ཚན་རིག་དང་མཐུན་པའི་ངང་གྲོས་མོལ་གྱི་གྲོས་གཞི་གཏན་འཁེལ་བྱེད་པ་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་བསམ་འཆར་དང་གྲོས་འགོ་དེ་བས་མང་བ་དང་དེ་བས་ཡག་པ་བཏོན་ཏེ་དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ནས་ཐབས་ཇུས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུས་ནས་ཐབས་ཇུས་ལག་བསྟར་ལ་སྐུལ་འདེད་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་དགོས། ཐོག་མཐའ་བར་གསུམ་དུ་དམངས་ཀྱི་དོན་དུ་གྲོས་མོལ་དང་དམངས་ཀྱི་ཆེད་དུ་གྲོས་མོལ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས།
    མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་ནན་ཏན། དམངས་འཚོའི་ཕན་བདེ་མང་དུ་གཏོང་བར་དམིགས་པ། ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བ། “དབུལ་སྒྲོལ་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི”ཆེད་དོན་བྱེད་སྒོ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་སྟེ།རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་།སྒྱུར་བཅོས་ཀྱི“ལས་ཀ་རྗེས་མའི”ལས་དོན་ཡག་པོ་སྒྲུབ་པ།འབྲི་ཆུའི་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་དུ་གཏོང་བ།“ཉུང་གཏོང་གཉིས”ཀྱི་སྲིད་ཇུས་ལག་བསྟར་བྱེད་པ།“ཕྲུ་གུ་གསུམ”གྱི་སྲིད་ཇུས་དོན་འཁྱོལ་བྱེད་པ་སོགས་ཀྱི་ཐད་དམངས་གཙོའི་ལྟ་སྐུལ་དང་།བློ་གྲོས་དང་ནུས་ཤུགས་འདོན་སྤེལ་བྱས་ནས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་མངོན་འགྱུར་བྱུང་བར་ཐུན་མོང་གིས་འབད་བརྩོན་བྱེད་དགོས། སྲིད་དོན་ལ་ཇུས་འདོན་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ཏེ་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། སྲིད་གྲོས་ཨུ་ཡོན་གྱིས་འཐབ་ཕྱོགས་དང་པོར་ཟབ་འཇུག་བྱས་ནས་རིགས་ཁོངས་མི་འདྲ་བ་དང་། རིམ་གྲས་མི་འདྲ་བ།ཚོགས་སྤྱི་མི་འདྲ་བའི་དགོས་འདོད་དང་།སྲིད་ཇུས་དྲིལ་བསྒྲགས།དོགས་གནད་གསལ་འགྲེལ།བསམ་ཚུལ་མཐུན་སྦྱོར།འགལ་བ་འདུམ་སེལ་བཅས་ཀྱི་ལས་ཀ་མང་ཙམ་བྱེད་དགོས་པ་དང་།མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བཅས་བྱས་ནས།  སྲིད་ཏང་གི་འབྲེལ་བ། མི་རིགས་ཀྱི་འབྲེལ་བ་དང་།ཆོས་ལུགས་ཀྱི་འབྲེལ་བ།རིམ་གྲས་ཀྱི་འབྲེལ་བ།རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་བཅས་འཆམ་མཐུན་ཡོང་བར་བྱས་ནས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་སྔར་ལས་བརྟན་དུ་གཏོང་དགོས།

    སྲིད་གྲོས་ཨུ་ཡོན་ནི་སྲིད་གྲོས་ལས་དོན་གྱི་གྲུབ་ཆ་གཙོ་བོ་ཡིན། ཨུ་ཡོན་རྣམ་པས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་དོན་དུ་འགན་ནུས་སྒྲུབ་པ་དང་། དམངས་ཀྱི་དོན་དུ་འགན་འཁྲི་སྒྲུབ་པའི་བརྩེ་དུང་། ཆབ་སྲིད་ཀྱི་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ།ཆབ་སྲིད་ཁོང་དུ་ཆུད་པའི་ནུས་པ།བརྟག་དཔྱད་ཞིབ་འཇུག་གི་ནུས་པ།མང་ཚོགས་དང་འབྲེལ་གཏུག་ནུས་པ།ལས་དོན་མཉམ་སྒྲུབ་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།སྲིད་གྲོས་ལ་རྒྱུས་ལོན་ཡོད་པ་དང་།གྲོས་མོལ་ཤེས་པ།སྲིད་དོན་བགྲོ་གླེང་བྱེད་མཁས་པ།སྒྲིག་ཁྲིམས་སྲུང་བ།སྒྲིག་ལམ་ལ་སྣང་ཆེན་བྱེད་པ།གཤིས་སྤྱོད་ལ་སྣང་ཆེན་བཅས་བྱེད་ཐུབ་དགོས།མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་ནང་ཞུགས་མཁན་དང་།ལག་ལེན་པ།སྐུལ་འདེད་པ་བཅས་ཡག་པོ་བྱས་ནས་འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་ལམ་བུའི་ཐོག་སྲིད་གྲོས་ཨུ་ཡོན་གྱི་དུས་རབས་ཉམས་འགྱུར་མངོན་ཐུབ་པ་བྱེད་དགོས། 
    མི་དམངས་སྲིད་གྲོས་ཀྱི་ལས་དོན་ནི་ཏང་གི་ཁྱོན་ཡོངས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་ཏང་ཨུ་རིམ་པ་ཁག་གིས་སྲིད་གྲོས་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་། སྲིད་གྲོས་ཀྱི་ལས་དོན་དེ་ཁྱོན་ཡོངས་ཀྱི་ལས་ཀའི་གལ་ཆེའི་གནས་བབ་ཐོག་བཞག་ནས་ཆབ་སྲིད་གྲོས་མོལ་བྱ་རྒྱུ་དེ་ཏང་ཨུའི་ཐབས་ཇུས་འགོད་རིམ་ནང་འཇུག་པ་དང་།སྲིད་གྲོས་ཀྱིས་སྒྲིག་ཡིག་ལྟར་རང་ཚུགས་ཀྱིས་འགན་འཁུར་བ་དང་།མཐུན་སྦྱོར་གཅིག་གྱུར་གྱིས་ལས་དོན་སྒྲུབ་པར་རྒྱབ་སྐྱོར་བྱས་ནས་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་གྱིས་རང་འགན་གཙང་སྒྲུབ་བྱེད་པར་འགན་སྲུང་དང་།མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་ལ་གོ་གནས་ཡོད་པ་དང་།གྲོས་འགོ་འདོན་པར་གནད་འཕིགས་པ།ནུས་ཤུགས་འདོན་པར་སྟེགས་བུ་ཡོད་པ་བཅས་འགན་ལེན་ཏན་ཏིག་བྱས་ཡོད། སྲིད་གྲོས་ཀྱི་ཏང་ཙུའུ་རིམ་པ་ཁག་གིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་།ཁ་ཕྱོགས་དང་།ཁྱོན་ཡོངས་དོ་དམ་བྱེད་པ།དོན་འཁྱོལ་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པ།ཏང་གི་ཆབ་སྲིད་ལེགས་སྐྱོང་སྤྱི་འདོམས་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ།ཏང་ལེགས་སྐྱོང་ཁག་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས་གལ་ཆེན་དང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་སྲིད་གྲོས་ལས་དོན་གྱི་བརྒྱུད་རིམ་ཡོངས་ཀྱི་ཕྱོགས་གང་ཅིར་དོན་འཁྱོལ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། 
    ཨུ་ཡོན་རྣམ་པ་དང་།བློ་མཐུན་རྣམ་པ།གྲོགས་པོ་རྣམ་པ། ལོ་རྒྱུས་ཀྱི་འཕེལ་རིམ་མོ་དེ་ཞུན་བརྡར་མདུན་སྐྱོད་ཁྲོད་ལས་འགོ་རྩོམ་པ། དུས་རབས་ཀྱི་རྡོ་རིང་དེ་རྒྱུན་མཐུད་འབད་འཐབ་ཁྲོད་འབྲི་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ་བློ་གཅིག་སེམས་གཅིག་དང་།ལག་གདང་དཔུང་སྦྲེལ།བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན།འགན་འཁུར་ཕོད་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་སི་ཁྲོན་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་རྒྱུ་དང་།ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1