དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཁུལ་ཆེན་པོ་གསུམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 01-19




        2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ལ་པེ་ཅིང་དང་། ཡན་ཆིང་། ཀྲང་ཅ་ཁོའུ་བཅས་འགྲན་ཁུལ་ཆེན་པོ་གསུམ་བཙུགས་ཡོད་པ་རེད།

        པེ་ཅིང་འགྲན་ཁུལ་གྱི་འགྲན་ར་དྲུག་གི་ཁྲོད་དུ་རྒྱལ་ཁབ་མྱུར་ཤུད་ལྟེ་གནས་དང་གངས་ཤུད་མཆོང་སྟེགས་ཆེན་པོ་གསར་བསྐྲུན་བྱས་པ་ཕུད། རྒྱལ་ཁབ་ཆུ་རྐྱལ་ལྟེ་གནས་དང་། རྒྱལ་ཁབ་ལུས་རྩལ་ཁང་། རྒྱལ་སའི་ལུས་རྩལ་ཁང་། ཝུའུ་ཁོ་སུང་ལུས་རྩལ་ལྟེ་གནས་བཅས་ཚང་མ་ནི2008ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ར་ཡང་བསྐྱར་བེད་སྤྱོད་བྱས་པ་ཞིག་རེད། རྒྱལ་སའི་ངར་ལྕགས་བཟོ་ལས་ཀྱིས་རྗེས་ཤུལ་དུ་བཙུགས་པའི་གངས་ཤུད་མཆོང་སྟེགས་ཆེན་པོ་ཡིས་གྲོང་ཁྱེར་གསར་སྒྱུར་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་བསམ་བློ་མངོན་པར་མཚོན་ཡོད།

        ཡན་ཆིང་ནི་འགྲན་ར་ཚང་མ་གསར་དུ་བསྐྲུན་པའི་འགྲན་ཁུལ་གཅིག་པུ་དེ་ཡིན་པ་དང་། རྒྱལ་ཁབ་རི་མཐོའི་གངས་ཤུད་ལྟེ་གནས་དང་རྒྱལ་ཁབ་གངས་འཁོར་གངས་གྲུ་ལྟེ་གནས་ནི་གཡུ་འབྲུག་ཆེན་པོ་གཉིས་དང་འདྲ་བར་ཧའེ་ཐུའོ་རི་བོའི་སྒང་དུ་ཀྱག་ཀྱོག་ངང་འཁྱུད་པ་དང་། ཀྲུང་གོའི་རི་མཐོའི་གངས་ཤུད་དང་གངས་འཁོར་གངས་གྲུའི་ཨོ་རྩལ་འགྲན་བསྡུར་གྱི་སྟོང་ཆ་བསྐངས་པ་རེད།

        པེ་ཅིང་ནས་ཀྲང་ཅ་ཁོའུ་དབར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་ཀྲང་ཅ་ཁོའུ་དང་པེ་ཅིང་དབར་གྱི་འབྲེལ་བ་དམ་ཟབ་དུ་བཏང་བ་དང་། སྤྲིན་རྩེའི་གངས་ཤུད་སྤྱི་གླིང་དང“གངས་དོན་གྲུབ”མཚོན་བྱེད་ཡིན་པའི་གནའ་བོའི་སྦྱར་སྡོང་འགྲན་རའི་ཚོགས་ཀྱིས་སླད་ཕྱིན་གསེར་གྱི་རྟགས་མ51ལེན་པའི་དུས་སྐབས་བཟང་པོ་ཞིག་བསུ་ལ་ཉེ་བ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1