བོད་ལྗོངས་སུ་དཔྱངས་སྒྲོན་མེ་ཏོག་ཅིག་ཤེས་རྟོགས་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-19


     ཚེས་17ཉིན། གསར་འགོད་པས་ཀྲུང་གོའི་ཚན་རིག་ཁང་ཞི་ཧྲོང་པན་ནའི་ཚ་ཁུལ་རྩི་ཤིང་ལྡུམ་ར་ནས་ཤེས་རྟོགས་བྱུང་གསལ། ཚན་ཞིབ་མི་སྣས་བོད་ལྗོངས་གཞིས་རྩེ་ས་ཁུལ་དུ་རྟོག་ཞིབ་བྱེད་སྐབས་དཔྱངས་སྒྲོན་མེ་ཏོག་རིགས་གསར་པ་ཞིག་སྟེ་སྐྱིད་གྲོང་གི་དཔྱངས་སྒྲོན་མེ་ཏོག་ཤེས་རྟོགས་བྱུང་།
     ངོ་སྤྲོད་བྱས་པར་གཞིགས་ན། དཔྱངས་སྒྲོན་མེ་ཏོག་ནི་བཙིར་སྨྱུག་ཁམ་བུའི་ཚན་ཁོངས་སུ་གཏོགས་པ་དང་གཙོ་བོ་ཨ་ཧྥེ་རི་ཁ་དང་། ཨེ་ཤ་ཡའི་ཚ་ཁུལ། རྒྱ་མཚོ་ཆེན་པོའི་གླིང་ཆེན་བཅས་སུ་ཁྱབ་ཡོད་པ་རེད། མིག་སྔར། རྒྱལ་ནང་དུ་བསྡོམས་པས་དཔྱངས་སྒྲོན་མེ་ཏོག་གཏོགས་པའི་རི་སྐྱེས་རྩི་ཤིང་རིགས་21ཟིན་ཐོར་བཀོད་ཡོད་པ་རེད།

2021ལོའི་ཟླ་7པའི་ཟླ་དཀྱིལ་ནས་ཟླ་8པའི་ཟླ་འགོར། ཞི་ཧྲོང་པན་ན་རྩི་ཤིང་གླིང་གི་ཞིབ་འཇུག་པ་ཞང་ཡའོ་ཝུའུ་ཡིས་སྣེ་ཁྲིད་པའི་མཉམ་འབྲེལ་རྟོག་ཞིབ་རུ་ཁག་གིས་བོད་ལྗོངས་ཀྱི་གཞིས་རྩེ་ས་ཁུལ་གྱི་ཧི་མ་ལ་ཡའི་ལྷོ་ངོས་ཀྱི་སྦུག་རྩའི་རྩི་ཤིང་ལ་རྟོག་ཞིབ་དང་དངོས་དཔེ་འཚོལ་བསྡུ་བྱས་པ་རེད། རྟོག་ཞིབ་མི་སྣས་སྐྱིད་གྲོང་རྫོང་ས་ལེབ་གྲོང་ཚོ་ནས་མེ་ཏོག་བཞད་པའི་དུས་ཀྱི་དཔྱངས་སྒྲོན་མེ་ཏོག་ནི་རྒྱུས་མེད་པའི་རྩི་ཤིང་ཞིག་ཡིན་པ་ཤེས། གཤགས་འབྱེད་པར་ལེན་དང་ཡིག་ཆ་ལྟ་ཞིབ། དེ་བཞིན་དེ་དང་རིགས་འདྲའི་མ་དཔེ་ཞིབ་བསྡུར་བཅས་བྱས་མཐར། རིགས་གསར་བ་ཞིག་ཡིན་པ་གཏན་འཁེལ་བྱས། དེའི་དཔེ་དབྱིབས་ཐོན་ཁུལ་ལ་གཞིགས་ནས་སྐྱིད་གྲོང་གི་དཔྱངས་སྒྲོན་མེ་ཏོག(Ceropegia jilongensis)ཅེས་མིང་བཏགས།


     སྐྱིད་གྲོང་གི་དཔྱངས་སྒྲོན་མེ་ཏོག་གི་དབྱིབས་ནི་མགོ་ལྕོག་དཔྱངས་སྒྲོན་མེ་ཏོག་དང་འདྲ་པོ་ཡོད་མོད། འོན་ཀྱང་མེ་ཏོག་གི་ཡལ་ག་འཇམ་པ་དང་། མེ་ཏོག་གི་ཡལ་གའི་ངོས་སྤུ་ཐུང་ལ་ནང་ངོས་སུ་སྤུ་མེད། མེ་ཏོག་གི་འདབ་མའི་སྟོད་ཀྱི་ཞེང་ནི་སྨད་ལས་ལྡབ་གཉིས་ཙམ་ཆེ་བ། ཕྱི་ངོས་ཀྱི་དབྱིབས་ཕལ་པ་ལས་ལྡབ་གཉིས་ཙམ་ཡོད་པས་དེ་དང་འདྲ་མཚུངས་ཀྱི་རིགས་ལ་ཁྱད་པར་མངོན་གསལ་དོད་པོ་ཡོད། 
     འབྲེལ་ཡོད་ཞིབ་འཇུག་གི་འབྲས་བུ་ནི་ཉེ་དུས་དྲ་ཐོག་ཏུ་དུས་དེབ་Taiwaniaཐོག་སྤེལ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1