པར་འདི་ནི་ཁ་བས་ཡོངས་སུ་གཡོགས་པའི་རྒྱུ་ལ་རི་བོ་ཡིན།
པར་འདི་ནི་དགུན་དུས་ཀྱི་དར་རྩེ་མདོ་གྲོང་ཁྱེར་ཡིན།
པར་འདི་ནི་ཁ་བའི་ཁྲོད་ཀྱི་བོད་མིའི་སྡོད་ཁང་ཡིན།
པར་འདི་ནི་དར་རྩེ་མདོ་མངའ་ཁོངས་སུ་ཡོད་པའི་གངས་རེ་ཡིན།
པར་འདི་ནི་དགུན་དུས་ཀྱི་དར་རྩེ་མདོ་ཡིན།
པར་འདི་ནི་དགུན་དུས་ཀྱི་གངས་རི།
2022ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་སླེབས་ལ་ཉེ་བའི་དུས་འདིར། སི་ཁྲོན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས“དགུན་དུས་ཀྱི་གངས་འཁྱགས་ལ་གཟིགས་པ་དང་། དྲོད་སྐྱིད་ལྡན་པའི་ཉི་འོད་རོལ་མྱོང་བྱེད་པ”ཞེས་པའི་དགུན་དུས་ཀྱི་ཡུལ་སྐོར་བྱ་འགུལ་སྤེལ་མགོ་ཚུགས་ཤིང་། དམངས་ཡོངས་ཧུར་ཐག་སྒོས་ཞུགས་པ་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་བསུ་པའི་རྣམ་པ་བཟང་པོ་ཞིག་སྐྲུན་ཆེད། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་རྩེ་མདོ་གྲོང་ཁྱེར་གྱིས་ས་གནས་ཀྱི་གངས་འཁྱགས་ལྟ་སྐོར་དང་ཉི་འོད་ཁམས་གསོའི་ཡུལ་སྐོར་ཐོན་ཁུངས་གཉིས་ཀྱི་ལེགས་ཆ་ལ་བརྟེན་ནས། བྱ་འགུལ་རབ་དང་རིམ་པ་སྤེལ་ནས་དགུན་དུས་སུ་དར་རྩེ་མདོ་ལ་ཡུལ་སྐོར་བྱེད་དུ་འགྲོ་བའི་སྤུས་ལེགས་ལམ་ཐིག་དང་སྤ་སེ། མགྲོན་ཁང་སོགས་ཀྱི་ཐད་གཟིགས་སྐྱོང་སྲིད་ཇུས་བཏོན་ནས་རྒྱ་ཆེའི་ཡུལ་སྐོར་པ་བསུས།
ཤེས་གསལ་ལྟར་ན། 2021ལོའི་ཟླ་བཅུ་གཉིས་པོའི་ཚེས13ཉིན་ནས2022ལོའི་ཟླ་གསུམ་པོའི་ཚེས28ཉིན་བར། དར་རྩེ་མདོ་གྲོང་ཁྱེར་མི་རྒོད་མཚོ་མཛེས་ལྗོངས་ཁུལ་གྱིས་མི་སྒེར་གྱི་སྤ་སེའི་རིན་གོང་ཕྱེད་ཀ་གཅོག་རྒྱུ་དང་། ཚོགས་པའི་སྤ་སེ་ཕྱེད་ཀ་གཅོག་རྒྱུའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་ལ། དར་རྩེ་མདོ་མི་ཉག་གནས་མཆོག་མཛེས་ལྗོངས་ཁུལ་གྱིས་ཀྱང་མི་སྒེར་གྱི་སྤ་སེ་རིན་གོང་ཕྱེད་ཀ་གཅོག་རྒྱུ་དང་ཚོགས་པའི་སྤ་སེ་ལ་རིན་མི་དགོས་པ། ལྟ་སྐོར་རླངས་འཁོར་བསྡད་ན་སྤ་སེའི་རིན་གོང་མི་རེར་སྒོར60ཡི་གཟིགས་སྐྱོང་སྲིད་ཇུས་འདོན་རྒྱུ་རེད། གཞན་ཡང་། དར་རྩེ་མདོའི་མངའ་ཁོངས་ཀྱིA3རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཚང་མར་རིན་མི་དགོས་པར་ལྟ་སྐོར་བྱས་ཆོག་པ་དང་། མགྲོན་ཁང་ཐད་ནས་དར་རྩེ་མདོ་གྲོང་ཁུལ་གྱི་མགྲོན་ཁང་ཚང་མས6.5གཅོག་རྒྱུའི་གཟིགས་སྐྱོང་བྱེད་ཐབས་ལག་བསྟར་བྱ་རྒྱུ་རེད།
དར་རྩེ་མདོ་གྲོང་ཁྱེར་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་ལྟར་ན། དར་རྩེ་མདོ་གྲོང་ཁྱེར་གྱིས་གཟིགས་སྐྱོང་སྲིད་ཇུས་མང་པོ་བཏོན་ནས་རྒྱ་ཆེའི་ཡུལ་སྐོར་བར་དྲིན་ལན་འཇལ་ཞོར་དང་། དར་རྩེ་མདོ་ས་ཁུལ་དབུལ་ཐར་བྱུང་རྗེས་ཀྱི་འཕོ་འགྱུར་ཆེན་པོ་མངོན་པར་བྱ་ཆེད། 2022ལོའི་ཟླ་གཉིས་པོའི་ཚེས9ཉིན་ནས་ཚེས10ཉིན་བར། 2022ལོའི་ཁམས་པའི་བརྙན་འཕྲིན་ལས་ཁུངས་ཀྱི་བོད་ཆུ་མོ་སྟག་ལོའི་ཕབ་སྐྲུན་བྱ་འགུལ་སྤེལ་ནས། དར་རྩེ་མདོའི་བུ་ཕྲུག་གི་ཉམས་འགྱུར་མངོན་ཏེ། “རྒྱང་རིང་གི་མགྲོན་པོ་སླེབས་ཤིང་མང་ཚོགས་དགའ་བའི”གངས་འཁྱགས་དར་མདོ་གཏོད་རྒྱུ་ཡིན་ཞེས་བསྟན།
དར་རྩེ་མདོ་གྲོང་ཁྱེར་དུ་རྒྱལ་ཁབ་ཀྱིA4རིམ་པའི་མཛེས་ལྗོངས་ཁུལ་མི་རྒོད་མཚོ་དང་། མི་ཉག་གནས་མཆོག གངས་དཀར་རི་བོ། ཡར་ལྷ་གངས་རི་བཅས་ཡོད་པ་མ་ཟད། འཛམ་གླིང་གི་ཆེས་ཆེ་བའི་ཀལ་འགྱུར་རྦབ་ཆུ་ཆོན་ཧྭ་ཐན་དང་། “རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་ཆུ་ཚན་བཅུ”ཡི་གྲས་སུ་ཡོད་པའི་ཟམ་ལམ་གཉིས་ཆུ་ཚན་བཅས་སུ་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་རིག་གནས་གཞི་གཅིག་ཏུ་འདུས་ཡོད། །