༄༅།།གཟི་མདངས་ལྡན་པའི་སྡེ་དགེ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་བརྙན་འཕྲིན་དྲ་བ། སྤེལ་དུས། 01-27


འཆི་མེད་མགོན་པོ།

དྭངས་གཙང་ཆབ་དང་ཆུ་བོ་ལྷུང་ལྷུང་བཞུར།། 

མཐོ་བརྗིད་རི་ཕྲེང་མཆོད་པ་བཤམས་འདྲ་ཡོད།།

སྡེ་བཞི་དགེ་བཅུ་འཛོམས་པའི་རི་ཆུ་འདི།།

བདེ་ལྡན་སྐབས་གསུམ་གནས་ལ་ཅོ་འདྲིའོ།།


བཟོ་བོའི་ཕྱག་རྩལ་ལས་འཁྲུངས་རྐོས་པར་མཛེས།།

དགོས་དོན་འཆད་ཉན་ཆུ་བོའི་རྒྱུན་བཞིན་བསྐྱངས།།

ཉིང་དགོས་ལུང་རྟོགས་རྒྱལ་མཚན་དགུང་དུ་བསྒྲེངས།།

པར་ཁང་ཆོས་མཛོད་སྲིད་པའི་སྒྲོན་མེར་གྱུར།།


ཐོས་བསམ་ནོར་བུའི་བང་མཛོད་འདི་ན་མང་།།

འཁྲུལ་མེད་སྡེབ་སྦྱོར་སྨན་རྩལ་འདི་ན་དར།།

བརྐོས་བཅའ་མགར་བླུགས་བཟོ་རིགས་བཅོ་བརྒྱད་པོ།།

འདི་ན་འཛོམས་ཞེས་གྲགས་པ་དོན་དང་ལྡན།།


འཛམ་གླིང་མི་ཡི་ཉི་མ་གེ་སར་རྗེ།།

མི་ཕམ་མ་ཧ་མཁས་ཆེན་རྣམ་རྒྱལ་དང་།།

ལུགས་གཉིས་འཁོར་བསྒྱུར་སྡེ་དགེ་རྒྱལ་བོ་སོགས།།

སྐྱེས་མཆོག་འཇིག་རྟེན་རྒྱན་ཚོའི་འཁྲུངས་ས་ལགས།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1