རྔ་བ་ཁུལ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་སྤེལ་བའི་ཕྱོགས་བསྡུས་གནས་ཚུལ་རགས་བཀོད།
ལྕགས་ཟམ་རྫོང་གི་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུས།
“འདས་པའི་འབད་འབུངས་ལམ་བུར་ཕྱིར་བལྟས་པ་དང་མ་འོངས་པའི་འབད་འཐབ་ཀྱི་ལམ་བུར་རྒྱང་ལྟ་བྱས་ཚེ། ང་ཚོས་ངེས་པར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཕྱོགས་བསྡོམས་ཡག་པོ་བྱས་ནས་གྲུབ་འབྲས་ཐོབ་པའི་ཉམས་མྱོང་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏང་དགོས།”
2021ལོའི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བ་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཡུལ་གྱི་ལོ་རྒྱུས་འབྲེལ་མཚམས་སུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་འཐབ་ཇུས་གལ་ཆེན་བཏོན་ནས་ལོ་རྒྱུས་སྦྱངས་ན་གནས་ལུགས་རྟོགས། ལོ་རྒྱུས་སྦྱངས་ན་ཡིད་ཆེས་འཕེལ། ལོ་རྒྱུས་སྦྱངས་ན་སྤྱོད་ཚུལ་ལ་བཀུར། ལོ་རྒྱུས་སྦྱངས་ན་ལག་ལེན་འཇོན་བའི་ཚ་རླབས་ཤིག་འཕྱུར་ཡོད་པ་རེད།
ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་ནས་བཟུང་། རང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། སྒྲིག་འཛུགས་ཞིབ་ཚགས་དང་གཅིག་གྱུར་སྐུལ་སྤེལ་བྱས་ཏེ་རྒྱུན་མཐུད་དུ་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་དང་བྱེད་སྒོའི་མ་ལག་གསར་དུ་བཏོད། ཐོག་མའི་བསམ་འདུན་གྱི་འགན་འཁྲི་ཁུར་བ་དང་། འོས་འགན་དང་འགན་ཁུར་ཕྲག་ཏུ་བཞེས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་དེ་རྒྱུད་མཐུན་དུ་རྒྱ་སྐྱེད་གཏོང་བ་དང་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་བ་དང་།ཚད་གཞི་མཐོ་བ་དང་སྤུས་ཚད་མཐོན་པོའི་སྒོ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་པ་དང་དོན་དངོས་དང་མཐུན་པ།ཕན་འབྲས་ཐོན་པ་བཅས་ལ་སྐུལ་འདེད་བཏང་བ་རེད།
ལོ་ངོ་བརྒྱའི་ཏང་གི་ལོ་རྒྱུས་སུ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་ལོ་ངོ་སྟོང་གི་བྱ་གཞག་རླབས་ཆེན་བསྐྲུན་ནས་ལམ་བུ་གསར་པ་བཏོད། རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་སློབ་གསོའི་ཁྲོད་དུ་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ནས། ལོ་རྒྱུས་ཀྱི་རང་རྟོགས་དང་ལོ་རྒྱུས་ཀྱི་གདེང་ཚོད་རྒྱུན་ཆད་མེད་པར་ཆེ་རུ་བཏང་། ཕུགས་བསམ་དང་དད་སེམས་སྔར་ལས་ཇེ་བརྟན་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི། གསར་གཏོད་ནུས་པ་དང་གོང་བུ་འགྲིལ་ཤུགས། དམག་འཐབ་ནུས་པ་བཅས་ཆེས་ཆེར་གོང་འཕེལ་བྱུང་ནས་ཁམས་པའི་ས་གཞི་ཆེན་མོར་སྙིང་སྟོབས་ཆེར་སྐྱེད་དང་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་བརྗིད་ཆེའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འདུས་ཡོད་པ་རེད།
དར་མདོ་གྲོང་ཁྱེར་མཐིལ་དབུས་གྲོང་ཚོའི་ཏང་ཡོན་གྱིས་ཏང་ཞུགས་དམ་བཅའ་བསྐྱར་དྲན་བྱས་པ།
ཀ། མཐོ་གནས་ཀྱིས་འཆར་འགོད་བྱས་ཏེ་སློབ་སྦྱོང་བྱས་མཐར་རྟོགས་པ་ཟབ་མོ་ཆགས་པར་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་བྱེད་སྒོ་ལ་གསོན་ཤུགས་བསྣན།
རྒྱལ་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་འཚོགས་རྗེས་ཁུལ་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐུལ་སློང་ཚོགས་ཆེན་མཇུག་བསྒྲིལ་རྗེས། དེ་མ་ཐག་ཏུ་ཁུལ་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་ཆེད་དོན་བཀོད་སྒྲིག་བྱས་པ་རེད། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ཡོན་ཡོངས་ལ་ཕྱོགས་ཏེ《དཀར་མཛེས་ཁུལ་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ལག་བསྟར་ཇུས་གཞི》དང《“ལོ་རྒྱུས་ལྔ་དང་འཕེལ་རྒྱས་ལྔའི”དྲིལ་བསྒྲགས་སློབ་གསོའི་ཇུས་གཞི》《ཏང་གི་ལོ་རྒྱུས་སློབ་སྦྱོང་དང་དོན་དངོས་སྒྲུབ་པའི་བྱ་སྤྱོད་ཀྱི་ཇུས་གཞི》སོགས་ལས་ཀའི་ཇུས་གཞི20ལྷག་ཙམ་དཔར་འགྲེམས་བྱས་ནས་རིམ་པ་བཞིན1+11+Nཡི་ལས་ཀའི་མ་ལག་བཙུགས་ཏེ་སློབ་སྦྱོང་དང་སློབ་གསོ།ལྟེ་གནས་ལས་དོན་མཉམ་འཛིན་དང་མཉམ་དུ་སྐུལ་འདེད་གཏོང་བར་འགན་ལེན་བྱས་པ་རེད།
ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཡག་པོ་སྤེལ་བའི་འགག་རྩ་ནི་འགོ་ཁྲིད་ཀྱིས་སྣེ་ཁྲིད་པར་རག་ལས། ཁུལ་ཨུས་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་མགྱོགས་མྱུར་དུ་ཁུལ་ཨུའི་འགོ་ཁྲིད་གཙོ་བོས་ཙུའུ་ཀྲང་བྱས་པའི་འགོ་ཁྲིད་ཚོ་ཆུང་མགྱོགས་མྱུར་དུ་བཙུགས་ཏེ། ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་བྱས་པ་རེད། རྫོང(གྲོང་ཁྱེར)18དང་སྡེ་ཚན(ལས་ཁུངས)139ཡིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་ལས་ཀའི་ཆེད་ལས་འཛིན་གྲྭ་བཙུགས་པ་དང་ལས་འགན་དང་བྱ་ཐབས་ཞིབ་ཕྲ་བཟོས། ཕྱོགས་ཡོངས་ནས་སྒྲིག་འཛུགས་དང་སྐུལ་འདེད་བཏང་བ་བཅས་བྱས་ནས་རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་དང་རིམ་པ་ཚང་མས་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། འགོ་ཁྲིད་ཚོགས་ཆུང་གི་ལས་ཀའི་སྒྲིག་སྲོལ་དང་གཞུང་ལས་ཁང་གི་ལས་ཀའི་སྒྲིག་སྲོལ། སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གི་འགན་འཁྲི་སོགས་བཙུགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ་ལས་ཀའི་མཉམ་ཤུགས་ཆགས་པར་བྱས།
ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་གཏོང་རྒྱུ་དེ་ཐོག་མའི་བསམ་འདུན་དང་འོས་འགན་ལ་སྐུལ་མ་གཏོང་བའི“རྡར་རྡོ”དང་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བའི“སློབ་ཁང་ཆེན་པོ”། ལས་བྱེད་པའི་དཔུང་སྡེའི་འབད་འཐབ་སྤྲོ་སེམས་འཕེལ་བར་བྱེད་པའི“སྒུལ་ཤུགས་འབྱུང་ཁུངས”བཅས་ལ་བརྩིས་ནས་ཁུལ་ཡོངས་ཀྱི་གོང་འོག་ཚང་མར་ཏང་གི་ལོ་རྒྱུས་སྦྱོང་བ་དང་བསམ་བློ་རྟོགས་པ།དོན་དངོས་སྒྲུབ་པ་དང་ལས་དོན་གསར་བ་སྒྲུབ་པ་བཅས་ཀྱི་ཚ་རླབས་ཤིག་འཕྱུར་ཡོད་པ་རེད།
འབའ་ཐང་རྫོང་གི་ན་གཞོན་ལས་བྱེད་པ་བསྐྱར་དུ་རྒྱང་བསྐྱོད་ལམ་བུར་བགྲོད་པ།
ཁ། རྣམ་པ་གསར་པ་དང་ཐོན་ཁུངས་ཡག་པོ་སྤྱད་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་གསོན་ཤུགས་རྒྱས་པར་བྱས།
ཁུལ་ཨུས་ཁུལ་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་སྣེ་ཁྲིད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་གཙིགས་སུ་འཛིན་པ་དང་། བསམ་བློའི་གོ་རྟོགས་སད་པའི་སྟོབས་ཤུགས་དེ་ལས་འགན་ཨང་དང་པོར་བཞག་ནས། “སྲུང་སྐྱོང་གཉིས”དང་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཟུང་འབྲེལ་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱ་རྒྱུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་ཟུང་འབྲེལ་བྱས་པ། ལོ་བརྒྱའི་ཏང་གི་ལོ་རྒྱུས་དང་ལས་ཀའི་དོན་དངོས་ཟུང་འབྲེལ་བྱས་ཏེ་སྤུས་ཚད་མཐོན་པོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་འགན་ཁག་ལེགས་འགྲུབ་བྱུང་་བ་རེད།
དགུན་ཁའི་ཉིན་ཞིག་གི་ཉི་འོད་ཁྲོད་དུ། དར་མདོ་གྲོང་ཁྱེར་སྐྱིད་ཐང་གྲོང་རྡལ་གདོང་ལེན་རུ་ཁག་གསུམ་པའི་ར་སྐོར་ཞིག་གི་ནང་དུ་ཐལ་མོའི་རྡེབ་སྒྲས་ཁེངས་འདུག། “ཡུལ་མི་སྤུན་ཟླ་རྣམ་པ་ངའི་སྐད་ཆར་ཉོན་དང་། ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བ་ཡིན་ལ་ལོ་ངོ་བརྒྱ་ཐམ་པའི་དུས་ཡུན་ཐུང་ངུ་ཞིག་མ་རེད་ཡ། ཀྱག་ཀྱོག་གི་ལམ་བུ་བརྒྱུད་ནས་ཐོག་མའི་བསམ་འདུན་མ་བརྗེད་པ་རེད”ཅེས་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་བ་དབྱི་ཧུང་ལགས་གྲོང་སྡེའི་ཏང་ཡོན་དང་མང་ཚོགས་ཚོ་དང་མཉམ་དུ་བསྡད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཚོར་རྟོགས་བརྒྱུད་བསྒྲགས་བྱེད་ཀྱིན་འདུག།
འདི་འདྲའི་རྣམ་པ་ནི་རང་ཁུལ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་ཡིན་ཅིང་། དཔེ་སྟོན་སྣེ་ཁྲིད་དང་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་བྱེད་པ། དུས་རབས་ཀྱི་སྙིང་བཅུད་གསར་པ་སྣོན་པ་བཅས་མཐའ་འཁྱོངས་བྱས། རང་ཁུལ་གྱིས་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་གཞི་རྟེན་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ“གཏན་འབེབས་བྱ་སྤྱོད”ཏན་ཏིག་དང་།“རང་འདེམས་བྱ་སྤྱོད”གསལ་སྟོན། རྣམ་པ་མང་པོའི་སྒོ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་གཞི་རིམ་དུ་སྐྱོད་པ། མི་སེམས་ལ་ཟུག་པར་སྐུལ་འདེད་བཏང་སྟེ་ཁྱོན་ཡོངས་ལ་ཁྱབ་པ་དང་གནད་དུ་སྨིན་པ། ནུས་པ་ལྡན་པ་བཅས་མངོན་འགྱུར་བྱས།
ག། བྱ་བ་སྒྲུབ་པ་གཙིགས་སུ་བཟུང་ཏེ་དོན་དངོས་ཡག་པོར་བསྒྲུབས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དོན་འཁྱོལ་ཡོང་བ་བྱས།
ལོ་བརྒྱའི་ཏང་གི་ལོ་རྒྱུས་ནི་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་བརྩོན་ལེན་བྱེད་པའི་འབད་འཐབ་ཀྱི་ལོ་རྒྱུས་ཤིག་རེད། གཞི་རིམ་གྱི་དཀའ་ངལ་ཆེ་བའི་དོན་ཆེན་དང་མང་ཚོགས་ཀྱི་སེམས་ཀྱི་སྡུག་བསྔལ་དེ་དག་ཤུགས་ཆེན་པོས་ཐག་གཅོད་བྱས་ན། ད་གཟོད་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་ཀྱིས་འཕེལ་རྒྱས་ཀྱི་དགོས་མཁོ་དང་གཞི་རིམ་གྱི་རེ་འདུན།དམངས་སེམས་གཏད་ཕྱོགས་བཅས་ལ་སྔར་ལས་ལེགས་པའི་ཞབས་འདེགས་ཞུ་ཐུབ།
2021ལོའི་སྤྱི་ཟླ6པར། ལི་ཐང་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱིས་སྨན་དོན་མི་སྣ170སྒྲིག་འཛུགས་བྱས་ནས་རི་ཁུག་ཏུ་བསྐྱོད་དེ་དབྱར་རྩྭ་དགུན་འབུ་བརྐོ་ཡུལ་དང་དེ་བཞིན་ཐག་རིང་ལུང་ཁུག་གི་ཞིང་འབྲོག་མང་ཚོགས8000ལྷག་ཙམ་ལ་ཏོག་གསར་རིམས་འགོག་སྨན་ཁབ་བརྒྱབ། གསེར་ཐར་རྫོང་དམངས་སྲིད་ཅུས་ཀྱིས་དུས་མཚམས་དབྱེ་བགོ་དང་གོ་རིམ་དབྱེ་བགོ། ས་ཁོངས་དབྱེ་བགོ་བཅས་ཀྱི་བྱེད་སྟངས་སྤྱད་ནས་བརྡར་ཚང་དང་སྙི་སྟོད་སོགས་ཐག་རིང་ལུང་ཁུག་གི་ཡུལ་ཤོག་དང་གྲོང་རྡལ་དུ་བསྐྱོད་དེ། གྲོང་དུད་གཞི་རིམ་དུ་བསྐྱོད་ནས་གཉེན་སྒྲིག་ཐོ་འགོད་ཀྱི་བྱེད་སྒོ་སྤེལ་ཏེ་ཐག་རིང་བའི་འབྲོག་པའི་ས་ཁུལ་གྱི་གཉེན་སྒྲིག་ཐོ་འགོད་བྱེད་སྟངས་འཚོལ་ཞིབ་བྱས་པ་རེད།
ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་མགོ་ཚུགས་པ་ནས་བཟུང་། འདི་ལྟ་བུའི་འགྱུར་ལྡོག་དེ་ཁམས་ཀྱི་ས་གཞི་ཆེན་མོར་རིག་རྒྱུ་མང་པོ་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་དེ་ཉམས་མྱོང་ཕྱོགས་བསྡོམས་དང་དོན་དངོས་ལ་བརྟག་དཔྱད། ལས་དོན་སྐུལ་འདེད་གཏོང་བ་བཅས་དང་ཟུང་འབྲེལ་བྱེད་པ་དང་། སློབ་སྦྱོང་དང་བསམ་བློ། ལག་ལེན་བཅས་དང“ངས་མང་ཚོགས་ཀྱི་དོན་དུ་དངོས་དོན་སྒྲུབ་པ”དང་ཟུང་དུ་འབྲེལ་ནས་མང་ཚོགས་རྒྱུད་ཀྱི“དཀའ་ཉེན་དང་རེ་སྒུག”གི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བ་རེད།
འདས་པའི་འབད་འབུངས་ལམ་བུར་ཕྱིར་བལྟས་དང་མ་འོངས་པའི་འབད་འཐབ་ཀྱི་ལམ་བུར་རྒྱང་ལྟ་བྱས་ཚེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཐོག་མཐའ་བར་གསུམ་དུ་སྤེལ་བཞིན་ཡོད། རང་ཁུལ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད་པ་དང་། མུ་མཐུད་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་དེས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས་མགྱོགས་མྱུར་ངང་དེང་རབས་ཅན་གྱི་དཀར་མཛེས་གསར་པ་འཛུགས་སྐྲུན་བྱས་ནས་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་བྱེད་བཞིན་ཡོད།།