2013ལོའི་ཟླ་2པར། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་ཁང་གི་གཙོ་སྐྱོང་དང་སྒྲུབ་འགན་འཁུར་བའི་བོད་རང་སྐྱོང་ལྗོངས་རིག་གནས་ལས་གྲྭ་ཆེ་གྲས《གེ་སར་སྒྲུང་》བོད་རྒྱ་ཡིག་སྒྱུར་རྣམ་གྲངས་དེ་བོད་ལྗོངས་སུ་འགོ་བརྩམས་ཤིང་། སྤྱིའི་མ་དངུལ་སྒོར་ཁྲི་766.5བཏང་ཡོད། རིགས་གཅིག་མཁས་ཅན་ཚོས་ལོ་བརྒྱད་ལྷག་ཙམ་རིང་། རྒྱལ་ཁབ་ཀྱི་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དང་བོད་ཀྱི་གླིང་སྒྲུང་གི་སྒྱུ་རྩལ་པ་གྲགས་ཅན་བསམ་གྲུབ་ཀྱི་སྒྲུང་བདམས་ནས་ཡིག་སྒྱུར་བྱས་པ་དང་། དེབ་33ལེགས་སྒྲུབ་བྱས་པ་མ་ཟད། དཔེ་སྐྲུན་འགྲེམས་སྤེལ་ཡང་བྱས་ཡོད་པས། དེའི་ཐོག་ནས་《གེ་སར་སྒྲུང་》འདི་ཉིད་མྱུར་སྐྱོབ་དང་། ལེགས་སྒྲིག རྒྱ་ཡིག་ཡིག་སྒྱུར་བཅས་བྱེད་པའི་ཐད་བོད་ལྗོངས་ནི་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་མཚོན་ཡོད།