གནམ་མཚོའི་བྱང་ངོགས་དང་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དུ་གནས་པའི་ཆུ་རྡོ་བྲག་ཕུག་གི་བྲག་རིས་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཞིག་རེད། གནམ་མཚོའི་མཐའ་འཁོར་གྱི་ཚན་ཞིབ་རུ་མིས་དེ་གར་སྤུས་ལེགས་ཀྱི་བྲག་རིས་400ལྷག་ཙམ་ལ་བརྟག་དཔྱད་ཟིན་བཀོད་བྱས་ཤིང་དེའི་ཁྲོད་མི་ཉུང་བ་ཞིག་ནི་ས་མཐོའི་རྔོན་རྒྱག་བྲག་རིས་ཀྱི་བརྩམ་བྱ་སྤུས་ལེགས་ཤིག་རེད།
སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་ཁྲེན་ཆིང་གིས། ད་ཆ་ང་ཚོ་གནམ་མཚོའི་བྱང་ངོགས་སུ་སླེབས་ཡོད། འདི་གར་ནི་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་ཡིན། ང་ཚོ་གནས་སའི་ས་ཁོངས་འདི་གནམ་མཚོའི་གྲགས་ཅན་མཛེས་ལྗོངས་ཁུལ་དུ་ཡིན་ཞིང་། གནམ་མཚོའི་གླང་རི་ཞེས་འབོད་པ་དང་། མཚོ་འཕགས་སྨི་4860ཡོད། དེ་རིང་གནམ་མཚོའི་མཐའ་འཁོར་གྱི་ཚན་ཞིབ་པས་གནམ་མཚོའི་གླང་རིའི་མཚོ་འགྲམ་དུ་བརྟག་དཔྱད་བྱ་རྒྱུ་རེད།
གནམ་མཚོའི་གླང་རི་ནས་རླངས་འཁོར་བསྡད་དེ་དུས་ཡུན་ཆུ་ཚོད་གཅིག་ཙམ་བསྐྱོད་ཚེ་ང་ཚོ་གནམ་མཚོའི་བྱང་ངོགས་ཀྱི་གྲགས་ཅན་ཆུ་རྡོ་བྲག་ཕུག་གི་བྲག་རིས་སུ་སླེབས་པ་དང་། སྤྱི་ལོ་2013ལོར། ཁག་བདུན་པའི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་ཁོངས་སུ་ཚུད་པ་དང་། དེ་ནི་བོད་ལྗོངས་ཀྱི་བྲག་རིས་ཁོངས་ཀྱི་རྒྱལ་ཁབ་སྲུང་སྐྱོབ་ཚན་པ་ཉག་ཅིག་དེ་རེད།
སྤྱི་ཟླ་8པར། གནམ་མཚོའི་བྱང་ངོགས་སུ་ས་མཐོའི་སྐྱེ་དངོས་ལོ་འདབ་རབ་ཏུ་རྒྱས་པའི་དུས་ཡིན་ཞིང་། བྲག་རིས་བཞི་པོ་ཁག་མཚོ་འགྲམ་ངོགས་སུ་ཆགས་པས་ཚན་ཞིབ་རུ་མིས་འཛེགས་ནས་འགྲོ་དགོས་ཀྱི་ཡོད། བྲག་ཕུག་དང་པོའི་ནང་འཛུལ་ཚེ། བྲག་ངོས་ཀྱི་བྲག་རིས་ངོ་མཚར་ཆེ་བ་དང་། འབྲི་གཡག་དང་། ཤྭ་བ། བྱ་རྒོད། རྟ། རྔོན་པ་སོགས་ཀྱི་རི་མོ་302ཡོད། བརྗོད་གཞི་གཙོ་བོ་ནི་རྔོན་རྒྱག་དང་སྲོག་ཆགས་ཀྱི་རི་མོ་ཡིན། མདའ་ཕོག་པའི་གཡག་དང་ཤྭ་ཕོ། ད་དུང་རྟ་སྟེང་ནས་མདའ་འཕེན་བཞིན་པའི་རྔོན་པ་ཡོད་པས་བྲག་བརྐོས་རི་མོ་ཤིན་ཏུ་གསོན་ཉམས་དོད།
ཀྲུང་གོའི་བྲག་རིས་སློབ་ཚོགས་པའི་ཚོགས་གཙོ་གཞོན་པ། སི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ལི་ཡུང་ཤན་གྱིས། དེའི་མཚོན་དོན་ནི་རྔོན་རྒྱག་རེད། དེ་ནི་མི་དང་སྲོག་ཆགས་བར་གྱི་མཉམ་འགུལ་རེད། སྲོག་ཆགས་ཀྱི་བྲག་རིས་ཤིན་ཏུ་གསོན་ཉམས་དོད་ཅིང་། རི་མོའི་ཆུ་ཚད་ཐད་ནས་བརྗོད་ན་བོད་ལྗོངས་ཀྱི་བྱུག་ཚོན་བྲག་རིས་ཁྲོད་ཡག་ཤོས་རེད།
བོད་ལྗོངས་ཀྱི་བྲག་རིས་དེ་དུས་སྔ་མའི་རྡོ་བརྐོས་བྲག་རིས་དང་དུས་ཕྱི་མའི་བྱུག་ཚོན་བྲག་རིས་གཉིས་སུ་དབྱེ་ཞིང་། ཞིབ་ལྟ་བྱས་ཚེ་འབྲི་གཡག་གི་ཚོན་ཁྲའི་རི་མོ་དེ་དག་ལས་ཁག་གཅིག་ནི་བྲེག་དབྱིབས་རྣམ་པ་དང་ཁག་གཅིག་ནི་ཐིག་རིས་རྣམ་པ་ཡིན་ཞིང་། འབྲི་གཡག་ཁག་གཅིག་གི་ལུས་སྟེང་དུ་སྤུ་རིང་པོ་བྲིས་ཡོད་པས་ཐུན་མིན་ཁྱད་ཆོས་ལྡན་ཡོད།
ལི་ཡུང་ཤན་གྱིས། དཔལ་མགོན་རྫོང་དང་འདམ་གཞུང་རྫོང་ཁོངས་སུ་བྲག་ཕུག་གི་བྲག་རིས་འབོར་ཆེན་ཡོད་ཅིང་། བྲག་རིས་དེ་དག་ཚོན་ཁྲ་ཅན་ཡིན་པ་མ་ཟད། ཐིག་རིས་དེ་བྲེག་དབྱིབས་རྣམ་པ་ལས་མང་བ་ཡོད། དེར་རྒྱུ་མཚན་ཁག་གཉིས་ཡོད་དེ། གཅིག་ནི་དུས་སྐབས་མི་འདྲ་བ་དང་དུས་ཚོད་མི་འདྲ་བས་ཉམས་འགྱུར་ཡང་འདྲ་གི་མེད། གཉིས་ནི་གསར་རྩོམ་མཁན་འདྲ་གི་མེད་དེ་བྱུག་ཚོན་བྲག་རིས་འདི་དག་ནི་གནམ་མཚོའི་མཐའ་འཁོར་གྱི་བྲག་ཕུག་ནང་འཚོ་སྡོད་བྱེད་མཁན་གྲོང་མི་ཁག་གཅིག་ཡིན་བཟོ་ཆེན་པོ་ཡོད།
འབྲི་གཡག་དང་ཤྭ་བ། བྱ་རྒོད་ནི་ཆུ་རྡོ་བྲག་རིས་ཁྲོད་ཐོན་མང་ཤོས་ཀྱི་སྲོག་ཆགས་ཀྱི་རིགས་ཤིག་རེད།
ཀྲུང་གོ་བྲག་རིས་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ནུབ་བྱང་སློབ་ཆེན་རིག་གནས་ཤུལ་བཞག་སློབ་གླིང་གི་དམིགས་བསལ་གདན་ཞུས་དགེ་རྒན་ཆེ་མོ་བ་ཀྲང་ཅན་ལིན་གྱིས། འདི་གར་འབྲི་གཡག་དང་། ཤྭ་བ། བྱ་རྒོད་བཅས་མང་པོ་མཐོང་རྒྱུ་ཡོད། དེ་ནི་བོད་བྱང་ཐང་གི་བྲག་རིས་ནང་ཐོན་མང་བ་མ་ཟད། ཁྱབ་རྒྱ་ཤིན་ཏུ་ཆེ་བ་དང་། གནའ་བོའི་དད་མོས་ནང་དེས་གནས་བབ་གལ་ཆེན་བཟུང་ཡོད།
བྲག་རིས་ནི་གནའ་མིས་གང་བསམ་པ་དེ་བྲག་ངོས་དང་བྲག་ཕུག་གམ་ཡང་ན་ས་སྟོང་གི་བྲག་རྡོའི་སྟེང་འཁོད་པའི་རི་མོ་ཡིན་ཞིང་། བྲག་རིས་དང་པོའི་སྟེང་བྱ་རྒོད་ཀྱི་རི་མོ་ཕུན་སུམ་ཚོགས་པ་དང་མངོན་ཆེན་པོ་དེ་ཙམ་མེད་པས་རིགས་གཅིག་མཁས་པས་དོ་སྣང་བྱེད་བཞིན་ཡོད།
ཀྲུང་གོའི་བྲག་རིས་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སི་ཁྲོན་སློབ་ཆེན་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ། ལི་ཡུང་ཤན་གྱིས། ཐོན་མང་ཤོས་ནི་བྱ་རྒོད་ཀྱི་གཟུགས་བརྙན་རེད། འོན་ཀྱང་བྱ་རྒོད་དེ་འདབ་ཆགས་ཀྱི་རྣམ་པ་ཁོ་ན་ཙམ་མིན་པར་དེར་མིའི་གཟུགས་གང་ཙམ་ཞིག་མཐོང་རྒྱུ་ཡོད་ཅིང་ཚད་མཐོའི་མཚོན་རྟགས་ཅན་ལ་གྱུར་ཡོད། མངོན་ཆེན་པོ་མེད་སར་ལོགས་སུ་བྱ་རྒོད་ཅིག་བྲིས་ཡོད་པས་དེས་དད་གུས་ཀྱི་ནུས་པ་ཐོན་ལ་བླ་སྲོག་གི་དོན་སྙིང་ཡང་ལྡན་ཡོད།
ཆུ་རྡོ་རིའི་བྲག་རིས་ནི་དཔེ་མཚོན་རང་བཞིན་གྱི་བོད་བྱང་ཐང་གི་བྲག་ཕུག་གི་ཚོན་ཁྲའི་རི་མོ་ཞིག་ཡིན་ཞིང་། ཚོས་གཞི་དམར་པོས་གཙོ་བོ་བྱས་པ་དང་ནག་པོས་གཞི་གདན་བྱས་པ་ཞིག་ཡིན་པས་དུས་སྐབས་མི་གཅིག་པའི་རི་མོའི་ཉམས་འགྱུར་མངོན་ཡོད། རིགས་གཅིག་མཁས་པས་དེའི་ལོ་རབས་སྔ་ཤོས་ནི་སྤྱི་ལོའི་དུས་རབས་བདུན་པའི་གོང་ཡིན་ཤས་ཆེ་ཞེས་བརྗོད།
ཀྲང་ཅན་ལིན་གྱིས། ཚོས་གཞི་ཁག་གཅིག་ཁ་སྣུམ་པོ་དེ་ཙམ་མེད་པ་དང་། ཁག་གཅིག་གཤམ་འོག་གི་རི་མོའི་སྟེང་སྡེབ་གནོན་བྱས་ཡོད། ལོ་ངོ་སྟོང་ཕྲག་དང་ཐ་ན་ལོ་ངོ་ཉིས་སྟོང་ཚུན་དུ་རྩ་ཤིན་ཏུ་ཆེ་བའི་ས་ཆར་བརྩིས་ནས་ཟམ་མི་ཆད་པར་དེའི་སྟེང་སྡེབ་གནོན་བྱས་ཡོད།
བོད་ལྗོངས་སློབ་གྲྭ་ཆེན་མོའི་གནའ་བོའི་བོད་སྐད་ཡིག་རིག་པ་ཤ་བོ་མཁའ་བྱམས་དང་རུ་མིས་གནས་གཉིས་པར་གནའ་བོའི་བོད་ཡིག་བྲག་རིས་སྟེང་འཁོད་པའི་ཟིན་ཐོ་ཤེས་རྟོགས་བྱུང་བ་དང་། དེ་ནི་བོད་ཀྱི་བྲག་རིས་ཁྲོད་ཐོན་ཐེངས་དང་པོ་ཡིན་པ་རེད།
བོད་ལྗོངས་སློབ་གྲྭ་ཆེན་མོའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་འབུམ་རམས་པ། དགེ་རྒན་ཆེ་མོ་བ་གཞོན་པ། ཤ་བོ་མཁའ་བྱམས་ཀྱིས། ལོ་རྒྱུས་ཀྱི་ཡིག་ཚགས་ཡིན་ཤས་ཆེ། ཧྲ་སེར་གྱིས་ཁོང་ཚོ་ལྔ་པོའི་སྣེ་ཁྲིད་དེ་གསེར་སྲང་བརྒྱ་ཁྱེར་ནས་བོད་ལྗོངས་ཀྱི་དབུས་རྒྱུད་དུ་བསྐྱོད་པ་དང་། ཨ་ཕ་ལུ་སིས་ཟེར་བ་ཡང་མིའི་མིང་ཡིན་ཤས་ཆེ། མི་ལྔ་བཅུ་དང་བཅས་པས་གསེར་སྲང་སྟོང་ཁྱེར་ནས་བསྐྱོད་ཡོད།
ཤ་བོ་མཁའ་བྱམས་ཀྱིས། གནའ་བོའི་བོད་ཡིག་འདི་དག་གི་ལོ་རབས་དེ་སྤྱི་ལོའི་དུས་རབས་13པ་ནས་དུས་རབས་15བར་རེད།
ཤ་བོ་མཁའ་བྱམས་ཀྱིས། ང་ཚོས་མིག་སྔར་བསྡུ་རུབ་བྱས་པའི་ནང་རི་མོ་བདུན་ནས་བརྒྱད་བར་ཡོད། དེས་བྲག་ཕུག་དང་ཐ་ན་གླིང་ཕྲན་གྱི་སྔ་དུས་བེད་སྤྱོད་ཐད་ཁུངས་སྣེ་ཅུང་གལ་ཆེན་པོ་མཁོ་འདོན་བྱེད་ཐུབ།