༄༅། །སྒྲོལ་མའི་འདྲ་རིས་དང་འཛམ་གླིང་ས་ཁྲ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26

         རེ་འདོད་སྟོང་ཞིང་མངོན་སུམ་གྱི་འཚོ་གནས་ལ་གོམས་པའི་བུ་མོ་ཞིག་འདོད་སྲེད་ཀྱིས་རྟོག་པ་མེད་པའི་ཐབས་ཚུལ་ཁོ་ནར་ཡིད་རེ་བའི་རྩོམ་འབྲི་བ་ཞིག་གི་སྨྱུག་ཁར་ལྷུང་བ་ནི་ཧྥུ་ལོ་དབྱི་ཏེས་1སུའོ་ཧྥུ་ཁོ་ལེ་སིའི་<<ཨེ་ཏེ་ཕུའུ་སི་རྒྱལ་པོ>>2ཡིས་ཕ་བསད་དེ་མ་བག་མར་བླངས་པ་ནི་རེ་འདོད་ཚིམ་པར་བྱེད་པ་ཞིག་སྟེ། མི་རྣམས་བྱིས་པའི་དུས་ཀྱི་རེ་འདོད་ཚིམ་པར་བྱེད་པ་དེ་རེདཅེས་པ་བཞིན་མི་གཤིས་ཀྱི་ཐོལ་བརྒལ་ཟིན་པའི་བག་ཆགས་ཤིག་གིས་ཁྱོད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་གཞི་རྩའི་བདགགི་བདེ་ཚོར་ཉམས་སུ་མྱོང་བའི་རྩ་དོན་གཞིར་བཟུང་སྟེ་འཚོ་བའི་རང་ནུས་དང་འཆི་བའི་རང་ནུས་གཉིས་ཀྱི་རྒྱུ་མཚན་འདོན་པའི་མི་གཤིས་ཤིག་ལ་རང་ཉིད་ཀྱི་ཡོད་ཚད་བཙོ་སྦྱང་བྱེད་ཀྱིན་ཡོད།

         སྒྲུབ་ཚུལ་འདི་ཁྱོད་ཀྱི་བླང་དོར་ལ་རག་ལས་པའི་རང་རྟོགས་ཀྱི་ཤེས་པ་གང་ཞིག་ཀྱང་མིན་ནའང་རྣམ་ཀུན་ཁྱོད་ཀྱི་སྐྱེས་སྟོབས་ལ་ཧ་ཅང་གྲུང་ཤ་དོད་པའི་ཚེ་སྲོག་གི་རྒྱུན་དེ་དུས་གཏན་དུ་འཇགས་མི་སྲིད་པའི་སྟོབས་ཤུགས་ཤིག་དང་ངར་ཤུགས་ཤིག་གི་རྒྱུ་མཚན་དུ་གནས་པ་ཡིན་པས་ན་ཁྱོད་ཀྱིས་མིའི་གནས་ཚང་བསྔོགས་པའི་གསང་བའི་རིགས་དེ་ཡང་མཐར་གཏུགས་ན་རྟོག་འཆར་གྱི་གཤོག་ཟུང་བརྐྱངས་ཡུལ་རྒྱ་ཆེན་པོ་ཞིག་མིན་ནའང་ཉོན་ཡིད་ཀྱི་གཏིང་དུ་འཁྱིལ་བའི་བག་ཆགས་དེའི་ཆེད་དུ་མཛེས་སྣང་མུ་མེད་ཀྱི་མྱོང་སྣང་ཞིག་ལ་བརྩོན་ལེན་བྱེད་ཀྱིན་མཆིས།

         དང་པོ། སྟོང་བསམ་གྱི་རོལ་རྩེད།

གངས་སྐྱེས་མེ་ཏོག་གི་འཛུམ་མདངས་ཟླ་འོད་ཀྱིས་ཡུན་རིང་གཅུན་པའི་མཐའ་མར་རྨི་ལམ་གྱི་མཁའ་དབྱིངས་ན་ལྷོད་ཀྱིས་འཛུམ་པའི་སྐར་མའི་ཚོགས་ཀྱང་གོང་བུར་གྲུབ་པའི་འོད་ཐིག་རེ་རེའི་བྱམས་དུང་གི་བརྩེ་བར་འཐམ་པའི་སྒྱུ་འཕྲུལ་གྱི་བརྩེ་ར་དེའི་ཀློང་དུ་ལྷ་སྒྲུང་ཞིག་གི་རང་སྣང་ལས་མཛེས་སྡུག་གི་ས་གཞི་དེ་ལ་འཕྱོར་སྒེག་གི་རྒྱན་དུ་འཕྲོས་འདུག སྐབས་འདིར་སྐར་ཚོགས་ལ་ཅེར་བའི་བྱིས་པ་ཞིག་གི་རང་སྣང་དེ་ང་ཚོའི་མིག་ལམ་དུ་འཆར་ཡོང་ཞིང་། གློ་བུར་དུ་རྒྱས་པའི་གཙང་པོ་རྣམས་ཀྱི་རང་དབང་གི་མདུན་སྐྱོད་དེ་ཡང་ལྡབ་ཁྲི་ཕྲག་ལྷག་གིས་རྒྱུག་ཤེད་ཆེ་བའི་ཆུ་འཁོར་གྱི་གཟུགས་སུ་མཐོང་ཐུབ་པ་ཡིན་ན། སྒྲུང་རྩོམ་ནང་གི་དུས་ཚོད་དེ་ཤ་འོད་ཀྱི་འབབ་རྒྱུན་སྙེག་པའི་དུས་ཀྱི་ཆ་ཞེས་བརྗོད་རྒྱུ་ལས་དེ་ཉིད་གསལ་བཤད་ཡི་གེ་གང་རུང་ཞིག་གི་གྲངས་ཀས་མཚོན་ཐབས་མི་འདུག

ཡིན་ནའང་ད་ལྟ་ནི་སྤྱི་ལོ་ཉིས་སྟོང་གཉིས་ལོའི་ཧོར་ཟླ་བཅུ་བའི་ཚེས་ཉེར་དྲུག་གི་དགོང་མོའི་པེ་ཅིང་ཆུ་ཚོད་བརྒྱད་དང་སྐར་མ་ཞེ་ལྔ་ཡིན་པ་འདི་ཉེ་འཁོར་གྱི་གྲོགས་པོ་རྣམས་ལ་ཧ་ཅང་གསལ།

        སྡུག་བསྔལ་གྱི་ཁ་དོག་མཚོན་པའི་གཉེར་རིས་ཀྱི་རི་མོ་མང་པོ་ཞིག་སྐར་ཚོགས་ཀྱི་མཛེས་པའི་བསླུ་བྲིད་ཀྱིས་བཅིངས་པའི་བྱིས་པ་དེའི་དཔྲལ་ངོས་སུ་བབས་པས་བྱིས་པ་དེ་ཡང་དྲིན་ཆེན་དག་གི་ནུ་ཞོ་ཡིས་ཚིམས་པའི་བྱ་སྤྱོད་ལ་སྐྱུག་མེར་ལངས་པའི་བསམ་བློ་ཞིག་སྐྱེས་ཏེ་ར་བཟི་བ་མང་བའི་ཆང་ཁང་གི་སྒོ་ཁ་དེར་ཐོན། ཁོའི་སྒྱིད་ལུག་གི་གཏད་སོར་ཀློང་རྡོལ་གྱི་ནུས་པ་ཐོན་པའི་ཆང་རག་གི་དྲི་མ་རྒྱགས་ཚད་ཅིག་མྱངས་རྗེས་ཆང་ཁང་གི་ཅུང་སྨུག་ནག་པའི་གྲུ་ག་ཞིག་ཏུ་ཆང་འཐུང་འགོ་བརྩམས། ཁོས་ཆང་རག་ཤེལ་དམ་བཞི་ཙམ་བསྟུད་མར་བཏུངས་པས་ཧ་ཅང་སྐྱོ་བ་སངས་མདོག་གིས་ཞལ་ཁྲུས་ཁང་དུ་ཤེལ་ཀོ་བཙལ་བར་བསྐྱོད། ཡིན་ནའང་དངོས་ཡོད་ཀྱི་བབས་སུ་འཚོ་བའི་སྒྱུ་འཕྲུལ་གྱི་ར་བཟི་བ་ཁོ་ལ་མཚོན་ན་རང་གི་སྨྲ་བསམ་བརྗོད་འདས་ཀྱི་རྟོག་པའི་མཐར་ཐུག་གི་ཤེས་པ་དེ་ནམ་མཁའ་ལས་རྒྱ་ཆེ་ནའང་ཤའི་མིག་གིས་ཟིན་པའི་བྱིས་པ་ཞིག་གི་ཆགས་སྲེད་ལ་སུས་ཀྱང་དོ་སྣང་འབྱུང་ངེས་ཕྱིར། ཁོ་སྒོ་འགྲམ་དུ་ཐོན་སྐབས་ཤ་འབྱར་གྱི་དོར་ཐུང་ཞིག་ལས་ཅི་ཡང་གོན་མེད་པའི་བུ་མོ་ཞིག་གིས་ཁོའི་འགྲོ་ལམ་བཀག

ཝ་ཡེ། བྱིས་པ། མིའི་རིགས་ཀྱི་འདོད་མོས་ལས་རང་དབང་གི་བདེ་མྱོང་དེ་མཐའ་མེད་པ་ཞིག་ཡིན་པས་ཀྱང་གོ་རིམ་མེད་པའི་བློ་ཚུལ་ལས་འཇིག་རྟེན་གསར་བ་ཞིག་གསར་ཏུ་བཏོད་ཡོད་པ་ཡིན་ན། ངས་ཁྱོད་ཀྱི་ཆགས་ཉོན་གྱིས་ཟིན་པའི་སྡིག་སྒྲིབ་ལ་ཕྲག་དོག་ཆེན་པོའི་ཁྱོད་ཀྱི་ཚེ་ཐོ་དེའི་རྒྱབ་ངོས་སུ་མངལ་གྱི་གུར་ཁང་ལས་མི་ཡུལ་དུ་ཐོག་མར་བཏོན་པའི་དུས་སུ་ཆེས་ཐོག་མར་མཐོང་བའི་སྒྱུ་རྩལ་དེ་མ་ཡུམ་གྱི་མཚན་མ་ཡིན་ན་ཁྱོད་ཀྱི་འཇིག་རྟེན་ལ་བཞག་པའི་ཆེས་ཕྲའི་ངུ་སྐད་དེ་ཡང་འདོད་ཆགས་ཀྱིས་བཟི་བའི་ཆགས་ལྡན་པ་ཞིག་གི་སྨྲེ་སྔགས་ལ་བགྲང་འོས་པ་ཡིནཞེས་འགོད་རྒྱུ་དང་། ཁམས་འདིའི་སྐྱེ་འགྲོ་ཀུན་གྱི་ཆ་ཤས་ལས་སྐྱེས་པ་རྣམས་ཀྱི་ལུས་སྟེང་ལ་འཇིག་རྟེན་ཆོས་ཀྱིས་མ་གོས་པ་ཞེས་པའི་མཚན་གཞི་དེ་མེད་པར་རློམ་ཞིང་། འཇིག་རྟེན་འདིར་རང་ཉིད་ལ་ལུས་འབྲེལ་ཆེས་ཐོག་མར་འཛུགས་པ་པོ་ནི་རླབས་ཆེན་གྱི་མ་ཡུམ་ཡིན་ཞེས་ཀུན་ལ་སྒྲོག་རྒྱུ་ཡིནཞེས་ང་རྒྱལ་གྱིས་བཤད།

         བྱིས་པ་དེས་གཏན་ཚིགས་དང་འགལ་ཞིང་ཀུན་སྤྱོད་ཀྱི་རང་བཞིན་གཏོར་བའི་སྐད་ཆ་དེར་ཉན་རྗེས་ཁོང་ཁྲོ་ཆེན་པོས་སྲས་མོ་ལགས། བདག་གིས་བྱིས་པ་ཞིག་གི་ལུས་གཟུགས་གྱོན་པ་ནི་རླབས་ཆེན་གྱི་ལོངས་སྤྱོད་འདི་ལ་བསམ་གཟས་ཏེ་ལོག་སྤྱོད་བྱེད་པ་མ་ཡིན་པར་རང་སྣང་འཕྲུལ་བའི་རྣམ་ཤེས་ཀྱི་བདག་པོ་ཆེན་པོ་དེས་མངའ་བསྒྱུར་བའི་རེ་འདོད་ཀྱི་རླུང་བུ་ཁོ་ན་ཡིད་ཚིམ་པའི་ཕྱིར་དང་། བདེན་དོན་གྱི་རྩ་བའི་རྨང་གཞིར་རྩེར་སོན་གྱི་འབྲས་བུ་ཐོབ་པའི་བྱ་ཐབས་ཤིག་སྟེ། བུད་མེད་ཀྱི་མིག་ལ་སྐྱེས་པའང་མི་མཛེས་པའི་སྒྲུབ་ཚུལ་གྱི་ངོ་བོ་སུན་འབྱིན་པའི་ཆེད་དུ་ཡིན། ཡིན་ནའང་སྤྱི་མཚོན་ཅན་དུ་མ་གྱུར་པའི་འཚོ་གནས་ཀྱི་འགྲོ་སྡོད་ཙམ་ལས་མིའི་གནས་ཚང་ལ་ཕོག་པའི་བླང་བྱ་གཞན་ཞིག་འདོན་པ་འདི་ཁྱོད་རང་གི་ནོར་འཁྲུལ་དུ་ངེས་ཤིང་། འདི་ཕྱིའི་གཏམ་བརྗོད་ཀྱི་ཡིག་ཚགས་གང་དུའང་ཁྱོད་ཀྱི་འདོད་མོས་དེ་བསྐྱར་ཞུ་བྱེད་པའི་རེ་བ་ནི་སྟོང་བསམ་ཡིནཞེས་བརྗོད།

         བུ་མོ་དེས་སླར་ཡང་ལག་ཏུ་ཐེབས་པའི་ཤོག་སྒོར་འགའ་ལ་མཆུ་སྒྲོས་ཤིག་བརླན་རྗེས་ཟུར་ཟའི་ཚུལ་གྱིས་བྱིས་པ། ཟླ་དགུར་དྲིན་གྱིས་བསྐྱངས་པའི་མ་ཡུམ་གྱི་འོ་མ་ལ་དེ་ལྟའི་ཞིམ་མངར་མེད་ན་ཁྱོད་ཀྱི་རྣམ་སྨིན་གྱིས་དུབ་པའི་འདོད་སྲེད་ཀྱི་སྐོམ་གདུང་དེ་ངས་བསལ་ཆོག ཡིན་ནའང་མངལ་ཁྲག་གི་དྲི་མ་འཐིབ་པའི་བདག་གི་ཉལ་ཁྲིའི་བར་སྣང་དུ་ལུས་གཟུགས་མ་རྙེད་པའི་རྣམ་ཤེས་སྟོང་ཕྲག་ཅིག་གི་ཞེན་ཆགས་ཀྱི་ཕྱི་མིག་སྐུང་ནས་ཡོད་པས། ཁྱོད་ཀྱིས་ངེས་པར་དུ་བདག་ལ་ཁོ་ཚོའི་ཟ་འཐུང་ཙམ་གྱི་འཚོ་བ་ཐག་གཅོད་བྱེད་ཐུབ་པའི་ཤོག་སྒོར་འགའ་སྤྲོད་དགོསཞེས་བརྗོད།

         བྱིས་པ་དེ་རྨི་ལམ་ལྟ་བུའི་བྱུང་ཚུལ་དེ་ལ་ཞེ་སྡང་དྲག་པོ་ཞིག་སྐྱེས་གིནསྲས་མོ་ལགས། དཀོན་མཆོག་གིས་མ་ཟིན་པའི་སྲིད་པ་ཞིག་གི་མངའ་སྡེ་ཆེན་པོ་དེ་ཁྱོད་ཀྱི་ཉལ་ཁྲིའི་བར་སྣང་དུ་ཆགས་ཡོད་ན་ཆང་ཁང་འདིའི་གྲུ་ཟུར་གྱི་གློག་བཞུ་བསྣུབས་པའི་ཁང་མིག་རེ་རེ་ནི་མཐར་གཏུགས་ན་ཡིད་ཡུལ་ལས་བརྒལ་བའི་གཞི་གྲུབ་ཀྱི་འཚོ་བ་ཞིག་ཏུ་ངོས་བཟུང་ཆོག་གམ། དེ་ལྟར་ན་འཇིག་རྟེན་གྱི་བྱེད་པོར་གྲགས་པའི་ལྷ་ཆེན་པོ་དེ་ཡང་རྣམ་ཤེས་ཀྱིས་བསྐོར་བའི་སྨད་འཚོང་མའི་གཟུགས་ཅན་ཞིག་གི་ཉམས་རིས་སུ་མཐོང་བས་ཆོག་གམ། གླེང་ཚུལ་འདིས་མི་དང་སྲོག་ཆགས་རིགས་གཉིས་སུ་དགར་བའི་ཆེས་མཐོའི་ཤེས་པ་དེ་མེད་བརླགས་སུ་བཏང་བ་མ་ཡིན་ནམ། ངོ་མ་ཕྱིན་ཅི་ལོག་པའི་འབྲེལ་ཚུལ་ཞིག་ལས་བརྗོད་བྱ་གསར་བའི་རྒྱུ་ཆ་ཞིག་ཏུ་ངས་ཁས་མི་ལེནཞེས་འགྲོ་བར་བརྩམས། སྐབས་དེར་བུ་མོ་དེས་ཁྲེལ་དགོད་ལྷང་ལྷང་གིསརླབས་ཆེན་གྱི་སྐྱེས་བུ་དམ་པ་ལགས། འོ་ན་ཁྱོད་ཀྱིས་ངའི་སོང་ཚར་བའི་ལོ་རྒྱུས་ལ་ཕྱིར་དྲན་མི་བྱེད་པའི་རྒྱུ་མཚན་ཅི་ཡིན། བདག་གི་གསང་རྣམ་གྱི་ཁྲོད་དུ་ཁྱོད་ཀྱི་དོན་བྱ་ཡང་གསལ་བོར་འཁོད་ཡོད་པ་མ་ཡིན་ནམ། ཞེས་ཁོ་རང་སྒོ་ཆུང་ཞིག་གི་ནང་དུ་བརྫངས།

རླུང་འཚུབ་ཀྱིས་སྒུལ་བའི་སྦྲ་ནག་དེའི་ནང་གཅེར་བུར་མལ་དུ་གཟིམས་པའི་བུ་མོ་དེར་མཚོན་ན་ཕྱི་རོལ་ནས་གྲག་པའི་སྒོ་ཁྱིའི་ཟུག་སྐད་དེས་སྐྱེས་པ་ཞིག་གི་གོམ་སྒྲ་ལ་བདེན་གྲུབ་ཀྱི་བློ་གསལ་རྒྱག་ངེས་ཕྱིར་ཁོ་མོས་ཚེ་ཐོག་འདིར་ནམ་ཡང་བརྗེད་དཀའ་བའི་ཆགས་སྲེད་ཀྱི་ལོངས་སྤྱོད་ཅིག་དྲན་གྱིན་མཆིས།

         སྐུ་མགྲོན་ལགས། ནང་དུ་ཕེབས།

ལན་ཕྲུག་གིས་ངོ་གདོང་ཁེབས་པའི་བུ་མོ་ཞིག་གིས་ཁོ་རང་ལ་དེ་ལྟར་བརྗོད། ཁོས་གསལ་བོར་ལྟ་དུས་རང་ཉིད་ཀྱི་མཐའ་སྐོར་དུ་གནས་པའི་དམར་མདོག་གི་ཟ་ཟིའི་འོད་ལ་འཇམ་གོས་ཀྱི་ལྡོག་འོད་སྔོན་པོ་ཞིག་འཕྲོ་གིན་ཡོད་པའི་ཆང་ཁང་དེའི་རྒྱབ་ལྗོངས་ཧྲིལ་པོ་ནུབ་ལ་ཉེ་བའི་ཉི་གཞོན་ཞིག་གི་རང་སྣང་དུ་བབས་ཤིང། སྒྲ་དབྱངས་སྣ་ཚོགས་ཀྱི་འགྱུར་བ་མཚོན་པའི་ཆང་ཁང་དེ་ཡང་སྐད་ཅིག་ཉིད་ལ་རླུང་གི་སྐྱེ་རབས་མཚོན་པའི་ལྷིང་འཇགས་ཀྱི་འཇིག་རྟེན་ཞིག་ཏུ་གྱུར་སོང་བ་ནས་ས་གཞི་དེའི་མཛེས་པའི་ངོ་བོར་གྲུབ་གྱིན་པའི་སྦྲ་ནག་ཅིག་གི་སྒྲོན་འོད་དེ་སྐབས་བསྟུན་གྱིས་ཁོའི་ཉེ་སར་བབས། གློ་བུར་དུ་ཁོས་རང་གི་མིག་ཟུང་ལ་ཡིད་མི་ཆེས་པའི་ཟློས་གར་ཞིག་མཐོང་བ་ནི་འདབ་ཁ་རལ་བའི་སྦྲ་ནག་དེའི་ནང་གི་བུ་མོ་ཞིག་ཆགས་སྲེད་ཀྱིས་མ་བཟོད་པར་གཅེར་བུར་ཡར་ལངས་ཏེ་དབེན་ཞིང་འཇགས་པའི་ཁོར་ཡུག་འདིའི་སྣང་སྟོང་ལ་ཨུ་ཚུགས་ཀྱིས་བཙན་བཤེར་བྱེད་པ་བཞིན་ཟླ་འོད་ཀྱིས་བཟི་བའི་འདོད་ལྷའི་ཡི་དྭགས་དག་གི་ཧམ་སེམས་ལ་འདོད་བློ་དང་འཚམ་པའི་ཆགས་གར་ཞིག་འཁྲབ་འགོ་བརྩམས།  བ་སོའི་མདངས་དང་ལྡན་པའི་བུ་མོ་དེའི་བརླ་སྒང་གཉིས་པོ་ཕན་ཚུན་དུ་ཁ་འབྱེད་བཞིན་འདོད་པའི་གདུང་བས་གཟིར་བའི་སྐྱེ་བོ་གང་ཞིག་གི་ཤ་རུས་ཀྱི་རེག་བྱ་ལ་སྐོམ་ཚད་ཀྱིས་མནར་བའི་རེ་འདོད་དེ་བསྟན་པས་ཀྱང་ཁོ་ར་ཁོར་ཡུག་རི་ཚོགས་ཀྱིས་བསྐོར་བའི་ལྷིང་འཇགས་ཀྱི་ཞིང་ཁམས་འདི་ལ་བྲེལ་འཚུབ་ངང་གོམ་སྟབས་འཇོག་པའི་སྣང་ཚུལ་ཙམ་ཅི་ནས་ཀྱང་ཡོད་མི་སྲིད་པ་བུ་མོ་དེའི་ཡིད་ངོས་སུ་གསལ་བོར་རྟོགས་ཀྱིན་ཡོད་པས་ན་ཁོ་མོ་ལ་སྐབས་དེའི་རང་དབང་གི་བདེ་མྱོང་ཙམ་སྐྱེས་ངེས་ཤིང་། དེའི་ཞོར་ལ་ཚད་ལས་འདས་པའི་ཁེར་རྐྱང་གི་སྡུག་བསྔལ་ཞིག་ཀྱང་སྐྱེས་ཡོང་།

        བུ་ཡུག་འཚུབ་མ་ཞིག་གིས་ཁོ་མོའི་ལུས་སེམས་ལ་སྐྱོ་ངལ་གྱིས་བཏུབ་པའི་ངལ་བ་དེ་བསྐྲུན་ནའང་རྣམ་རིག་འཛོམས་པའི་འབྲོག་ཁྱི་དེ་དུས་ད་ལྟའང་ཁ་ཁུ་སུམ་པོར་བདག་མོ་དེའི་ཉམས་འགྱུར་ཡ་མ་བརླ་ཡི་ངང་ཚུལ་ལ་ཅེར་ནས་འདུག   མོའི་སྐྱོ་གར་ལྟ་བུའི་འཁྲབ་ཚན་དེ་མཇུག་རྫོགས་པའི་ཆེད་དུ་ཁོས་ཀྱང་སྒོ་ཁྱི་དེའི་བརྟུལ་ཞུགས་བཟུང་སྟེ་མངོན་སུམ་འཛེམས་མེད་ཀྱིས་ཁོ་མོའི་གཅེར་བུར་གནས་པའི་མཛེས་སྡུག་ལ་ལོག་གཡེམ་བྱེད་འགོ་བརྩམས་བྱུང་།  དེ་ལྟར་མི་དང་སྲོག་ཆགས་གཉིས་ཀྱི་ལུས་འབྲེལ་དེའི་རྣམ་སྨིན་གྱིས་རང་བྱུང་ཁམས་ཆེན་མོའི་འགྱུར་བ་ལ་གློ་བུར་བའི་འགལ་རྐྱེན་བཟོས་ཤིང་། མེ་ཏོག་དག་གི་ཟེའུ་འབྲུར་འཁྱིལ་བའི་ཟིལ་བ་རེ་རེ་ཡང་ས་གཞི་ཆེན་པོའི་ལྟོ་བ་ནས་བཏོན་པའི་ཉམས་ཞན་གྱི་མངལ་ཁུ་ཞིག་ལས་རང་བྱུང་གི་མཛེས་པ་ཞིག་ཏུ་བློ་གྲོས་རྙེད་མ་ཐུབ།

བྱིས་པ་དེས་བསམ་དབང་དྲན་དབང་མེད་པའི་དྲན་སྣང་འགའ་བསྟུད་མར་མྱོང་བའི་བབ་མཚུངས་སུ་ཆང་ཁང་གི་བདེ་སྲུང་བ་ཞིག་རྒྱུག་ཡོང་སྟེ་ཁོའི་སྐེད་པ་ནས་བཟུང་བཞིནཁྱི་རུ་གྱུར་ཟིན་པའི་སྐུ་མགྲོན་འདི་གླ་གཏོང་རླངས་འཁོར་ཞིག་ལ་འཇོག་དགོསཞེས་འུར་རྒྱག་བཞིན་ཁོ་དྲན་སྣང་ཁྲོད་ཀྱི་འབྲོག་མོ་དེའི་བརླ་ཁུག་ནས་འཕྲོག་སྟེ་སྒོ་ཕྱིར་བསྐྲད་སོང་།                                    

        ཉིན་འདི་དག་གི་རིང་ལ་བདག་གི་རྣ་ལམ་དུ་རྒྱུན་ཆད་མེད་པར་གཙང་པོ་ཞིག་གི་བཞུར་སྒྲ་ཐོས་ཡོང་ཞིང་། དེའི་ཞོར་ལ་གྲོང་ཁྱེར་གྱི་འཚོ་བ་དོར་ནས་ཁུ་སིམ་ལྷིང་འཇགས་ཀྱི་འཚོ་བར་རོལ་བཞིན་པའི་གྲོགས་པོ་ཚེ་དབང་རིག་འཛིན་གྱི་བརྩེ་དུང་གི་གོད་ཆག་དེས་བསྐྲུན་པའི་ནག་ཉེས་སམ་ཡང་ན་ཁོ་རང་གི་བླ་ན་མེད་པའི་བརྩེ་དུང་གི་སྙིང་སྟོབས་དེ་དག་ཡིད་ཀྱི་ལྡེབས་རིས་ངོས་སུ་གསལ་པོར་ཐེངས་གཅིག་འཆར་ཡོང་། བརྩེ་ལྡན་གྱི་ཀློག་པ་པོ་ལགས། སྤྱིར་ན་སྒེར་སེམས་ཀྱིས་འཁྱེར་བའི་བྱ་བ་གང་ཞིག་ཡིན་རུང་རང་གི་གྲོགས་པོའི་ཁ་ངོར་བལྟས་ཏེ་ཁོང་གི་ཚབ་ཏུ་གནས་ལུགས་སློང་བ་ནི་རྩོམ་འབྲི་བ་ཞིག་གི་ངོ་ཚར་མངོན་འདུག་ནའང་། གྲོགས་པོ་ཁོང་གིས་བློས་བཏང་ཟིན་པའི་འཚོ་གནས་ཀྱི་ཁེ་ཕན་དེ་དང་བརྩེ་དུང་གི་བྱུང་ཉེས་ཚང་མར་བསམ་བློ་རེ་བཏང་དུས་ཁོང་སྒྲུང་རྩོམ་གྱི་མི་སྣ་ཞིག་ཏུ་མི་འགྱུར་བའི་སྒྲུབ་བྱེད་མེད་ལ། ཐ་ན་ཁོང་གི་གཏམ་རྒྱུད་ཀྱིས་བཟོ་བཅོས་བྱས་པའི་བདག་གི་སེམས་པ་དེ་ཡང་རབ་ཏུ་གཡོས་ཤིང་། མི་བཏུབ་པའི་ངར་ཤུགས་ཤིག་གིས་གོང་གི་སྣང་རྟོག་དེ་བྲིས་པར་མ་ཟད། ཁོང་གི་རེ་བ་ལྟར་ཁོང་གི་བྱས་ཉེས་ལ་བགྲང་རུང་བའི་ལུས་འབྲེལ་དེ་ཙམ་གྱིས་ཁོང་ཁྱིཞིག་གི་གནས་བབ་ཏུ་འཇོག་དགོས་ཚུལ་གསུངས་ནའང་མི་ཐུབ་པའི་སྡུག་བསྔལ་ཞིག་གིས་ཕྲན་གྱིས་ཁོང་ལ་བྱིས་པ་ཞིག་གི་ལུས་ངག་བསྩལ་ཅིང་། ཁྱིདེའི་བྱུང་བ་ཡང་གཡོ་ཐབས་ཀྱིས་འཕྲུལ་སྣང་ཞིག་ཏུ་བརྩིས་པ་ཡིན་ལ། སྒྲུང་གཏམ་འདི་ཁ་ཚང་ཞིག་འབྲི་རྐྱེན་དུ་རང་ཉིད་དངོས་སུ་ཁོང་གི་གཏམ་རྒྱུད་ཀྱི་ན་ཟུག་ཏུ་ཐེ་བའི་ཁོ་མོ་འཚོལ་དུ་འགྲོ་རྒྱུ་བྱས་པ་ཡིན།

        གཉིས་པ། ལོ་ཐོའི་ངོས་ཀྱི་བསྣོལ་མར་སྦྲེལ་བའི་དུས་གསུམ།

    འཇིག་རྟེན་འདི་ན་གསང་བ་མཐའ་དག་གི་དངོས་གཞི་བདེན་པར་གོ་བའི་སྐྱེས་ཆེན་ཅི་ཙམ་ཞིག་ཡོད། ཡིན་ནའང་བདག་གིས་བྱས་པའི་ཉེས་པ་དེའི་མཇུག་འབྲས་ལ་སུ་ཞིག་གི་བཀའ་ཆད་མེད་ན་ངས་ངའི་དོན་དུ་བརླག་པའི་བརྩེ་དུང་དང་། མཛའ་བཤེས། གཉེན་འབྲེལ་དག་གི་ཕམ་ཉེས་ཚང་མའང་རང་ཉིད་དང་ལྷན་དུ་དུར་དུ་སྦ་ངེས་ལ། ཕྱིས་ཀྱི་བརྗོད་པར་འགྱུར་བའི་གཏམ་རྒྱུད་དེ་དག་ཀྱང་བབ་བསྟུན་གྱིས་རྟོག་བཟོ་ཞིག་ལ་ཡིད་རྟོན་བྱས་པ་ནས་ཚད་མེད་པའི་སྡུག་བསྔལ་གྱི་ཕ་མཐའ་ཞིག་ལ་གོ་བ་སྦྱོར་གྱིན་ཡིན། ངོ་མ། ངས་རང་ཉིད་འདི་ལྟར་འཆི་བ་ལ་རང་ངོས་ནས་ཀྱང་འགྱོད་པ་བྱེད་ཀྱིན་ཡོད་ལ། རང་གི་སྡུག་ལས་པ་ཞིག་གི་དོད་རྟགས་སུ་མངོན་པའི་གཏམ་རྒྱུད་འདིའི་བྱུང་ཚུལ་ཡང་མི་སུ་གང་ཞིག་གིས་ཀྱང་རྩད་གཅོད་མི་བྱ་བར་ཞེ་གཏིང་ནས་སྨོན་ལམ་འདེབས་ཀྱིན་ཡོད།

བདག་གིས་བུ་མོ་དེས་བཞག་པའི་མཐའ་མཇུག་གི་ཤོག་ལྷེ་འདི་ལ་ཡང་ནས་ཡང་དུ་བལྟས་ནའང་རྒྱུ་མཚན་ཅན་གྱི་འགྲེལ་སྟངས་ཤིག་བློ་ལ་མི་འཆར་ཞིང་། སུའི་དོན་དུ་རེ་བ་ཆེན་པོ་ཞིག་གི་ལམ་སྣ་འདྲེན་བཞིན་པའི་བདེན་ཁ་དེ་ཡང་རྙེད་པར་དཀའ་འདུག

སྤྱིར་ན་ཤི་ཚར་བའི་མི་ཞིག་གི་གཏམ་རྒྱུད་འབྲི་རྒྱུ་དེ་ཧ་ཅང་སླ་མོ་ཞིག་མ་རེད་ལ། ལྷག་པར་དུ་སྣང་འཛིན་གྱི་ངེས་པ་ལ་གཟུགས་བརྙན་རབ་རིབ་ཅིག་གི་ཤུགས་རྐྱེན་ཙམ་ཡང་བཞག་མེད་པའི་ཁོ་མོ་ནི་བདག་ལ་མཚོན་ན་མི་ཆ་མེད་ཅིག་ཡིན་པས། ངས་ཁོ་མོ་ཞེས་པའི་ཐ་སྙད་འདི་རྩོམ་ཡིག་གི་ཁྲོད་དུ་བཞག་ཡོད་པ་ནི་ངོ་ཚ་དགོས་པའི་དོན་ཞིག་ཡིན་མོད། ངས་སྟོང་པར་ལུས་པའི་ཁོ་མོའི་མལ་ཁང་དེའི་ནང་གི་ལོ་ཐོ་རྙིང་བ་དེ་རྙེད་པ་ནས་སླར་སོས་ཀྱི་འདུན་པ་འགོག་ཐབས་བྲལ་བ་ཞིག་གིས་ངས་ཡང་བསྐྱར་ཨུ་ཚུགས་ཀྱིས་ཁོ་མོའི་གནས་ཚུལ་རྩད་གཅོད་བྱ་རྒྱུའི་དམ་བཅས་པ་ཡིན།

      ལོ་ཐོའི་ངོས་ཀྱི་ཚེས་གྲངས་དེ་ལྡོག་བཞུར་གྱི་གཙང་བོ་ཞིག་གི་འབབ་རྒྱུན་བསྙེགས་པ་ནས་འདབ་མ་སྟོངས་པའི་གསེར་གྱི་ལྗོན་ཤིང་དག་ལ་ལྗང་མདོག་གི་འདབ་ལོ་བཞད་ཅིང་། ཟེའུ་འབྲུ་དབེན་པའི་རྩྭ་ཐང་གི་ངོ་གདོང་ལ་མེ་ཏོག་གི་རྒྱན་ཆ་ཐོར་བས་ན་དངོས་ཡོད་ལྟ་བུའི་སྣང་ཚུལ་ཁ་ཤས་ཤིག་ཀྱང་སྐད་ཅིག་སྐད་ཅིག་གིས་རྫོགས་ཏེ་གྲོལ་ཞིང་། མེ་ཏོག་གི་གཟུགས་ཞལ་མངོན་པའི་བུ་མོ་མང་པོ་ཞིག་གྲོང་ཁྱེར་གྱི་རྫུ་བག་ཁོ་ནས་ཡོངས་སུ་ཕམ་པར་བྱས་པའི་སྔ་ལྟས་སུ་ཚོང་ཁང་རེ་གཉིས་ནས་ཐོན་ཏེ་སླར་ཡང་ཆང་ཁང་དུ་འཛུལ་བར་བྲེལ།

ངས་འཚོལ་དགོས་པའི་བུ་མོ་དེའི་སྡོད་གནས་ད་ལྟ་གང་དུ་ཡོད་དམ།

བདག་གིས་རང་གིས་རང་ལ་དྲི་བ་ཞིག་འདོན་གྱིན་ཆར་ཐིགས་ཀྱིས་རློན་པ་བཟོས་པའི་ཤོག་ལེབ་དེའི་ངོས་ལ་ཐེངས་གཅིག་བལྟ་དགོས་བྱུང་། ཤོག་ལེབ་དེའི་ངོས་སུ་སྣང་བ་ནི་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་དགུ་ལོའི་ཧོར་ཟླ་དྲུག་པའི་ཚེས་ཉེར་ལྔ་ཞེས་པའི་གྲངས་ཀ་དེ་དག་རེད་ལ། ཁོ་མོའི་སྡོད་གནས་ཀྱང་དེ་ལྟ་བུ་ཞིག་ཡིན་ཤས་ཆེ།

ཕྱིས་སུ་བདག་གིས་མི་མང་པོ་ཞིག་ལ་སྡོད་གནས་དེ་ཉིད་གང་དུ་ཡོད་མེད་ཀྱི་གནས་ཚུལ་འདྲ་དྲིས་ནའང་མི་དེ་དག་གིས་ཤེས་པ་ནི་ད་ལྟ་བའི་དུས་ཚོད་ཀྱི་སྡོད་གནས་མ་གཏོགས་མི་ཤེས་ཟེར་ལ། དུས་ཚོད་སྐར་ཆ་གང་གི་འགྱུར་བའི་རྣམ་རྟོག་གི་ངོ་བོ་ལས་སྡོད་གནས་ཀྱི་གྲུབ་ཚུལ་དེ་ཡང་སྲ་བརྟན་དུ་གནས་པའི་རང་བཞིན་ཞིག་མེད་གསུངས་བྱུང་།

འདི་དག་ཐོས་རྗེས་བདག་ལ་སྤྲོ་སྣང་གི་འདུན་པ་ཉག་ཙམ་ཡང་མེད་པས་དམིགས་ཡུལ་མེད་པར་ཆང་ཁང་ཞིག་ལ་ཆང་བཏུང་དུ་སོང་བ་ཡིན། ཆང་ཁང་དེའི་ནང་དུ་ར་བཟི་བ་གཅིག་ཀྱང་མེད་ལ། ཆང་འཐུང་སའི་སྒྲོག་ཙེའམ་རྐུབ་སྟེགས་ཀྱང་གཅིག་ཀྱང་མེད། ངོ་གདོང་གཉེར་མས་ཁེབས་པའི་རྒན་མོ་ཞིག་གིསསྐུ་མགྲོན་ལགས། ནང་དུ་ཕེབསཞེས་འདྲ་ཆགས་ཀྱི་གུས་ཉམས་ཤིག་སྟོན་བཞིན་བདག་གི་མདུན་བསུས།

རྒན་མོ་དེས་ཤེལ་ཕོར་ཞིག་བདག་གི་མདུན་དུ་བཞག་སྟེ་ནང་དུ་ཆང་གང་བླུགས་ནསངས་མོ་ལ་ཁྱེད་ཀྱི་སྐོར་གྱི་རྒྱུ་མཚན་མཐའ་དག་དྲང་པོར་བརྗོད་ཡོད། དེ་རིང་ཁྱེད་ཉིད་ས་འདི་གར་ཕེབས་རྒྱུའི་སྔོན་བརྡ་ཡང་བཏང་ཡོད་པས་ཁྱེད་རང་ལ་ཁོ་མོ་ཐུག་ཐུབ་པ་ཁ་ཚོན་བཅད་ཆོགཅེས་བརྗོད་བྱུང་།

བདག་གིས་ཆང་གར་པོ་དེ་ཞབས་དག་བརྒྱབ་རྗེས་རང་གི་རྣ་ལ་ཡིད་མ་ཆེས་པརརྒན་མོ་ཁྱོད་ཀྱིས་བདག་གི་ཕུན་སུམ་ཚོགས་པའི་འཆར་གཞི་འདི་ཇི་ལྟར་རྟོགས་པ་ཡིནཞེས་དྲིས།

རྒན་མོསཆང་ཁང་འདིའི་ནང་དུ་འོང་མཁན་དག་ལ་ཕལ་པ་ཞིག་མིན་པའི་བྱ་བྱེད་ཀྱི་སྒྲུབ་ཚུལ་རེ་ཡོད། ལྷག་པར་དུ་ཁྱོད་ཀྱི་གྱོན་གོས་དེ་དག་མཐོང་བ་ནས་ངའི་རྟོག་བཟོ་མིན་པའི་བློ་ཚུལ་གྱིས་ཁྱོད་ཀྱི་བསམ་དོན་མཐའ་དག་གསལ་པོར་རྟོགས་པ་ཡིན་ལ། དུས་རབས་གཉིས་ཀྱི་བསྣོལ་མཚམས་སུ་ཕར་འགྲོ་ཚུར་འགྲོ་བྱེད་པའི་རང་དབང་གི་ཐོབ་སྐལ་དེ་ཙམ་ལས་ཀྱང་ཁྱེད་ཉིད་ཁོ་མོ་དང་འབྲེལ་བ་དམ་པོ་ཡོད་པའང་གསལ་པོར་ཤེས་ཡོངཟེར།

བདག་གིས་གྱོན་གོས་ཀྱི་ཕྱི་ནང་ཀུན་ལ་སྔོག་བཤེར་བྱས་ནའང་བདེན་ཁ་ཐུབ་པའི་གནས་ལུགས་ཤིག་གཏན་ནས་རྙེད་མ་བྱུང་བས། རྒན་མོ་དེ་ལ་གླགས་འཚོལ་བ་བཞིནགྱོན་གོས་འདི་དག་ནི་ད་ལྟ་རྒྱུག་ཆེ་བའི་F1རྟགས་ཅན་གྱི་གྱོན་གོས་ཙམ་ལས་སྙིང་པོ་གཞན་གང་ཡང་མེད་པས་ཁྱོད་ཀྱིས་སྒྲུབ་བྱེད་དུ་འཕངས་པའི་གནས་ལུགས་དེ་ཡང་རྫུན་གཏམ་ཁོ་ནར་ངེས་ཤིང་། ཐ་ན་ཁོ་མོ་ཞེས་པའི་མིང་ཚིག་འདི་ཡང་ཁྱོད་ཀྱིས་ཅི་ལྟ་བུ་ཞིག་ལ་ངོས་འཛིན་གྱིན་ཡོད་པ་བདག་གིས་གསལ་པོ་ཞིག་ཤེས་གྱིན་མེདཅེས་མ་དགའ་བའི་ཉམས་ཚུལ་བསྟན།

རྒན་མོ་དེས་ཧབ་དགོད་ཆེན་པོསསྙིང་ཉེ་བའི་སྐུ་མགྲོན་ལགས། ཁྱེད་རང་བཟི་ཡོད་ཤས་ཆེ། གལ་ཏེ་དེ་རིང་ནི་སྤྱི་ལོ་ཉིས་སྟོང་གསུམ་ལོའི་ཧོར་ཟླ་དང་པོའི་ཚེས་ཉེར་ལྔ་ཡིན་པའི་དབང་དུ་བཏང་ན་ཁྱོད་ཀྱི་བཤད་སྟངས་དེ་འགྲིག་འདུག་མོད། འོན་ཀྱང་དེ་རིང་ནི་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་དགུ་ལོའི་ཧོར་ཟླ་དྲུག་པའི་ཚེས་ཉེར་ལྔ་ཡིན་པས་ཁྱོད་ཀྱི་བྱ་བྱེད་ལའང་ར་བཟི་བ་ཞིག་གི་ཉམས་སྣང་ལས་བདེན་གྲུབ་ཏུ་བསྟར་བའི་གནས་ལུགས་ཆེན་པོ་ཞིག་མི་འདུགཅེས་ང་ལ་འཁོན་ལན་སློག་པ་བཞིན་སྡང་མིག་གིས་བལྟས་བྱུང་། ངས་ཧ་ལས་པའི་སེམས་འཕྲུལ་གྱིས་ལག་མགོའི་ཆུ་ཚོད་ལ་བལྟས་པར་མིག་འཕྲུལ་བྱུང་བ་མིན་ན་དུས་ཚོད་ཀྱི་མདའ་རྩེ་ཚང་མ་ལྡོག་ཕྱོགས་སུ་རླུང་འཁོར་འཁོར་བ་བཞིན་རྒྱུག་གིན་འདུག

མི་རྣམས་ཀྱི་དབང་པོར་སོས་ཐབས་མེད་པའི་སྡུག་བསྔལ་སྟེར་མཁན་གྱི་གླུ་སྐད་ཅིག་ཆང་ཁང་དེའི་མུན་ནག་འཐིབས་པའི་ཡར་སྦུག་ནས་གྲགས་འགོ་བརྩམས་བྱུང་། ཆང་མ་རྒན་མོའི་བརྗོད་ཚུལ་ལྟར་ན་ཆང་ཁང་འདིའི་ཕ་རོལ་ནི་སྤྲིན་དཀར་གྱི་བང་རིམ་བརྟོལ་བའི་གཡང་གཟར་ཆེན་པོ་ཞིག་ཡིན་ལ། རླུང་བུའི་རྒྱུ་ཕྱོགས་སུ་ཐོར་བའི་ངེས་མེད་ཀྱི་གླུ་གཞས་ཁ་ཤས་ཤིག་དུས་དང་རྣམ་པ་ཀུན་ཏུ་ཆང་ཁང་འདིའི་རྩེད་མཚར་གྱི་གཏམ་རྒྱུད་ཅིག་ཏུ་འཕྲོས་མྱོང་ནའང་ཉན་མཁན་མང་པོ་མེད་པའི་རྒྱུ་མཚན་གྱིས་གླུ་སྒྲ་འདི་ལ་ཆགས་པའི་སེམས་ཅན་གང་མང་ཞིག་ལ་མི་དམན་པའི་ལོ་རྒྱུས་ཀྱི་བྱུང་བ་ཞིག་འབྱུང་ངེས་ཡིན་ལ། དེ་དང་འབྲེལ་ཡོད་ཀྱི་གཏམ་རྒྱུད་ཁ་ཤས་ཤིག་ཀྱང་རྟོགས་ངེས་ཡིན་ཟེར།

བྱ་དེ་ཁྲུང་ཁྲུང་དཀར་མོ།།

གཤོག་རྩལ་ང་ལ་གཡོར་དང་།།

ཐག་རིང་རྒྱང་ལ་མི་འགྲོ།།

ལི་ཐང་བསྐོར་ནས་སླེབས་ཡོང་།།

ཞེས་པའི་གླུ་སྒྲ་ཞིག་གསལ་པོར་གྲགས་བྱུང་། སྐབས་འདིར་བདག་གིས་ཡང་དག་པའི་གནས་ལུགས་ཤིག་རྟོགས་པ་ནི་རང་གིས་འཚོལ་བཞིན་པའི་བུ་མོ་དེ་དང་བར་ཐག་ཇེ་ཉེ་ཡིན་པ་དེ་རེད་ལ། དངོས་ཡོད་ཀྱི་མིའི་མིག་གིས་མཐོང་མི་སྲིད་པའི་ཁོ་མོའི་སྡོད་གནས་དེ་ཡང་བདག་དང་བར་ཐག་ཉེ་བར་འགྱུར་གྱིན་པ་དེ་རེད།

       ལོ་ཐོའི་ངོས་སུ་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་དགུ་ལོའི་ཧོར་ཟླ་དྲུག་པའི་ཚེས་ཉེར་ལྔ་ཞེས་པའི་ཨང་ཀི་ཞིག་སྟར་མར་བྲིས་འདུག

ད་ལྟ་ངའི་མིག་ལམ་དུ་འཆར་བ་ནི་རྩེ་མོ་དགུང་ལ་སྙེག་པའི་གཡང་གཟར་ཆེན་པོ་ཞིག་ཡིན་ལ། དུས་ཚོད་ཀྱིས་མཁོ་འདོན་བྱས་པ་ལྟར་ན་འདི་ནི་བདག་གི་གྲོགས་པོ་ཚེ་དབང་རིག་འཛིན་གྱི་དགའ་མ་དེ་ཉིད་མི་འདོད་བར་ཆད་ཀྱིས་འཁྱེར་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཆེན་པོ་ཞིག་ཏུ་ངོས་བཟུང་ན་ཡང་ཆོག གློ་བུར་དུ་དྲི་བཞོན་གྱིས་ཁྱེར་བའི་གླུ་སྐད་ཅིག་གི་གདངས་དབྱངས་སྙན་མོ་དེ་གཡང་གཟར་དེའི་སྤྲིན་གསེབ་ཏུ་སིམ་པའི་རྩེ་མོ་ག་ལ་བ་དེ་ནས་གྲགས་འགོ་བརྩམས་བྱུང་།

གཡུ་མདོག་ལང་ཚོ་དར་བ་མཛེས་པའི་སྐུ།།

སྲིད་ཞིའི་གདུང་བ་ཀུན་སེལ་སྙན་པའི་གསུང་།།

སྒྲིབ་གཉིས་དྲི་མ་རྣམ་དག་སྙིང་རྗེའི་ཐུགས།།

རྗེ་བཙུན་སྒྲོལ་མའི་ཞབས་ལ་གསོལ་བ་འདེབས།།

         བྱ་ཆེན་གྱི་དང་བ་མངོན་པའི་ཁྲུང་ཁྲུང་དཀར་མོ་ཞིག་ཕ་མཐའ་ན་ཉི་འོད་ཀྱི་རྩད་པར་ཐུག་པའི་གཡང་གཟར་དམར་པོ་ཞིག་མངོན་པ་དེའི་སྐེད་པ་ནས་འཕུར་སྐྱོད་ཀྱི་རྔམ་ཁ་ལ་ཤུ་སྒྲའི་གཤོག་པ་འདར་བཞིན་བདག་གི་ཉེ་སར་འཕུར་འོང་། ངོ་མ་མེས་པོ་ཚོས་བརྗོད་ཡོད་པ་ནང་བཞིན་ལྷའི་བུ་མོ་ལྟ་བུའི་མཛེས་མ་བལྟ་བས་མི་ངོམས་པ་ཞིག་ཁྲུང་ཁྲུང་དེའི་སྐེད་པར་བཞོན་ཡོད་ཅིང་། མཁའ་འགྲོ་མའི་ཐོབ་རྟགས་སུ་ཆད་པའི་འོད་ཟེར་གྱི་ལུས་པོ་དེ་ཡང་ཟབ་གསལ་ཆོས་དབྱིངས་ཀྱི་འོད་གོར་ཆུམ་པོ་དེའི་ཀློང་ན་གསེར་མདོག་གི་རྣམ་ཤེས་ཤིག་ཏུ་མངོན་པར་བཞད་འདུག

         བདག་གིས་གུས་ཉམས་དང་བཅསལྷ་ལས་སྙེམས་པའི་རྫུ་འཕྲུལ་གྱི་བདག་པོ་ཆེན་པོ་ལགས། ངས་འཚོལ་དགོས་པའི་བུ་མོ་དེ་ཡང་གཡང་གཟར་འདིའི་སྐེད་པ་ནས་མི་རྟག་པའི་ལམ་དུ་བརྫངས་པ་ཡིན་ན་ཁྱོད་ཀྱིས་འདས་བྱུང་གི་མཁྱེན་པའི་ངོ་བོ་དེ་ལས་ཁོ་མོའི་རང་གཟུགས་ཙམ་བདག་གི་འདྲེན་བྱེད་ཀྱི་སྤྱོད་ཡུལ་དུ་ཐེངས་གཅིག་བཤམས་རོགས། རེ་འདོད་དེ་སྒྲུབ་ཐུབ་ན་ངས་རང་རྟོགས་ཀྱི་ཤེས་རབ་མཐའ་དག་བདེན་དོན་གྱི་གཏའ་མར་བཞག་སྟེ་ཁྱོད་ཀྱི་རང་གཟུགས་གསལ་བའི་ཐང་ཀ་ཆེན་པོ་ཞིག་མི་ཡུལ་གྱི་མཆོད་པའི་ལྷ་ཁང་དག་ལ་འཇོག་ངེས་ཡིན་ཞེས་བརྗོད།

        ལྷ་མོ་དེས་བག་ཕེབས་ཀྱི་ངང་ནས་འཛུམ་ཙམ་བྱས་པའི་མོད་ལ་ཁ་སྐྱེངས་ཟོལ་གྱིསརྣམ་ཤེས་ཀྱི་རང་སྣང་གསལ་བའི་སྒྱུ་འཕྲུལ་གྱི་སྲས་པོ་ལགས། ཁྱོད་ཀྱིས་འཚོལ་བཞིན་པའི་བུ་མོ་དེ་ང་རང་ཡིན། རྨི་ལམ་དུ་གཤེགས་པའི་སྡུག་འབྲས་ཀྱི་བྱུང་བ་ཐམས་ཅད་ཀྱང་མི་ཡུལ་གྱི་བདེ་སྐྱིད་ལ་རག་ལས་ཡོད་ཅིང་། བརྩེ་དུང་གི་མནར་གཅོད་ཁོ་ནས་ཡོངས་སུ་བརླགས་པའི་མི་སེམས་ཀྱི་འཚུབ་ཆ་ཁོ་ན་ད་གཟོད་འཚོ་བའི་སྙིང་པོ་རེད་འདུག འོན་ཀྱང་འདས་སྣང་གི་གེགས་རྐྱེན་ལ་བགྲང་རུང་བའི་གཡང་གཟར་གྱི་མཆོད་སྟེགས་དེ་ནི་ངའི་མི་ལུས་འདི་ཚེ་གཅིག་ལུས་གཅིག་ལ་ལྷ་གནས་སུ་འཕོས་པའི་རང་དབང་གི་བགྲོད་ལམ་དེ་ཡིན་པས། ད་ལྟ་ང་རང་ལྷ་ཡི་སྐྱེ་གནས་ཤིག་ཏུ་བདེ་སྐྱིད་ཀྱི་ཕུགས་བསམ་རེ་ལ་ངོམས་མེད་རོལ་བཞིན་ཡོད། ངས་མི་ཞིག་གི་འཚོ་གནས་ཀྱི་གོམས་སྟབས་ལ་མིག་བཤེར་བྱེད་བཞིན་རྒྱང་བལྟ་བྱས་ཡོད་པ་ཡིན་ན། ཁྱོད་ཀྱིས་ངའི་སྐྱེ་བ་དེ་ལའང‘ངའི་དོན་དུ་སེམས་ཁུར་མ་བྱེད’ཅེས་བརྗོད་རོགསཞེས་གསུངས་བྱུང་།

དུས་ཚོད་ཀྱི་རླབས་ཁ་རྟ་མཆོག་བཞིན་རྒྱུག་པའི་བྲེལ་སྣང་གི་ཁྲོད་དུ་ངས་བསྲན་འཛུགས་བཞིན་ཁོ་མོར་དྲི་བ་འགའ་ཞིག་འདོན་འདོད་ན་ཡང་སྔར་གནས་སུ་གཤེགས་པའི་མཁའ་འགྲོ་མ་དེ་ཉིད་ཁྲུང་ཁྲུང་གི་གཤོག་ལྷེབ་བསྒྱུར་བའི་མཛེས་སྣང་དེའི་ཀུན་རྟོག་གི་ཁྲོད་དུ་སླར་ཡང་གཡང་གཟར་དེའི་སྐེད་པ་ལ་འཐིམ་སོང་།

          ཆང་མ་རྒན་མོ་དེས་དད་སྟོབས་ཀྱིས་བརྩེ་དུང་གི་སྡུག་བསྔལ་ཐམས་ཅད་རབ་ཏུ་བརྒལ་བའི་བུ་མོ་མང་པོ་ཞིག་འདི་ལྟར་རྗེ་བཙུན་སྒྲོལ་མས་འཁོར་དུ་བླངས་པ་ཡིན་ན་རྒན་མོ་བདག་ཀྱང་སྐྱེ་བ་ཕྱི་མར་བུ་མོ་ཆུང་ཆུང་ཞིག་གི་ལས་སྣང་དུ་བབས་ནས་རྗེ་བཙུན་སྒྲོལ་མ་ཁྱོད་ཀྱི་འབངས་ཁོལ་དུ་ལེན་པར་ཐུགས་རྗེ་ཆེ་ཞུཞེས་སྙིམ་པ་དཔྲལ་བར་སྦྱོར་བཞིན་མིག་ཟུང་བཙུམ་པ་ན་རྒས་ཉམས་ཀྱི་དོད་རྟགས་སུ་མཆེད་པའི་མིག་ཆུ་རྡོག་པོ་གཉིས་ཀྱང་བསྟུད་མར་བདག་གི་ཆང་དཀར་ནང་དུ་བབས་བྱུང་།

          བདག་གིས་སྐབས་གང་ཞིག་ལ་<<ཨ་མདོ་རོགས་འཐེན>>ཞེས་པའི་དཔེ་དེབ་ཅིག་གི་ཁྲོད་དུ་ཁོ་མོ་ལྟ་བུའི་བུ་མོ་གཞན་ཞིག་ཀྱང་རྗེ་བཙུན་སྒྲོལ་མའི་ཐུགས་རྗེ་ཡིས་རྗེས་སུ་བཟུང་སྟེ་གཡང་གཟར་གྱི་འབབ་སྟེགས་ཤིག་ནས་ཁྲུང་ཁྲུང་ཞིག་གི་རང་གཟུགས་སུ་སྤྲུལ་པ་བཞིན་རང་ཉིད་ལ་དགའ་བའི་སྐྱེས་པ་དེ་བསྐྱབས་མྱོང་བའི་གཏམ་རྒྱུད་རེ་ཐོས་མྱོང་ན་ཡང་། རྗེན་པར་སྟོན་པའི་བློ་བཀོད་ཀྱི་མན་ངག་ཅིག་བདག་ལ་སྟོན་རྒྱུ་མེད་པས་དེའི་སྐོར་གྱི་འཕྲུལ་སྣང་ཚང་མ་ཡང་རྨི་ལམ་ཞིག་གི་ཚུལ་དུ་ངས་གྲོགས་པོ་ཁོང་ལ་སྦ་གསང་བྱས་ཤིང་། རྣམ་རྟོག་དེ་ཡིས་བསླངས་པའི་བུ་མོ་དེའི་འདྲ་རིས་ཆེན་པོ་ཞིག་སྣུམ་ཚོན་དུ་བྲིས་པ་ཡིན་ལ། བགྲོད་ལམ་ལྟ་བུའི་གཡང་གཟར་དེ་ཡང་བོད་ཀྱི་རི་མོ་བ་ཉི་མ་ཚེ་རིང་ལགས་ཀྱིས་བྲིས་པའི་<<ལྷིང་འཇགས་ཀྱི་འཁོར་བ>>ཞེས་པ་དེའི་ཉམས་ཚུལ་ཧྲིལ་བོ་འདྲ་རིས་དེའི་རྒྱབ་ལྗོངས་སུ་བྲིས་ཏེ་གྲོགས་པོ་ཁོང་ལམོའི་མིག་ཟུང་གི་གསོན་ཉམས་ལས་ཀྱང་ཁྱོད་ལ་མོའི་དོན་དུ་སེམས་ཁུར་མ་བྱེད་ཅེས་གསུངས་གིན་ཡོད་པ་བརྗེད་མི་ཉནཞེས་གདམས་པ་ཡིན།

རེད་ཡ། ཆང་དྲི་དང་ལབ་བཅོལ་གྱི་བར་ནས་ངས་གནས་ལུགས་རེ་རྙེད་ཐུབ་ཅིང་། དངོས་ཡོད་དང་མཐུན་ཐབས་མེད་པའི་སྡུག་བསྔལ་མི་ཉུང་བ་ཞིག་ཀྱང་མྱོང་དགོས་པ་འདི་ང་རང་གི་ལན་ཆགས་དེའི་རྣམ་སྨིན་དུ་སྨིན་ཡོད་ངེས།

        གསུམ་པ། གྱང་ངོས་ཀྱི་ཕྱི་ནང་སྦྲེལ་བའི་རྦ་རླབས།

        ཁང་མིག་འདིར་རྒྱུན་ལྡན་མིན་པའི་དོན་བྱ་ཅི་ཡང་བྱུང་མེད་ནའང་ཁོས་ཁོ་མོས་བཤད་པའི་སྐད་ཆ་ཁ་ཤས་ཤིག་ད་དུང་ཡང་ཡིད་ངོར་སྒྲིག་གིན་འདུག

རང་ཉིད་ཀྱི་སྐྱེས་སྐར་ཡང་མ་ཤེས་པའི་རྒྱུ་མཚན་འདི་ལྟ་བུ་ཞིག་གི་འོག་ཏུ་ངས་ཁྱོད་ལ་སྐྱེས་སྐར་གྱི་ལག་བཏགས་ཤིག་འབུལ་བ་ནི་དོན་མཐུན་གྱི་རིག་པ་ཞིག་མིན་ནའང་དུས་བབ་ཀྱི་ཁ་དབུགས་ཁོ་ནས་ཡོངས་སུ་བསྒྱུར་བཀོད་བྱས་ཚར་བའི་སྤྱི་ཚོགས་ཤིག་གི་འགལ་རྐྱེན་ལ་སུས་ཀྱང་དོ་སྣང་བྱེད་ངེས་ཡིན་ན་ངས་ད་གཟོད་བདེན་དོན་གྱི་ཆེ་བ་མངོན་པའི་མི་ཚུལ་རིང་ལུགས་ཀྱི་ལེགས་སྐྱེས་ཤིག་ཁྱོད་ལ་འབུལ་ངེས་ཤིང་། འདིའི་དོན་དུ་བྱུང་བའི་དྲན་ཤེས་ཀྱི་རླབས་རྒྱུན་ཚང་མའང་ཁྱོད་ཀྱིས་ང་ལ་བཅངས་པའི་བརྩེ་དུང་གི་རེ་འབྲས་ཡིན་ལ། དུས་ནམ་ཞིག་གི་ཚེ་ན་ཁྱོད་ཀྱིས་ང་རང་རོལ་དབྱངས་སྙན་མོ་ཞིག་ལྟར་གཙང་ཆུའི་རླབས་ཁ་ནས་རྙེད་པའི་ཉམས་ལེན་གྱི་རང་དབང་དེ་ཐོབ་ངེས་པའི་དུས་སུ་ད་གཟོད་ཁྱོད་ཀྱིས་རང་ལ་འཐོབ་འོས་པའི་ལག་རྟགས་འདིའི་ཁ་འབྱེད་རོགས་གནང་།

ཁོས་བདེ་འཇགས་ཁུར་བའི་ལག་རྟགས་དེའི་བྱུང་ཉེས་ལ་ཧ་ཅང་སེམས་ཁུར་བྱེད་ཀྱིན་དལ་གྱིས་ཁ་འབྱེད་འགོ་བརྩམས། འོད་ཟེར་གྱི་རླུང་བུ་འཇམ་པོ་ཞིག་གི་སྐྱེལ་མའི་འོག་རྒས་ཚུལ་དོད༐?

   /></span>
</p>
<p class=          རེ་འདོད་སྟོང་ཞིང་མངོན་སུམ་གྱི་འཚོ་གནས་ལ་གོམས་པའི་བུ་མོ་ཞིག་འདོད་སྲེད་ཀྱིས་རྟོག་པ་མེད་པའི་ཐབས་ཚུལ་ཁོ་ནར་ཡིད་རེ་བའི་རྩོམ་འབྲི་བ་ཞིག་གི་སྨྱུག་ཁར་ལྷུང་བ་ནི་ཧྥུ་ལོ་དབྱི་ཏེས་1སུའོ་ཧྥུ་ཁོ་ལེ་སིའི་<<ཨེ་ཏེ་ཕུའུ་སི་རྒྱལ་པོ>>2ཡིས་ཕ་བསད་དེ་མ་བག་མར་བླངས་པ་ནི་རེ་འདོད་ཚིམ་པར་བྱེད་པ་ཞིག་སྟེ། མི་རྣམས་བྱིས་པའི་དུས་ཀྱི་རེ་འདོད་ཚིམ་པར་བྱེད་པ་དེ་རེདཅེས་པ་བཞིན་མི་གཤིས་ཀྱི་ཐོལ་བརྒལ་ཟིན་པའི་བག་ཆགས་ཤིག་གིས་ཁྱོད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་གཞི་རྩའི་བདགགི་བདེ་ཚོར་ཉམས་སུ་མྱོང་བའི་རྩ་དོན་གཞིར་བཟུང་སྟེ་འཚོ་བའི་རང་ནུས་དང་འཆི་བའི་རང་ནུས་གཉིས་ཀྱི་རྒྱུ་མཚན་འདོན་པའི་མི་གཤིས་ཤིག་ལ་རང་ཉིད་ཀྱི་ཡོད་ཚད་བཙོ་སྦྱང་བྱེད་ཀྱིན་ཡོད།

ཁོས་བདེ་འཇགས་ཁུར་བའི་ལག་རྟགས་དེའི་བྱུང་ཉེས་ལ་ཧ་ཅང་སེམས་ཁུར་བྱེད་ཀྱིན་དལ་གྱིས་ཁ་འབྱེད་འགོ་བརྩམས། འོད་ཟེར་གྱི་རླུང་བུ་འཇམ་པོ་ཞིག་གི་སྐྱེལ་མའི་འོག་རྒས་ཚུལ་དོད་པའི་ལག་རྟགས་དེ་གཉེར་མ་ཤིག་ཤིག་གིས་ཁོའི་མིག་ལམ་དུ་བབས་བྱུང་། ཨ་ཁ། བདེན་དོན་གྱི་ངོ་བོ་མཐའ་དག་འབྱམས་ཀླས་སུ་ཐོར་བའི་<<འཛམ་གླིང་ས་ཁྲ>>ཞིག་གི་ནང་དོན་ལྟར་ཁོས་ཁོ་མོས་ཡང་སྙིང་ཅི་ཞིག་དྲན་གྱིན་ཡོད་པ་གསལ་པོར་རྟོགས་སོང་།

       ཁོས་སླར་ཡང་གྱང་ངོས་སུ་སྦྱར་བའི་ཁོ་མོའི་འདྲ་རིས་ལ་གསལ་པོར་ཐེངས་གཅིག་བལྟས་རྗེས་སྣང་འཕྲུལ་གྱི་བདེན་རྫུན་ལ་གོ་སྐབས་མེད་པའི་འཆར་གཞི་དེའི་འོག་ཏུ་ཁོ་མོའི་སེམས་དོན་བརྐུ་བའི་སྣང་སྟོང་གི་འཕྲུལ་ཤེས་ལ་ཞུགས་འགོ་བརྩམས།

མོས་མིག་མདངས་བཙུགས་སའི་གནས་དེ་ཏག་ཏག་ས་ཁྲའི་སྟེང་གི་འཛམ་གླིང་གི་རོལ་དབྱངས་གྲོང་ཁྱེར་ཝེ་ཨེན་ན་ཞེས་པ་དེ་རེད་འདུག

སྤྱིར་ན་མོ་རང་ཉིད་ལ་སྒྱུ་རྩལ་གྱི་རོལ་མྱོང་ཐབས་ལ་གཤགས་པའི་ལྷན་སྐྱེས་ཀྱི་ཤེས་པ་གང་ཡང་མེད་ན་ཡང་ཁོ་མོའི་མིག་གི་སྐོར་སྟངས་དེ་ཧ་ཅང་གཟབ་ནན་དུ་སིམ་ཡོད་པས། ཤུགས་བསྟན་གྱི་བརྗོད་གཞི་མཐའ་དག་རེ་ཞིག་སུན་འབྱིན་པའི་གོ་སྐབས་དེ་སུས་ཀྱང་ཁ་ཚོན་གཅོད་དཀའ། གློ་བུར་དུ་རང་ཉིད་ལ་འཛུམ་མདངས་ཀྱིས་ཅེར་བའི་ཁོ་མོའི་འདྲ་རིས་དེའི་མིག་ཟུང་གི་མཐའ་རྒྱན་ལ་བབས་པའི་འོད་ཐིག་ཡོད་ཚད་རྒྱུག་ཆུ་བཞིན་བཞུར་ཡོང་སྟེ་ཁོ་རང་རྦ་རླབས་ཀྱི་དཀྱིལ་འཁོར་ཞིག་ལ་རྫོང་བཞིན་སྒེའུ་ཁུང་གི་ཕྱི་རོལ་དུ་དེད་བྱུང་།

       སྒེའུ་ཁུང་ཕྱི་རོལ་དུ་གནམ་ངོ་འཁྲིགས་ཤིང་རླུང་འཚུབ་གཡུག་པའི་འཇིགས་སྣང་གི་ཁྲོད་དུ་ཟད་ལ་ཉེ་བའི་དུར་ཁྲོད་ཅིག་གི་ཡུལ་ལྗོངས་ཧྲིལ་པོ་ཁོའི་མིག་ལམ་དུ་ལྷགས། སྔོན་དང་མི་མཚུངས་པ་ཞིག་ནི་རང་གི་དོད་རྟགས་སུ་མངོན་པའི་བྱིས་པ་དེའི་མགོ་སྐྲ་ཧྲིལ་པོ་དཀར་པོ་དཀར་རྐྱང་དུ་གྲུབ་ཡོད་ཅིང་། སྐྱོ་ཉམས་ཀྱིས་ཁེངས་པའི་མིག་ཟུང་ལ་རྟོག་བཏགས་ཀྱི་འོད་མདངས་ཤིག་འཚེར་ཡོད་པས་ཀྱང་འཇག་རྩྭའི་ཤུགས་གླུ་དང་རྐང་གླིང་གི་སྒྲ་སྐད་གཉོམ་པོ་དག་གིས་གནས་འདིའི་དབེན་པར་གནས་པའི་ཚེ་སྲོག་གི་རྒྱུན་ལ་དུས་མ་ཡིན་པའི་ཆག་འཇིག་གི་ཉམས་དམས་ཤིག་བསྟན་འདུག ཁོས་ཞེད་སྣང་དང་བཅས་ཨུ་ཚུགས་ཀྱིས་མདུན་ཕྱོགས་ཀྱི་ས་ངོས་ལ་རྐང་པ་སྤོ་བར་བརྩམས།

ཀྭ་ཡེ། སྒྱུ་འཕྲུལ་གྱི་མི། ཁྱེད་རང་གནས་གང་ཞིག་ནས་ལོག་སྟེ་ལུང་རྟོགས་ཀྱི་ཐར་པ་ཅི་ཞིག་ལ་བརྩོན་འདོད། ཁྱེད་ཀྱི་བློས་མ་བཞག་པའི་དྲན་སྣང་གི་འཐབ་ཚུལ་སྐོར་ཅིག་ལས་རྙིང་རལ་དུ་གྱུར་པའི་དར་ལྕོག་ཅིག་གི་རང་བཞིན་དེ་ས་འདིའི་དགེ་མཚན་དུ་བགྲང་ཚུགས་པ་ཡིན་ན། མ་རྟོག་ལོག་རྟོག་གི་ཐེ་ཚོམ་སེལ་བའི་སྐྱེ་བོ་ཇི་འདྲ་མང་པོ་ཞིག་སྐད་ཅིག་དེ་ཉིད་ལ་གསེར་གྱི་བ་དན་མཐོན་པོར་བགྲངས་པའི་དར་ཤིང་གི་རྩེ་མོར་དགྲོང་ངེས།

ས་འབུར་གྱི་དོལ་དུ་ལྷུང་བའི་ལྷོད་ཆགས་ཀྱི་སྐད་སྒྲ་དེ་འབྲུག་སྟོང་ལྡིར་བ་བཞིན་མུན་པས་ཡོངས་སུ་བཏུམ་པའི་ས་ཁུག་དེ་ནས་གྲགས་བྱུང་། བྱིས་པ་ཁོང་གིས་སྤྲོ་སྣང་མེད་པའི་སྐད་ཆ་དེ་ལ་བསམ་གཞིག་ཡུན་རིང་བྱས་མཐར་གུས་ཉམས་དང་བཅས།

གནའ་བོའི་དུར་ཁྲོད་ཅིག་གི་དཔའ་མཛངས་སུ་ཤར་བའི་རྣམ་ཤེས་ཀྱི་བདག་པོ་ཆེན་པོ་ལགས། སྨག་རུམ་གྱི་ཞིང་བཀོད་ལས་མཐོང་སྣང་གི་མཛེས་པ་ཉམས་སུ་མྱོང་ཐུབ་པ་འདི་ཁྱོད་ཀྱི་བགོས་བསྐལ་དུ་བབས་ཡོད་ན། ཁྱོད་ཀྱིས་འཇིགས་སྣང་གིས་འཚོས་པའི་ཡུལ་ཁམས་འདིའི་ལོངས་སྤྱོད་ལ་ཟད་མཐའ་མེད་པའི་དཀར་ངོགས་ཀྱི་འཇིག་རྟེན་ཞིག་གསར་གཏོད་མི་བྱེད་པའི་རྒྱུ་མཚན་ཅི་ཡིན། རླུང་ཁ་ན་ཟད་བཞིན་པའི་དར་ལྕོག་དག་གི་ཟག་སྒྲ་ལས་ཀྱང་དབྱངས་གསལ་གྱི་བརྗིད་ཉམས་ཐོར་བའི་རྟགས་མཚན་གང་མང་ཞིག་གནས་འདིའི་དཀྱིལ་འཁོར་རྫོགས་པའི་ཟླ་བའི་འོད་ཁུག་ཏུ་བསྡུས་ནས་ཡོད་པས། སྣང་བརྙན་འདིས་བསྐྲུན་པའི་ཆག་འཇིག་གི་ཉམས་དམས་ལས་ང་ཚོ་ལ་ཐོབ་པ་ནི་ཆེས་མི་ལེགས་པའི་ལུང་བསྟན་ཞིག་ལས་བདེ་ཚོར་གྱི་རིན་ཐང་རྙེད་པའི་ཐ་སྙད་ཅིག་ག་ནས་ཡིནཞེས་བརྗོད།

མདུན་ཕྱོགས་ནས་ས་ངོས་སུ་གདབ་པའི་འཇོར་གྱི་རྡེག་སྒྲ་ཞིག་ཐག་རིང་ནས་ཉེ་སར་གྲགས་ཡོང་། ཁོས་སྐད་སྒྲ་དེའི་ཕྱོགས་སུ་གསལ་པོར་བལྟ་དུས། དཀར་མདོག་གི་ལྭ་བ་ཆ་ཚང་སྤྲས་པའི་མི་ཞིག་གིས་དུར་ས་བརྐོ་བའི་སྣང་ཚུལ་དེ་ཁོའི་འདྲེན་བྱེད་ཡུལ་དུ་གསལ་པོར་མངོན་བྱུང་། ཟླ་བ་སྤྲིན་རུམ་ནས་ཐོན་པ་དང་སྔར་གནས་ཀྱི་ཡུལ་ལྗོངས་ཧྲིལ་པོ་ཡང་གསལ་ལྷང་ངེར་ཁོའི་མིག་ལམ་དུ་མངོན་པ་ན་དུར་ས་བརྐོ་བའི་མི་དེའི་རྒྱབ་གཟུགས་ཀྱང་རིམ་གྱིས་ཁོའི་ཉེ་སར་བཅར་བ་མཐོང་།

ཝ་ཡེ། སྡིག་ལས་པ། མིའི་ཚེ་སྲོག་གི་གོད་ཆག་ལ་འདི་ལྟ་བུའི་བཙན་བཤེར་བྱེད་དོན་ཅི་ཡིན། འདིའི་ས་འོག་ཏུ་སིམ་པའི་པུར་སྒྲོམ་ཡོད་ཚད་སྔ་མོ་ཞིག་ནས་རླུང་གིས་ཟད་སོང་བ་མ་ཡིན་ནམཞེས་བརྗོད་བཞིན་ཕ་རོལ་བ་དེའི་གདོང་ལ་ལྟ་དུས། མ་གཞི་ནས་མི་དེ་ནི་རང་གི་སྙིང་ལ་ཐེ་བའི་བུ་མོ་སྒྲོལ་མ་ཡིན་པ་ངོས་ཟིན་བྱུང་།

ཨ། འདི་ལྟ་བུའི་གནས་བབ་ཏུ་ཁྱོད་ཀྱིས་བཟོད་བསྲན་བྱེད་ཐུབ་བམ། བྱ་བ་གང་ཡང་མེད་པར་ངེས་པར་དུ་དུར་ས་བརྐོ་དགོས་པའི་གནས་ལུགས་འདི་སུས་ཁྱོད་ལ་བསླབས་པ་ཡིན

ངའི་ཝེ་ཨན་ན་གྲོང་ཁྱེར་གྱི་སྲོག་རྩར་ཐེ་བའི་<<མཐིང་མདོག་གི་དོ་ནོ་གཙང་པོ>>3དེ་ངེད་གཉིས་ཀྱི་བརྩེ་སེམས་མཚོན་པའི་དན་རྟགས་སུ་འབུལ་འདོད་པ་ཡིན

གླེན་མ། མཐིང་མདོག་གི་དོ་ནོ་གཙང་པོ་ཞེས་པ་ཅི་ཡིན།

དེ་ནི་རླབས་སྔོན་གྱི་ཟེགས་མ་དྲག་ཏུ་འཕྱོ་བའི་མི་སེམས་ཀྱི་བརྩེ་དུང་མཚོན་པའི་གཙང་པོ་ཞིག་ཡིན།

ཁྱོད་ཀྱི་ནམ་ཞིག་ནས་བཟུང་སྟེ་སྒྱུ་རྩལ་གྱི་སྣང་བ་མཐའ་དག་མིའི་བདེ་བཀོད་ཀྱི་བློ་རིག་ཏུ་ངོས་བཟུང་བ་ཡིན། འདི་ནི་མིའི་རིགས་ཀྱི་བླ་སྲོག་ལས་ཐོར་བའི་བདེ་འབྱུང་གི་རེ་བ་ཞིག་ཏུ་བསམ་ན། རྨི་ལམ་ལྟ་བུའི་འཁྲབ་ཚན་འདིའི་ཡོལ་རས་ཀྱི་ངོས་སུ་ལྷུང་བ་ཡང་ཁྱོད་ཀྱི་རྣམ་པར་བཀྲ་བའི་མིག་ཟུང་ལས་གདངས་སྙན་པོའི་གཙང་པོ་ཞིག་གི་འབབ་རྒྱུན་ཞིག་གང་ན་སྣང་། རེད་ཡ། བརྩེ་དུང་གི་ཕམ་ཉེས་ཀྱིས་རྟག་ཏུ་ང་རང་སྡུག་ལ་སྦྱོར་བ་ཡང་ཁྱོད་ཀྱིས་བརྐོས་པའི་དུར་ས་དེའི་བྱུང་ཉེས་ཀྱི་སྡུག་འབྲས་ལ་རག་ལས་ཡོད་ཤས་ཆེ།

ཁོས་དབུགས་རིང་ཞིག་འཐེན་བཞིན་དྲན་སྣང་ལས་གློ་བུར་ཕྱིར་ལྡིང་བའི་དུས་འོད་ཟེར་གྱི་རང་སྣང་མངོན་པའི་འདྲ་རིས་དེའི་མཁུར་མགོ་རུ་མིག་ཆུ་རྡོག་པོ་གཉིས་དལ་གྱིས་བཞུར་ཡོང་བ་རྟོགས་ཤིང་། ས་ཁྲའི་སྟེང་གི་ལམ་བུ་རེ་རེར་ཅེར་བའི་རང་ཉིད་ཀྱི་མིག་ཟུང་དེ་ཡང་བརླན་ཤེར་རྒྱུག་པའི་བསིལ་སྣང་གིས་འདབ་མ་ཡོངས་སུ་ཟུམ་པའི་མེ་ཏོག་ཅིག་གི་རང་སྣང་ལས་དལ་གྱིས་ཁ་ཟུམ་པ་ན། ཚ་དྲོད་འབར་བའི་མིག་ཆུ་རྡོག་པོ་གཉིས་ཀྱང་ས་གཞི་ཆེན་པོའི་སྒལ་པར་ལྷུང་བྱུང་།

བརྩེ་དུང བརྩེ་དུང

གཡེར་བག་དང་མཉེས་གཤིན་གྱི་ཀློང་ན་རྒོད་པའི་རང་དབང་གི་གླུ་སྒྲ་རྣམ་ཤེས་ཀྱི་རླུང་བུར་འཛིན་པའི་དབང་ཤེས་ཀྱི་མེ་ཏོག

ཁྱོད་ཀྱི་མེ་ཏོག་གི་བཞིན་རས་ལ་བབས་པའི་བརླན་གཤེར་གྱི་ཟིལ་པ་རེ་རེ་ནི་བདག་གི་རྩ་ལམ་ན་རྒྱུ་བའི་ཁྲག་རྒྱུན་གྱི་ཐིགས་པ་རེ་རེ་ཡིན། །

1 ཧྥུ་ལོ་དབྱི་ཏེ།(Sigmund Freud) ཨོ་སི་ཁྲུ་རི་ཡའི་ཡིད་རྣམ་འབྱེད་རིག་པ་སྨྲ་བའི་གསར་གཏོད་པ་དང་། དེང་རབས་རྩོམ་རིག་གི་གལ་ཆེའི་སློབ་སྟོན་པ།

2 <<ཨེ་ཏེ་ཕུའུ་སི་རྒྱལ་བོ།>>གནའ་བོའི་ཀེ་རི་སེའི་སྐྱོ་གར་འཁྲབ་གཞུང་གི་ཏོག་ལྟ་བུ་སྟེ། སུའོ་ཧྥུ་ཁོ་ལེ་སི(Sophocles)ཡི་ཚབ་མཚོན་ཟློས་གར་འཁྲབ་གཞུང་ཡིན།

3 མཐིང་མདོག་གི་དོ་ནོ་གཙང་བོ། : ཨོ་སི་ཁྲུ་རི་ཡའི་དབྱངས་རྩོམ་མཁན་གྲགས་ཅན་ཇོམ་སི་ཐྲི་རོ་སི(Johana Straub) ཡི་ཚབ་མཚོན་སྒོར་བྲོའི་རོལ་མོ་བརྩམས་ཆོས་མཛེས་ཤིང་ལྟ་ན་སྡུག་པའི་མཐིང་མདོག་གི་དོ་ནོ་གཙང་བོའི་འགྲམ་རྒྱུད་ཅེས་པའི་བསྡུས་འབྲི་ཡིན།

?ན་ཞིང་།གནའ་དུས་རྒྱལ་ཁབ་ཕྱུག་པོ་སྟོབས་དང་ལྡན་པ་ཡིན་གཤིས། སྟག་གཟིག་ནོར་གྱི་རྒྱལ་བོ་ཟེར།གེ་སར་སྒྲུང་དུའང་སྟག་གཟིག་ནོར་རྫོང་བཅོམ།ཞེས་པའི་ནོར་རྫོང་ནི་གྲོང་ཁྱེར་དང་ཕོ་བྲང་ཕྱུག་པོའི་བརྡ་ཆད་རེད།བོད་ཆོས་རྒྱལ་གྱི་དུས་སུ་བོད་ལ་བཙན་འཛུལ་དུ་མ་བྱས་ཀྱང་།མཐར་གཡུལ་ཕམ་ཏེ་བོད་རྒྱལ་ལ་དཔྱ་ཁྲལ་འབུལ་དགོས་བྱུང་། བོད་ཁ་འཐོར་གྱི་དུས་སུ།བོད་ཀྱི་སྲིད་ཉམས་ཤིང་མགོ་འཐོར་དུ་སོང་བ་ཤེས་ནས།བོད་ལ་རྐུན་ཇག་སོགས་གནོད་པ་བྱས་ན་ཡང་།དེའི་སྐབས་དབུས་གཙང་དུ་སྡེ་དཔོན་སྟོབས་ལྡན་དམག་ཤུགས་ཅན་མེད་གཤིས།དབུས་གཙང་གི་ཆེ་གཙོ་འགས་མདོ་ཁམས་ཀྱི་དཔའ་བོ་སྟོབས་ལྡན་དམག་ཤེད་ཅན་ག��ིང་གེ་སར་རྒྱལ་བོ་སྐུལ་སློང་བྱས་པ་སོགས་ཀྱི་རྐྱེན་གྱིས།སྟག་གླིང་གཡུལ་འགྱེད་བྱུང་སྟེ། སྟག་གཟིག་ནོར་རྫོང་བཅོམ་སྟེ་རྒྱལ་ཁ་བླངས།དེ་དུས་བོད་ལ་གནོད་པ་བྱེད་པའི་རྒྱ་ནག་གི་གྲོང་དང་གྲོང་རྡལ་འགའ་ཞིག་བཅོམ་པའི་མཁར་ཤུལ་རྔ་བ།ཟངས་དཀར། མཛོད་དགེ་དང་། ཀན་ལྷོ་ཕྱོགས་སུའང་ཡོད། དེ་དག་ལ་སོགས་པ་གཡུལ་ཆེན་བཅོ་བརྒྱད་སོགས་བགྱིས་པ་དང་། རྨ་སྟོད་སྨད་བར་གསུམ་སོགས་མདོ་ཁམས་ཡོངས་ལ་དབང་བསྒྱུར་ཅིང་། བོད་ཡུལ་ཕལ་མོ་ཆེ་ལ་ལུང་འབེབས་པ་བྱུང་ངོ་། ། གླིང་གེ?པའི་ལག་རྟགས་དེ་གཉེར་མ་ཤིག་ཤིག་གིས་ཁོའི་མིག་ལམ་དུ་བབས་བྱུང་། ཨ་ཁ། བདེན་དོན་གྱི་ངོ་བོ་མཐའ་དག་འབྱམས་ཀླས་སུ་ཐོར་བའི་<<འཛམ་གླིང་ས་ཁྲ>>ཞིག་གི་ནང་དོན་ལྟར་ཁོས་ཁོ་མོས་ཡང་སྙིང་ཅི་ཞིག་དྲན་གྱིན་ཡོད་པ་གསལ་པོར་རྟོགས་སོང་།

       ཁོས་སླར་ཡང་གྱང་ངོས་སུ་སྦྱར་བའི་ཁོ་མོའི་འདྲ་རིས་ལ་གསལ་པོར་ཐེངས་གཅིག་བལྟས་རྗེས་སྣང་འཕྲུལ་གྱི་བདེན་རྫུན་ལ་གོ་སྐབས་མེད་པའི་འཆར་གཞི་དེའི་འོག་ཏུ་ཁོ་མོའི་སེམས་དོན་བརྐུ་བའི་སྣང་སྟོང་གི་འཕྲུལ་ཤེས་ལ་ཞུགས་འགོ་བརྩམས།

མོས་མིག་མདངས་བཙུགས་སའི་གནས་དེ་ཏག་ཏག་ས་ཁྲའི་སྟེང་གི་འཛམ་གླིང་གི་རོལ་དབྱངས་གྲོང་ཁྱེར་ཝེ་ཨེན་ན་ཞེས་པ་དེ་རེད་འདུག

སྤྱིར་ན་མོ་རང་ཉིད་ལ་སྒྱུ་རྩལ་གྱི་རོལ་མྱོང་ཐབས་ལ་གཤགས་པའི་ལྷན་སྐྱེས་ཀྱི་ཤེས་པ་གང་ཡང་མེད་ན་ཡང་ཁོ་མོའི་མིག་གི་སྐོར་སྟངས་དེ་ཧ་ཅང་གཟབ་ནན་དུ་སིམ་ཡོད་པས། ཤུགས་བསྟན་གྱི་བརྗོད་གཞི་མཐའ་དག་རེ་ཞིག་སུན་འབྱིན་པའི་གོ་སྐབས་དེ་སུས་ཀྱང་ཁ་ཚོན་གཅོད་དཀའ། གློ་བུར་དུ་རང་ཉིད་ལ་འཛུམ་མདངས་ཀྱིས་ཅེར་བའི་ཁོ་མོའི་འདྲ་རིས་དེའི་མིག་ཟུང་གི་མཐའ་རྒྱན་ལ་བབས་པའི་འོད་ཐིག་ཡོད་ཚད་རྒྱུག་ཆུ་བཞིན་བཞུར་ཡོང་སྟེ་ཁོ་རང་རྦ་རླབས་ཀྱི་དཀྱིལ་འཁོར་ཞིག་ལ་རྫོང་བཞིན་སྒེའུ་ཁུང་གི་ཕྱི་རོལ་དུ་དེད་བྱུང་།

       སྒེའུ་ཁུང་ཕྱི་རོལ་དུ་གནམ་ངོ་འཁྲིགས་ཤིང་རླུང་འཚུབ་གཡུག་པའི་འཇིགས་སྣང་གི་ཁྲོད་དུ་ཟད་ལ་ཉེ་བའི་དུར་ཁྲོད་ཅིག་གི་ཡུལ་ལྗོངས་ཧྲིལ་པོ་ཁོའི་མིག་ལམ་དུ་ལྷགས། སྔོན་དང་མི་མཚུངས་པ་ཞིག་ནི་རང་གི་དོད་རྟགས་སུ་མངོན་པའི་བྱིས་པ་དེའི་མགོ་སྐྲ་ཧྲིལ་པོ་དཀར་པོ་དཀར་རྐྱང་དུ་གྲུབ་ཡོད་ཅིང་། སྐྱོ་ཉམས་ཀྱིས་ཁེངས་པའི་མིག་ཟུང་ལ་རྟོག་བཏགས་ཀྱི་འོད་མདངས་ཤིག་འཚེར་ཡོད་པས་ཀྱང་འཇག་རྩྭའི་ཤུགས་གླུ་དང་རྐང་གླིང་གི་སྒྲ་སྐད་གཉོམ་པོ་དག་གིས་གནས་འདིའི་དབེན་པར་གནས་པའི་ཚེ་སྲོག་གི་རྒྱུན་ལ་དུས་མ་ཡིན་པའི་ཆག་འཇིག་གི་ཉམས་དམས་ཤིག་བསྟན་འདུག ཁོས་ཞེད་སྣང་དང་བཅས་ཨུ་ཚུགས་ཀྱིས་མདུན་ཕྱོགས་ཀྱི་ས་ངོས་ལ་རྐང་པ་སྤོ་བར་བརྩམས།

ཀྭ་ཡེ། སྒྱུ་འཕྲུལ་གྱི་མི། ཁྱེད་རང་གནས་གང་ཞིག་ནས་ལོག་སྟེ་ལུང་རྟོགས་ཀྱི་ཐར་པ་ཅི་ཞིག་ལ་བརྩོན་འདོད། ཁྱེད་ཀྱི་བློས་མ་བཞག་པའི་དྲན་སྣང་གི་འཐབ་ཚུལ་སྐོར་ཅིག་ལས་རྙིང་རལ་དུ་གྱུར་པའི་དར་ལྕོག་ཅིག་གི་རང་བཞིན་དེ་ས་འདིའི་དགེ་མཚན་དུ་བགྲང་ཚུགས་པ་ཡིན་ན། མ་རྟོག་ལོག་རྟོག་གི་ཐེ་ཚོམ་སེལ་བའི་སྐྱེ་བོ་ཇི་འདྲ་མང་པོ་ཞིག་སྐད་ཅིག་དེ་ཉིད་ལ་གསེར་གྱི་བ་དན་མཐོན་པོར་བགྲངས་པའི་དར་ཤིང་གི་རྩེ་མོར་དགྲོང་ངེས།

ས་འབུར་གྱི་དོལ་དུ་ལྷུང་བའི་ལྷོད་ཆགས་ཀྱི་སྐད་སྒྲ་དེ་འབྲུག་སྟོང་ལྡིར་བ་བཞིན་མུན་པས་ཡོངས་སུ་བཏུམ་པའི་ས་ཁུག་དེ་ནས་གྲགས་བྱུང་། བྱིས་པ་ཁོང་གིས་སྤྲོ་སྣང་མེད་པའི་སྐད་ཆ་དེ་ལ་བསམ་གཞིག་ཡུན་རིང་བྱས་མཐར་གུས་ཉམས་དང་བཅས།

གནའ་བོའི་དུར་ཁྲོད་ཅིག་གི་དཔའ་མཛངས་སུ་ཤར་བའི་རྣམ་ཤེས་ཀྱི་བདག་པོ་ཆེན་པོ་ལགས། སྨག་རུམ་གྱི་ཞིང་བཀོད་ལས་མཐོང་སྣང་གི་མཛེས་པ་ཉམས་སུ་མྱོང་ཐུབ་པ་འདི་ཁྱོད་ཀྱི་བགོས་བསྐལ་དུ་བབས་ཡོད་ན། ཁྱོད་ཀྱིས་འཇིགས་སྣང་གིས་འཚོས་པའི་ཡུལ་ཁམས་འདིའི་ལོངས་སྤྱོད་ལ་ཟད་མཐའ་མེད་པའི་དཀར་ངོགས་ཀྱི་འཇིག་རྟེན་ཞིག་གསར་གཏོད་མི་བྱེད་པའི་རྒྱུ་མཚན་ཅི་ཡིན། རླུང་ཁ་ན་ཟད་བཞིན་པའི་དར་ལྕོག་དག་གི་ཟག་སྒྲ་ལས་ཀྱང་དབྱངས་གསལ་གྱི་བརྗིད་ཉམས་ཐོར་བའི་རྟགས་མཚན་གང་མང་ཞིག་གནས་འདིའི་དཀྱིལ་འཁོར་རྫོགས་པའི་ཟླ་བའི་འོད་ཁུག་ཏུ་བསྡུས་ནས་ཡོད་པས། སྣང་བརྙན་འདིས་བསྐྲུན་པའི་ཆག་འཇིག་གི་ཉམས་དམས་ལས་ང་ཚོ་ལ་ཐོབ་པ་ནི་ཆེས་མི་ལེགས་པའི་ལུང་བསྟན་ཞིག་ལས་བདེ་ཚོར་གྱི་རིན་ཐང་རྙེད་པའི་ཐ་སྙད་ཅིག་ག་ནས་ཡིནཞེས་བརྗོད།

མདུན་ཕྱོགས་ནས་ས་ངོས་སུ་གདབ་པའི་འཇོར་གྱི་རྡེག་སྒྲ་ཞིག་ཐག་རིང་ནས་ཉེ་སར་གྲགས་ཡོང་། ཁོས་སྐད་སྒྲ་དེའི་ཕྱོགས་སུ་གསལ་པོར་བལྟ་དུས། དཀར་མདོག་གི་ལྭ་བ་ཆ་ཚང་སྤྲས་པའི་མི་ཞིག་གིས་དུར་ས་བརྐོ་བའི་སྣང་ཚུལ་དེ་ཁོའི་འདྲེན་བྱེད་ཡུལ་དུ་གསལ་པོར་མངོན་བྱུང་། ཟླ་བ་སྤྲིན་རུམ་ནས་ཐོན་པ་དང་སྔར་གནས་ཀྱི་ཡུལ་ལྗོངས་ཧྲིལ་པོ་ཡང་གསལ་ལྷང་ངེར་ཁོའི་མིག་ལམ་དུ་མངོན་པ་ན་དུར་ས་བརྐོ་བའི་མི་དེའི་རྒྱབ་གཟུགས་ཀྱང་རིམ་གྱིས་ཁོའི་ཉེ་སར་བཅར་བ་མཐོང་།

ཝ་ཡེ། སྡིག་ལས་པ། མིའི་ཚེ་སྲོག་གི་གོད་ཆག་ལ་འདི་ལྟ་བུའི་བཙན་བཤེར་བྱེད་དོན་ཅི་ཡིན། འདིའི་ས་འོག་ཏུ་སིམ་པའི་པུར་སྒྲོམ་ཡོད་ཚད་སྔ་མོ་ཞིག་ནས་རླུང་གིས་ཟད་སོང་བ་མ་ཡིན་ནམཞེས་བརྗོད་བཞིན་ཕ་རོལ་བ་དེའི་གདོང་ལ་ལྟ་དུས། མ་གཞི་ནས་མི་དེ་ནི་རང་གི་སྙིང་ལ་ཐེ་བའི་བུ་མོ་སྒྲོལ་མ་ཡིན་པ་ངོས་ཟིན་བྱུང་།

ཨ། འདི་ལྟ་བུའི་གནས་བབ་ཏུ་ཁྱོད་ཀྱིས་བཟོད་བསྲན་བྱེད་ཐུབ་བམ། བྱ་བ་གང་ཡང་མེད་པར་ངེས་པར་དུ་དུར་ས་བརྐོ་དགོས་པའི་གནས་ལུགས་འདི་སུས་ཁྱོད་ལ་བསླབས་པ་ཡིན

ངའི་ཝེ་ཨན་ན་གྲོང་ཁྱེར་གྱི་སྲོག་རྩར་ཐེ་བའི་<<མཐིང་མདོག་གི་དོ་ནོ་གཙང་པོ>>3དེ་ངེད་གཉིས་ཀྱི་བརྩེ་སེམས་མཚོན་པའི་དན་རྟགས་སུ་འབུལ་འདོད་པ་ཡིན

གླེན་མ། མཐིང་མདོག་གི་དོ་ནོ་གཙང་པོ་ཞེས་པ་ཅི་ཡིན།

དེ་ནི་རླབས་སྔོན་གྱི་ཟེགས་མ་དྲག་ཏུ་འཕྱོ་བའི་མི་སེམས་ཀྱི་བརྩེ་དུང་མཚོན་པའི་གཙང་པོ་ཞིག་ཡིན།

ཁྱོད་ཀྱི་ནམ་ཞིག་ནས་བཟུང་སྟེ་སྒྱུ་རྩལ་གྱི་སྣང་བ་མཐའ་དག་མིའི་བདེ་བཀོད་ཀྱི་བློ་རིག་ཏུ་ངོས་བཟུང་བ་ཡིན། འདི་ནི་མིའི་རིགས་ཀྱི་བླ་སྲོག་ལས་ཐོར་བའི་བདེ་འབྱུང་གི་རེ་བ་ཞིག་ཏུ་བསམ་ན། རྨི་ལམ་ལྟ་བུའི་འཁྲབ་ཚན་འདིའི་ཡོལ་རས་ཀྱི་ངོས་སུ་ལྷུང་བ་ཡང་ཁྱོད་ཀྱི་རྣམ་པར་བཀྲ་བའི་མིག་ཟུང་ལས་གདངས་སྙན་པོའི་གཙང་པོ་ཞིག་གི་འབབ་རྒྱུན་ཞིག་གང་ན་སྣང་། རེད་ཡ། བརྩེ་དུང་གི་ཕམ་ཉེས་ཀྱིས་རྟག་ཏུ་ང་རང་སྡུག་ལ་སྦྱོར་བ་ཡང་ཁྱོད་ཀྱིས་བརྐོས་པའི་དུར་ས་དེའི་བྱུང་ཉེས་ཀྱི་སྡུག་འབྲས་ལ་རག་ལས་ཡོད་ཤས་ཆེ།

ཁོས་དབུགས་རིང་ཞིག་འཐེན་བཞིན་དྲན་སྣང་ལས་གློ་བུར་ཕྱིར་ལྡིང་བའི་དུས་འོད་ཟེར་གྱི་རང་སྣང་མངོན་པའི་འདྲ་རིས་དེའི་མཁུར་མགོ་རུ་མིག་ཆུ་རྡོག་པོ་གཉིས་དལ་གྱིས་བཞུར་ཡོང་བ་རྟོགས་ཤིང་། ས་ཁྲའི་སྟེང་གི་ལམ་བུ་རེ་རེར་ཅེར་བའི་རང་ཉིད་ཀྱི་མིག་ཟུང་དེ་ཡང་བརླན་ཤེར་རྒྱུག་པའི་བསིལ་སྣང་གིས་འདབ་མ་ཡོངས་སུ་ཟུམ་པའི་མེ་ཏོག་ཅིག་གི་རང་སྣང་ལས་དལ་གྱིས་ཁ་ཟུམ་པ་ན། ཚ་དྲོད་འབར་བའི་མིག་ཆུ་རྡོག་པོ་གཉིས་ཀྱང་ས་གཞི་ཆེན་པོའི་སྒལ་པར་ལྷུང་བྱུང་།

བརྩེ་དུང བརྩེ་དུང

གཡེར་བག་དང་མཉེས་གཤིན་གྱི་ཀློང་ན་རྒོད་པའི་རང་དབང་གི་གླུ་སྒྲ་རྣམ་ཤེས་ཀྱི་རླུང་བུར་འཛིན་པའི་དབང་ཤེས་ཀྱི་མེ་ཏོག

ཁྱོད་ཀྱི་མེ་ཏོག་གི་བཞིན་རས་ལ་བབས་པའི་བརླན་གཤེར་གྱི་ཟིལ་པ་རེ་རེ་ནི་བདག་གི་རྩ་ལམ་ན་རྒྱུ་བའི་ཁྲག་རྒྱུན་གྱི་ཐིགས་པ་རེ་རེ་ཡིན། །

1 ཧྥུ་ལོ་དབྱི་ཏེ།(Sigmund Freud) ཨོ་སི་ཁྲུ་རི་ཡའི་ཡིད་རྣམ་འབྱེད་རིག་པ་སྨྲ་བའི་གསར་གཏོད་པ་དང་། དེང་རབས་རྩོམ་རིག་གི་གལ་ཆེའི་སློབ་སྟོན་པ།

2 <<ཨེ་ཏེ་ཕུའུ་སི་རྒྱལ་བོ།>>གནའ་བོའི་ཀེ་རི་སེའི་སྐྱོ་གར་འཁྲབ་གཞུང་གི་ཏོག་ལྟ་བུ་སྟེ། སུའོ་ཧྥུ་ཁོ་ལེ་སི(Sophocles)ཡི་ཚབ་མཚོན་ཟློས་གར་འཁྲབ་གཞུང་ཡིན།

3 མཐིང་མདོག་གི་དོ་ནོ་གཙང་བོ། : ཨོ་སི་ཁྲུ་རི་ཡའི་དབྱངས་རྩོམ་མཁན་གྲགས་ཅན་ཇོམ་སི་ཐྲི་རོ་སི(Johana Straub) ཡི་ཚབ་མཚོན་སྒོར་བྲོའི་རོལ་མོ་བརྩམས་ཆོས་མཛེས་ཤིང་ལྟ་ན་སྡུག་པའི་མཐིང་མདོག་གི་དོ་ནོ་གཙང་བོའི་འགྲམ་རྒྱུད་ཅེས་པའི་བསྡུས་འབྲི་ཡིན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1