ཞི་ཅིན་ཕིང་དང་མོ་ཞི་ཁོའི་ཙུང་ཐུང་ལུའོ་ཕེ་སིས་ཀྲུང་མོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 02-16
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མོ་ཞི་ཁོ་ཧོ་ཀྲུང་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའོ་ཕེ་སིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་མོ་རྒྱལ་ཁབ་གཉིས་ནི་ཤེས་དཔལ་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ལ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀ་སོང་ཚུན་དང་ལྷག་པར་དུ་2013ལོར་རྒྱལ་ཁབ་གཉིས་པོའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཚུན་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་སོང་ཡོད། རྒྱལ་ཁབ་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཉིན་བཞིན་ཟབ་ཏུ་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་མཛའ་གྲོགས་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་ཐེབས་ཡོད། དུས་རབས་ཀྱི་རིམས་ནད་མདུན་དུ་ཀྲུང་མོ་རྒྱལ་ཁབ་གཉིས་པོས་ཕྱར་བ་གྲུ་འདེགས་དང་ཕན་ཚུན་ལྟ་སྐྱོང་བྱས་ཏེ་རྒྱལ་སྤྱི་མཐུན་སྒྲིལ་གྱིས་རིམས་ནད་སྔོན་འགོག་གི་དཔེ་མཚོན་བཏོད་ཡོད། ཀྲུང་གོ་དང་མོ་ཞི་ཁོའི་དབར་གྱི་མཛའ་གྲོགས་ལྗོན་ཤིང་ལ་ལོ་འདབ་རྒྱས་པ་མ་ཟད་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱང་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ངས་ཀྲུང་མོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་ལུའོ་ཕེ་སི་དང་མཉམ་དུ་འབད་བརྩོན་གྱིས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་གོ་སྐབས་སུ་བྱས་ཏེ་ལག་གདང་དཔུང་སྦྲེལ་དང་། སྔ་འཛིན་ཕྱི་གཏོད། སྲོལ་རྒྱུན་མཛའ་གྲོགས་ཟབ་གཏོང་། གཉིས་ཁེ་མཉམ་ལས་ཟབ་གཏོང་། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་མོ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་ཡིད་ཆེས་ཀྱི་གྲོགས་པོ་བཟང་པོ་དང་དར་རྒྱས་མཉམ་སྤྱོད་ཀྱི་རོགས་ཟླ་བཟང་པོ་ཞིག་ནམ་ཡང་བྱེད་བཅུག་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
ལུའོ་ཕེ་སིས་ལོ་ངོ་50ཡི་རིང་མོ་ཞི་ཁོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་གཞོམ་ཞིག་མེད་པའི་མཛའ་གྲོགས་བཏོད་དེ་ཆབ་སྲིད་དང་། དཔལ་འབྱོར། སློབ་གསོ་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་རྒྱ་ཁྱབ་བྱས་པ་དེ་རྒྱལ་ཁབ་གཉིས་པོས་མཐུན་སྒྲིལ་ངང་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་བརྒྱུད་རིམ་ནང་མངོན་ཡོད། མོ་ཞི་ཁོ་ཕྱོགས་ཀྱིས་རིམས་ནད་འགོག་བཅོས་བྱེད་པའི་བརྒྱུད་རིམ་ནང་ཀྲུང་གོས་ང་ཚོ་དང་ཕན་ཚུན་ལྟ་སྐྱོང་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ནམ་ཡང་སེམས་ལ་བརྟན་པོར་ངེས་རྒྱུ་ཡིན། མིག་སྔར་མོ་ཞི་ཁོ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དུས་བསྟུན་འཕེལ་རྒྱས་དང་ཉིན་བཞིན་བརྟན་དུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་རྒྱུན་ཆད་མེད་པར་བདེ་སྐྱིད་སྐྲུན་བཞིན་ཡོད། ཕྱོགས་གཉིས་པོས་ས་ཁུལ་དང་ཕྱོགས་མང་རིམ་ངོས་ཐད་མཉམ་དུ་འགྲན་སློང་ལ་ཁ་གཏད་གཅོག་གི་ཡོད། མོ་ཞི་ཁོ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་འགྲོ་ངེས་ཡིན་པ་དང་གསོན་ཤུགས་གསར་པ་འཕེལ་ངེས་ཡིན་པ་ངར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།