མཛོད་དགེ་རྫོང་གིས་མེ་འགོག་མེ་གསོད་ལས་དོན་དམ་འཛིན་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 02-17


    ཉེ་ཆར། ཁུལ་ཨུ་དང་ཁུལ་སྲིད་གཞུང་། རྫོང་ཨུ་དང་རྫོང་སྲིད་གཞུང་བཅས་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར། མཛོད་དགེ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་མུ་མཐུད་དུ་དྲིལ་སྒྲོག་སློབ་གསོ་ཤུགས་ཆེར་བཏང་བས། མངོན་མེད་རྐྱེན་ངན་རིམ་བཤེར་དམ་འཛིན་བྱས་པ་དང་། སྐོར་སྲུང་དང་སྐོར་ཞིབ་ཤུགས་ཆེར་བཏང་སྟེ། ནུས་ཤུགས་ཡོད་རྒུས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་དོན་དམ་འཛིན་བྱས།

    རྫོང་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་གནོད་པ་ཅི་ཡང་མེད་ཆེད། ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཞིབ་བཤེར་ཚན་ཁག་གཉིས་བཙུགས་ཏེ། དཔལ་སྐྱིད་དང་ཐེ་བོ་ས་ཁུལ་དུ་བསྐྱོད་དེ། ཡོངས་ཁེབས་ལྟར་ལམ་མདོ་དང་ས་ཁོངས་གཙོ་བོར་རིམ་བཤེར་གང་ལེགས་བྱས་པ་དང་། འགྲོ་འོང་རླངས་འཁོར་དང་མི་སྣར་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་སྒྲོག་བྱས་པ། ས་ཚིགས་སོ་སོའི་མེ་འགོག་སོ་སྲུང་གི་ལས་རེས་ཤུགས་ཆེར་བཏང་བ། སྐོར་སྲུང་དང་མེ་ཁུངས་དོ་དམ་ཤུགས་ཆེར་བཏང་ནས། ནུས་ཤུགས་ཡོད་རྒུས་མེ་ལ་བདག་སྐྱོང་དང་རི་བོ་དང་ནགས་ཚལ་སྲུང་སྐྱོང་བྱས་པ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1