ཧི་མ་ལ་ཡའི་ས་ཁུལ་ནས་གཏེར་ཆེན་པོ་ཞིག་རྙེད་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-18


        ལི་གཏེར་ལ་གནའ་ནས་“རྡོ་སྣུམ་དཀར་པོ”རུ་འབོད་པ་རེད། དེ་ནི་ཧ་ཅང་དཀོན་པའི་ཁ་མདོག་དཀར་པོའི་ཡང་བའི་ལྕགས་རིགས་ཐོན་ཁུངས་ཤིག་རེད། མིག་སྔར། རང་རྒྱལ་གྱི་ལིའི་ཐོན་ཁུངས་75%ནང་འདྲེན་བྱེད་བཞིན་ཡོད་པ་རེད། གོ་ལ་ཧྲིལ་པོའི་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་འགྲོ་བ་དང་བསྟུན། ལིའི་ཐོན་ཁུངས་ཀྱི་དགོས་མཁོའི་ཚད་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད། 


        ཉེ་ཆར། གསར་འགོད་པས་ཀྲུང་གོའི་ཚན་རིག་ཁང་ས་གཤིས་དང་སའི་གོ་ལའི་དངོས་ལུགས་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་གསལ། ཞིབ་འཇུག་ཁང་དེའི་མཚོ་བོད་མཐོ་སྒང་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཚོགས་པས་ཧི་མ་ལ་ཡའི་ཁྱུང་རྒྱ་སྒང་ས་ཁུལ་ནས་ལིའི་གཏེར་ཁ་ཆེན་པོ་ཞིག་རྙེད་འདུག   ལིའི་གཏེར་ཁ་དེ་ནི་ནན་ཅང་གི་པེ་ལུང་ཧྲན་དང་། ཁྲོན་ནུབ་ཅ་ཅི་ཁཱ་རྗེས་ཀྱི་རང་རྒྱལ་གྱི་ལི་གཏེར་ཆེན་པོ་གསུམ་པ་དེར་འགྱུར་རེ་ཡོད་ལ། དེ་ནི་“ཧི་མ་ལ་ཡ་ནས་བཟོ་ལས་རིན་ཐང་ལྡན་པའི་ཆེས་ཐོག་མའི་བྲག་རྡོ་ཝེ་ཅིང་གི་ལི་གཏེར་ཡིན་པ་རེད།”འབྲེལ་ཡོད་གྲུབ་འབྲས་《བྲག་རྡོ་རིག་གཞུང་ཚགས་པར》ཐོག་སྤེལ་ཡོད་པ་རེད། 


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1