རྩ་ཆེ་ཞིང་སྟོངས་ཉེ་ཡོད་པའི་རྔ་དཀར་མཚོ་གླག་རྔ་བ་རྫོང་དུ་མཐོང་རྒྱུ་བྱུང་། ཉེ་ཆར། ས་གནས་དེ་གའི་པར་རྒྱག་མཁས་ཅན་གྱིས་རྔ་བ་རྫོང་ཆུ་འགོའི་ཁུལ་དང་ན་འདམ་རྩྭ་ཐང་དུ་རྩ་ཆེའི་བརྙན་ཕབ་རྒྱུ་ཆ་ཐོག་མར་པར་ལེན་བྱས་པ་དང་། འདབ་ཆགས་ལ་དགའ་པོ་བྱེད་མཁན་ཚོས་ཟླ་10པའི་གཡས་གཡོན་དུ་མཚོ་གླག་མཇུག་དཀར་གྱི་དཔའ་ཉམས་པར་ལེན་བྱ་རྒྱུ་སྒུག་ནས་སྡོད་བཞིན་ཡོད། འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱིས་རྩོམ་སྒྲིག་བྱས་པའི《ཀྲུང་གོའི་སྟོངས་ཉེར་ཡོད་པའི་སྲོག་ཆགས་ཀྱི་རྒྱབ་ཤ་དམར་པོའི་དེབ》ནང་ཀྲུང་གོའི་སྟོངས་ཉེར་ཡོད་པའི་སྲོག་ཆགས་ཀྱི་གནས་ཚུལ་དང་། ཉེན་ཡོད་རྒྱུ་རྐྱེན། སྲུང་སྐྱོང་བྱ་ཐབས་སོགས་བཀོད་ཅིང་། ཞིབ་ཅིང་ཕྲ་བའི་སྒོས་སྟོངས་ཉེར་ཡོད་པའི་མཚོ་གླག་མཇུག་དཀར་བྲིས་ཡོད། ཀྲུང་གོའི་སྟོངས་ཉེར་ཡོད་པའི་བྱ་རིགས་སྲུང་སྐྱོང་དང་རྒྱུན་སྲིང་བེད་སྤྱོད་བྱ་རྒྱུར་ཚན་རིག་དང་མཐུན་པའི་གཞི་འཛིན་སའང་མཁོ་འདོན་བྱས་ཡོད།
མཚོ་གླག་མཇུག་དཀར་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་ཡིན་པ་དང་། ཀྲུང་གོའི་མངའ་ཁོངས་སུ་མཐོང་དཀོན། དེའི་གཟུགས་པོའི་རིང་ཚད་ལ་ལི་སྨི་84ནས་91བར་ཡོད། གཟུགས་པོའི་ལྗིད་ཚད་ཆ་སྙོམས་རྒྱ་མ་2ནས་4བར་ཡོད། དེ་ལ་རྣོ་ངར་གྱི་མིག་དང་། སྡེར་མོ། མཆུ་ཏོ་བཅས་ཡོད། ལུས་པོའི་སྤུ་མང་ཆེ་བ་སྨུག་པོར་ཡིན་ཞིང་། ལྟག་རྒྱབ་དང་བྲང་སྤུ་ནི་སྒྲོ་དང་འདྲ་ཞིང་ཅུང་རིང་བ། སྐེ་སྒྲོའི་མདོག་ནི་བྱེ་མདོག་དང་རྔ་སྒྲོ་ནི་ཁྱིའུ་དབྱིབས་དང་ཁ་དོག་དཀར་པོ་ཡིན། ད་དུང་ཟན་འཚོལ་གྱི་ནུས་པ་དྲག་པོ་ཡོད། སྤྱིར་བཏང་མ་ཡིན་པའི་སྡེར་མོ་དེ་ནི་ཁོ་ཚོའི་ཆེས་ལེགས་པའི་མཚོན་ཆ་ཡིན་ལ། འགུལ་སྐྱོད་ཀྱི་མཐོ་ཚད་ལ་སྨི་2500ནས་5300བར་ཡོད། སྐབས་འགར་ཆུ་ངོས་དམའ་སར་འཕུར་སྐྱོད་བྱས་ནས་ཉ་རིགས་འཚོལ་བ་དང་། ཉ་མོ་ཆུ་ནང་ནས་ལས་སླ་མོའི་འཛིན་པ་རེད། སྐབས་འགར་ཕོ་མོ་མཉམ་འབྲེལ་བྱས་ནས་དགྲ་བསླུས་བྱེད་ཐབས་སྤྱད་དེ་འདབ་ཆགས་གཞན་དག་དང་འོ་འཐུང་སྲོག་ཆགས་འབྲིང་ཆུང་རིགས་འཛིན་པ་དང་། སྐབས་འགར་ཁེར་རྐྱང་ངམ་ཡང་ན་མཚོ་ངོས་སུ་འཕུར་སྐྱོད་བྱེད་པ་བཅས་མཐོང་ཐུབ།