ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་གསེབ་དར་སྤེལ་ལས་དོན་ལ་ཕན་འབྲས་མངོན་གསལ་ཐོན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 02-24


        ཕྱི་རོལ་ཏུ་གནམ་གཤིས་གྲང་ངར་ཆེ་རུང་། རྫ་ཡུལ་རྫོང་ཚ་བ་རོང་ཤང་སྲང་ཐ་གྲོང་ཚོའི་སེ་འབྲུ་འདེབས་འཛུགས་རྟེན་གཞིར་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཡོད།
        2017ལོར་སྲང་ཐ་གྲོང་ཚོས་ཐུ་ནི་སི་ནས་ནང་འདྲེན་བྱས་པའི་སེ་འབྲུ་མུའུ་126བཏབ་པ་མ་ཟད། སྲང་ཐ་གྲོང་ཚོས་ཐུན་མིན་གྱི་ནུའུ་རིགས་ཀྱི་རིག་གནས་དང་ས་ཁམས་ཀྱི་ལེགས་ཆར་བརྟེན་ནས་གྲོང་གསེབ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བས།2020ལོའི་ལོ་མཇུག་ཏུ་སྲང་ཐ་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.3ལྷག་ཙམ་ཟིན་ཞིང་། ད་ཆ་སྲང་ཐ་གྲོང་ཚོ་ནི་སྔོན་ཆད་ཀྱི་རྣམ་པ་དེ་འདྲ་མིན་པར་ཏང་ཡོན་དང་མང་ཚོགས་ཀྱི་ལས་བརྩོན་ལས་གཏོད་ཀྱི་ཧུར་སེམས་ཟམ་མི་ཆད་ཆེ་རུ་སོང་བ། ཡུལ་སྐོར་དཔལ་འབྱོར་དང་། སེ་འབྲུ་འདེབས་འཛུགས་ཐོན་ལས། སྡོད་མལ་ཁོར་ཡུག་བཅོས་སྐྱོང་། བསམ་པའི་དཔལ་ཡོན་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ། མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་ཡོད།
        2018ལོར་མེ་ཏོག་རྫོང་དགྱེ་གླིང་་གྲོང་ཚོས་ཇ་ཞིང་མུའུ་385བཏབ་པ་དང་།2020ལོར་ཡང་གྲོང་ཚོ་དེས་ཇ་ཞིང་མུའུ་100ལྷག་རྒྱ་སྐྱེད་བཏང་བ་རེད། གཞན་ཡང་དགྱེ་གླིང་གྲོང་ཚོས་ད་དུང་ནགས་གསེབ་ཐོན་ཁུངས་འདེབས་འཛུགས་དང་། སྦྲང་ནོར་བུ་གསོ་ཚགས། གྲོང་གསེབ་ཡུལ་སྐོར་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། དཔལ་འབྱོར་གྱི་ཕན་འབྲས་ཆེ་བའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་དེ་ཐོག་མའི་ཇ་ལོ་དང་འབྲས་དམར་ནས་ཕྱིས་སུ་སྦྲང་ནོར་བུ་གསོ་ཚགས་དང་། ཤ་མོ། ཇ་ཞིང་། ཞིང་དུད་སྤྲོ་སྐྱིད་ཁང་། ཁྱིམ་ཚང་མགྲོན་ཁང་བཅས་རྣམ་གྲངས་5བར་མང་དུ་སོང་ནས་མི་རེའི་ཆ་སྙོམས་ཡོང་འབབ་2018ལོའི་སྒོར་6750ནས་ད་ཆའི་སྒོར་ཁྲི་2.15ལྷག་ཙམ་བར་ལྡབ་འཕར་བྱུང་ཡོད།
        གྲོང་གསེབ་འཛུགས་སྐྲུན་བྱ་སྤྱོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བ། གྲོང་གསེབ་འཕེལ་རྒྱས་ཀྱི་གསོན་ཤུཌ་རབ་ཏུ་རྒྱས་པ། གྲོང་གསེབ་ཀྱི་ཤེས་དཔལ་ཆུ་ཚད་སླར་ཡང་མཐོ་རུ་ཕྱིན་པ། ཞིང་འབྲོག་པའི་ཐོབ་སྣང་དང་། སྐྱིད་སྣང། བདེ་འཇགས་ཚོར་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ། གྲོང་གསེབ་སྔར་བས་མཛེས་སྡུག་ལྡན་པར་གྱུར་པ་ནི་ཉིང་ཁྲི་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་ནས་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ཁག་ལ་གནད་སྨིན་ཇུས་འདོན་བྱས་པ་དང་ལས་དོན་གཏིང་ཟབ་སྤེལ་བས་རེད།
        བསྡོམས་རྩིས་ལྟར་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རིམ་རྩིས་བྱས་ན་ཉིང་ཁྲི་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་མ་དངུལ་སྒོར་དུང་ཕྱུར་46བཏང་ནས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་660ལག་བསྟར་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་དུད་ཚང་8895ཡི་ཡིག་ཚཌ་དང་གཱ་བཟོས་པའི་མང་ཚོགས་ཁྲི་3.47ལྷག་ཙམ་ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་ཕུད་དེ། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་2015ལོའི་སྒོར་2855ནས་2020ལོའི་སྒོར་ཁྲི་1.29ལྷག་ཙམ་བར་མང་དུ་ཕྱིན་ཏེ་ས་ཁོངས་རང་བཞིན་གྱི་ཁྱོན་ཡོངས་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་ཐུབ་ནས། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་མངོན་འགྱུར་བྱུང་སྟེ་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ཡོད། 2020ལོར་ཉིང་ཁྲིའི་དབུལ་སྒྲོལ་དུད་ཚང་གི་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་1.29ལྷག་ཙམ་ཟིན་པ་དེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་རྒྱག་འགོ་མ་ཚུགས་གོང་གི་2015ལོའི་ལྡབ་4རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1