སྤྱི་ཟླ2པའི་ཚེས22ཉིན་གྱི་ཆུ་ཚོད0ནས24ཡི་བར་དུ། སི་ཁྲོན་དུ་ཏོག་གསར་གློ་ཚད་ཀྱི་ནད་པ10གསར་དུ་བྱུང་འདུག། དེ་ལས་ས་གནས་རང་གི་ནད་པ6སྟེ་(ཁྲེང་ཏུའུ་གྲོང་ཁྱེར་དུ་ཡོད།)སྤྱི་ཟླ2པའི་ཚེས22ཉིན་གཏན་འཁེལ་བྱས་པ་དང་། ཕྱི་རྒྱལ་ནས་ཡོང་བའི་ནད་པ4ལས་(ཁྲེང་ཏུའུ་གྲོང་ཁྱེར་དུ་ཡོད།)ནད་པ1སྤྱི་ཟླ2པའི་ཚེས16ཉིན་ཁམ་བྷོ་དི་ཡ་ནས་གནམ་གྲུར་བསྡད་དེ་ཁྲེང་ཏུའུ་རུ་འབྱོར་བར་ལོགས་བཀར་བྱས་ཤིང་། ཚེས22ཉིན་ནད་རྟགས་གཏན་འཁེལ་བྱས་པ་དང་། ནད་པ3སྤྱི་ཟླ2པའི་ཚེས21ཉིན་ནད་རྟགས་མེད་པའི་ནད་པ་ལས་ནད་རྟགས་གཏན་ཁེལ་བྱས་པ་རེད།
སྤྱི་ཟླ2པའི་ཚེས22ཉིན་གྱི་ཆུ་ཚོད24བར་ཞིང་ཆེན་ཡོངས་སུ་ཉེན་ཁ་འབྲིང་གི་ས་ཁུལ9ཡོད་པ་སྟེ།
སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཉིའུ་ཆུས་སི་མ་ཆའོ་སྲང་ལམ་ཧྲ་ཧོ་ཡུན་ཅིང་ཝན་གཞིས་ཁུལ།
སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་ཀུང་ཕིང་སྲང་ལམ་ཅ་ཀྲའོ་ཡེ་ལི་ཅིང་གཞིས་ཁུལ།
སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཐང་རྫོང་ཀྲའོ་ཀྲེན་སྲང་ལམ་སྐྱེ་ཁམས་ཆུ་གྲོང་གཞིས་ཁུལ།
སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཀའོ་ཞིན་ཆུས་ཀྲུང་ཧོ་སྲང་ལམ་ཁྲང་ཁྲེང་ཞིན་ཡོན་གཞིས་ཁུལ་དང་ཧྲི་དབྱང་སྲང་ལམ་ཐེན་ཧྥུ་ཧྲི་ཅཱ་གཞིས་ཁུལ། ཀུའེ་ཞི་སྲང་ལམ་ཧྲི་ལུང་གཞིས་ཁུལ།
སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཐན་ཧྥུ་གྲོང་གསར་ཆུས་ཧྭ་དབྱང་སྲང་ལམ་ལུང་ཧོ་སྡེ་ཁུལ་ཁའེ་ཧྭ་ལི་ཅིང་གཞིས་ཁུལ་དང་ཧྭ་དབྱང་སྲང་ལམ་ཧྥུ་ལུང་སྡེ་ཁུལ་ལི་ཅིང་ཡོན་གཞིས་ཁུལ། ཧྭ་དབྱང་སྲང་ལམ་སི་ཧོ་སྡེ་ཁུལ་སི་ཧོ་གཞིས་ཁུལ་བཅས་རེད།
དེ་མིན་ཞིང་ཆེན་ཡོངས་ཀྱི་ས་ཁུལ་གཞན་དག་ཉེན་ཁ་ཆུང་བའི་ས་ཁུལ་ཡིན་པ་རེད།