སི་ཁྲོན་ཞིང་ཆེན་ཡུལ་སྐོར་ཅུས་ཀྱི་གཞི་གྲངས་གསར་པ་ལྟར་ན། ཉེ་བའི་གཟའ་འཁོར་འདིའི་ནང་དུ་སི་ཁྲོན་ཞིང་ཆེན་མི་རིགས་རིག་གནས་ཡུལ་སྐོར་དང་ཕན་ཀྲི་ཧྭ་དང་ཞི་ཁྲང་གི་ཡུལ་སྐོར་བ་ཤིན་ཏུ་མང་། རྫོགས་ལྡན་གཟའ་འཁོར་གྱི་ཡུལ་སྐོར་ཆ་འཕྲིན་སྡོམ་རྩིས་ལྟར་ན། ལུའུ་ཧྲན་ཆུང་ཧེ་མཚེའུ་རྒྱལ་ཁབ་རིམ་པའི་མཛེས་ཁུལ་ལ་ཆ་བཞག་ན། ཉིན་གཅིག་གི་ནང་ཡུལ་སྐོར་བ་160000སྣེ་ལེན་བྱས་ཡོད་པས། ན་ནིང་དུས་མཉམ་ལས་50%ལྷག་འཕར་སྣོན་བྱུང་བ་རེད། ངོ་མཚར་ལྡན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་། ཁྱད་དུ་འཕགས་པའི་རང་བྱུང་ཐོན་ཁུངས་ལས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་རྣམས་ལ་ཐུན་མོང་མ་ཡིན་པའི་ལོ་སར་གྱི་སྟོན་མོ་གྱ་ནོམ་པ་སྤེལ་ཡོད། །