སི་ཁྲོན་གྱི་ཏོག་གསར་གློ་ཚད་ཀྱི་གནས་ཚུལ་གསར་ཤོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-04




   སྤྱི་ཟླ3པའི་ཚེས3ཉིན་གྱི་ཆུ་ཚོད0ནས24ཡི་བར་དུ། སི་ཁྲོན་དུ་ཏོག་གསར་གློ་ཚད་ཀྱི་ནད་པ13གསར་དུ་བྱུང་འདུག། དེ་དག་ནི་ཕྱི་རྒྱལ་ནས་ཡོང་བ་ཡིན་ལ། ནད་པ4ནི་སྤྱི་ཟླ3པའི་ཚེས2ཉིན་ནད་རྟགས་མེད་པ་ནས་ནད་རྟགས་ཡོད་པའི་ནད་པ་ཡིན་པ་གཏན་ཁེལ་བྱས། ནད་པ1ནི་སྤྱི་ཟླ2པའི་ཚེས24ཉིན་ཨེ་ཙེ་ཨོ་ཕི་ཡ་ནས་གནམ་གྲུར་བསྡད་དེ་ཁྲེང་ཏུའུ་རུ་འབྱོར་རྗེས་ཟུར་བཀར་བྱས་ཤིང་། སྤྱི་ཟླ3པའི་ཚེས3ཉིན་ནད་རྟགས་ཡོད་པའི་ནད་པ་ཡིན་པ་གཏན་ཁེལ་བྱས། ནད་པ1ནི་སྤྱི་ཟླ2པའི་ཚེས25ཉིན་ཤང་ཀང་ནས་གནམ་གྲུར་བསྡད་དེ་ཁྲེང་ཏུའུ་རུ་འབྱོར་རྗེས་ཟུར་བཀར་བྱས་ཤིང་། སྤྱི་ཟླ3པའི་ཚེས3ཉིན་ནད་རྟགས་ཡོད་པའི་ནད་པ་ཡིན་པ་གཏན་ཁེལ་བྱས། ནད་པ3ནི་སྤྱི་ཟླ2པའི་ཚེས28ཉིན་ཤང་ཀང་ནས་གནམ་གྲུར་བསྡད་དེ་ཁྲེང་ཏུའུ་རུ་འབྱོར་རྗེས་ཟུར་བཀར་བྱས་ཤིང་། སྤྱི་ཟླ3པའི་ཚེས3ཉིན་ནད་རྟགས་ཡོད་པའི་ནད་པ་ཡིན་པ་གཏན་ཁེལ་བྱས། ནད་པ4ནི་སྤྱི་ཟླ3པའི་ཚེས2ཉིན་ཤང་ཀང་ནས་གནམ་གྲུར་བསྡད་དེ་ཁྲེང་ཏུའུ་རུ་འབྱོར་རྗེས་ཟུར་བཀར་བྱས་ཤིང་། སྤྱི་ཟླ3པའི་ཚེས3ཉིན་ནད་རྟགས་ཡོད་པའི་ནད་པ་ཡིན་པ་གཏན་ཁེལ་བྱས་པ་རེད།
   སྤྱི་ཟླ3པའི་ཚེས3ཉིན་གྱི་ཆུ་ཚོད24བར་ཞིང་ཆེན་ཡོངས་སུ་གཏན་ཁེལ་བྱུང་བའི་ཏོག་གསར་གློ་ཚད་ཀྱི་ནད་པ1490ཡོད་ལ།(དེའི་ནང་ནད་པ863ཕྱི་རྒྱལ་ནས་ཡོང་བ་རེད་འདུག།)ནད་དྲག་ནས་སྨན་ཁང་ནས་བུད་པའི་ནད་པ1379དང་། ནད་ཀྱི་དབང་གིས་རྐྱེན་ལམ་དུ་ཤོར་བའི་ནད་པ3དང་། སྨན་ཁང་དུ་ནད་པ108ལ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། ནད་པ6110ལ་ད་དུང་གསོ་རིག་གིས་ལྟ་ཞིབ་བྱེད་བཞིན་ཡོད་པ་རེད། 

    སྤྱི་ཟླ3པའི་ཚེས3ཉིན་གྱི་ཆུ་ཚོད0ནས24ཡི་བར་དུ། ཞིང་ཆེན་ཡོངས་སུ་ནད་རྟགས་མེད་པའི་ནད་པ9གསར་དུ་བྱུང་འདུག་ལ། དེ་དག་ནི་ཕྱི་རྒྱལ་ནས་ཡོང་བ་ཡིན་ལ། ནད་པ1ནི་སྤྱི་ཟླ2པའི་ཚེས23ཉིན་སིང་ཀ་ཕོར་ནས་གནམ་གྲུར་བསྡད་དེ་ཁྲེང་ཏུའུ་རུ་འབྱོར་རྗེས་ཟུར་བཀར་བྱས་ཤིང་། སྤྱི་ཟླ3པའི་ཚེས3ཉིན་ནད་རྟགས་མེད་པའི་ནད་པ་ཡིན་པ་གཏན་ཁེལ་བྱས། ནད་པ1ནི་སྤྱི་ཟླ2པའི་ཚེས25ཉིན་ཤང་ཀང་ནས་གནམ་གྲུར་བསྡད་དེ་ཁྲེང་ཏུའུ་རུ་འབྱོར་རྗེས་ཟུར་བཀར་བྱས་ཤིང་། སྤྱི་ཟླ3པའི་ཚེས3ཉིན་ནད་རྟགས་མེད་པའི་ནད་པ་ཡིན་པ་གཏན་ཁེལ་བྱས། ནད་པ1ནི་སྤྱི་ཟླ2པའི་ཚེས27ཉིན་ཤང་ཀང་ནས་གནམ་གྲུར་བསྡད་དེ་ཁྲེང་ཏུའུ་རུ་འབྱོར་རྗེས་ཟུར་བཀར་བྱས་ཤིང་། སྤྱི་ཟླ3པའི་ཚེས3ཉིན་ནད་རྟགས་མེད་པའི་ནད་པ་ཡིན་པ་གཏན་ཁེལ་བྱས། ནད་པ2ནི་སྤྱི་ཟླ3པའི་ཚེས2ཉིན་ཇམ་ཕུའུ་ཀྲའེ་ནས་གནམ་གྲུར་བསྡད་དེ་ཁྲེང་ཏུའུ་རུ་འབྱོར་རྗེས་ཟུར་བཀར་བྱས་ཤིང་། སྤྱི་ཟླ3པའི་ཚེས3ཉིན་ནད་རྟགས་མེད་པའི་ནད་པ་ཡིན་པ་གཏན་ཁེལ་བྱས་པ་རེད། ནད་པ4ནི་སྤྱི་ཟླ3པའི་ཚེས2ཉིན་ཤང་ཀང་ནས་གནམ་གྲུར་བསྡད་དེ་ཁྲེང་ཏུའུ་རུ་འབྱོར་རྗེས་ཟུར་བཀར་བྱས་ཤིང་། སྤྱི་ཟླ3པའི་ཚེས3ཉིན་ནད་རྟགས་མེད་པའི་ནད་པ་ཡིན་པ་གཏན་ཁེལ་བྱས་པ་རེད།

སྤྱི་ཟླ3པའི་ཚེས3ཉིན་གྱི་ཆུ་ཚོད24བར་ཞིང་ཆེན་ཡོངས་སུ་ཉེན་ཁ་འབྲིང་གི་ས་ཁུལ14ཡོད་པ་སྟེ།
སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཉིའུ་ཆུས་སི་མ་ཆའོ་སྲང་ལམ་ཧྲ་ཧོ་ཡུན་ཅིང་ཝན་གཞིས་ཁུལ།
སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་ཀུང་ཕིང་སྲང་ལམ་ཅ་ཀྲའོ་ཡེ་ལི་ཅིང་གཞིས་ཁུལ།
སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཐང་རྫོང་ཀྲའོ་ཀྲེན་སྲང་ལམ་སྐྱེ་ཁམས་ཆུ་གྲོང་གཞིས་ཁུལ།
སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཀའོ་ཞིན་ཆུས་ཀྲུང་ཧོ་སྲང་ལམ་ཁྲང་ཁྲེང་ཞིན་ཡོན་གཞིས་ཁུལ་དང་ཧྲི་དབྱང་སྲང་ལམ་ཐེན་ཧྥུ་ཧྲི་ཅཱ་གཞིས་ཁུལ།ཀུའེ་ཞི་སྲང་ལམ་ཧྲི་ལུང་གཞིས་ཁུལ། ཀྲུང་ཧོ་སྲང་ལམ་ཀྲུང་ཏའེ་སི་པིང་ཧོ་ཐིང་གི་ཁང་ཚན་དང་པོ་ཁང་ཚན་བདུན་པ།ཁང་ཚན་བརྒྱད་པ། ཀྲུང་ཧོ་སྲང་ལམ་མིང་ཀྲུའུ་སི་ནན་གཞིས་ཁུལ་གྱི་ཁང་ཚན་བདུན་པ་དང་ཁང་ཚན་བརྒྱད་པ།ཁང་ཚན་དགུ་པ།ཁང་ཚན་བཅུ་པ། ཀྲུང་ཧོ་སྲང་ལམ་ལི་ཧོའོ་ཀུང་ཧྲེ་གཞིས་ཁུལ།ཀུའེ་ཞི་སྲང་ལམ་དབྱིན་ཅུན་གཞིས་ཁུལ་གསུམ་པ།
སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཐན་ཧྥུ་གྲོང་གསར་ཆུས་ཧྭ་དབྱང་སྲང་ལམ་ལུང་ཧོ་སྡེ་ཁུལ་ཁའེ་ཧྭ་ལི་ཅིང་གཞིས་ཁུལ་དང་ཧྭ་དབྱང་སྲང་ལམ་ཧྥུ་ལུང་སྡེ་ཁུལ་ལི་ཅིང་ཡོན་གཞིས་ཁུལ།ཧྭ་དབྱང་སྲང་ལམ་སི་ཧོ་སྡེ་ཁུལ་སི་ཧོ་གཞིས་ཁུལ། ཧྭ་དབྱང་སྲང་ལམ་ལོའོ་སན་པའོ་ཞིན་ཏན་ཏིའེ་ཅུན་གཞིས་ཁུལ་བཅས་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1