ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཚོགས་འདུར་ཞུགས་ཏེ་རྟེན་འབྲེལ་ཞུས་པ། དབང་དབྱང་གིས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བ་དང་། ཀྲང་ཆིང་ལིས་གཙོ་སྐྱོང་གནང་བ། ལིའུ་ཤིན་ཁྲེང་གིས་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྙན་སྒྲོན་གནང་བ།
ཟླ་3ཚེས་4ཉིན་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། འདི་ནི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པ་དང་། དབང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་གནང་བ།
ཟླ་3ཚེས་4ཉིན་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་གྱི་ཕྱི་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2000ལྷག་ཙམ་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ་གྲོས་མོལ་སྲིད་གླེང་གཏིང་ཟབ་དང་། རང་འགན་གཙང་སྒྲུབ་ནན་ཏན། ཐུན་མོང་གི་ངོས་འཛིན་གཅིག་སྡུད་རྒྱ་ཁྱབ་བཅས་གནང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། དབན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། མཱ་པེའོ། ཁྲེན་ཞའོ་ཀོང་། ལེའང་ཀྲེན་དབྱིང་། ཞ་པའོ་ལུང་། ལི་པིན། པ་ཐེར། དབང་ཡུང་ཆིང་། ཧོ་ལི་ཧྥུང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པར་ཨུ་ཡོན་2157ཕེབས་དགོས་པ་དང་དངོས་སུ་1988ཕེབས་ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
ཕྱི་དྲོའི་ཆུ་ཚོད་3པར་ཀྲང་ཆིང་ལིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་སྐབས་ཚང་མ་ཡར་བཞེངས་ནས་རྒྱལ་གླུ་བཏང་གནང་བ་རེད།
ཚོགས་ཆེན་ཐོག་དང་ཐོག་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ་རེད།
དབང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་གནང་བ་རེད།
དབང་དབྱང་གིས་མཛུབ་སྟོན་གནང་དོན། 2021ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་རེད། ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། བརྗོད་དོན་ཆེན་པོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་མཐའ་འཁྱོངས་བྱེད་པ་དང་། སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་མཐའ་འཁྱོངས་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གཙོ་གནད་དུ་བཟུང་ནས་བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་འགན་འཁྲི་ནན་ཏན་ངང་སྒྲུབ་པ། སྲིད་གྲོས་ལམ་ལུགས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་བཟུང་ནས་ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་བྱས་རྗེས་གསར་པ་བཞག་ཡོད།
དབང་དབྱང་གིས་ཕྱོགས་5ནས་འདས་ཟིན་པའི་ལོ་གཅིག་རིང་གི་རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་དོན་ཕྱོགས་སྡོམ་གནང་བ་སྟེ། གཅིག་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བར་དམིགས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་གཙོ་གནད་དུ་བཟུང་བའི“ལོ་རྒྱུས་བཞིའི”སློབ་གསོ་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོར“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ་དང“སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་གཏོང་རྒྱུའི་ཁྲིད་སྟོན་བྱས་ནས་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་བཏང་བ་དང་། གཉིས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་སོགས་ཀྱི་སྲིད་གླེང་ཇུས་འབུལ་ལ་དམིགས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་ཞིག་འཛུགས་པར་རམ་འདེགས་བྱས་པ། གསུམ་ནས་སྲིད་གྲོས་ཀྱི་གྲོས་མོལ་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་རང་བཞིན་གྱི་ནུས་པ་ཆེ་རུ་གཏོང་བ། རིགས་གཅིག་མཁས་ཅན་གྱི་གྲོས་མོལ་ཚོགས་འདུ་གསར་དུ་འཛུགས་པ། གྲོས་མོལ་རྣམ་པའི་ལྟ་སྐུལ་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ཨུ་ཡོན་གྱི་རང་རྟེན་བརྟག་ཞིབ་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་མཚོན་པའི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་ཕྱོད་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་པ། བཞི་ནས་མཐུན་སྒྲིལ་དང་མཐུན་འབྲེལ་གྱི་བྱ་ཐབས་དང་གཞི་རྟེན་འཐུས་སྒོ་ཚང་དུ་བཏང་སྟེ་སྙིང་གཏམ་དང་སྐད་ཆ་ཤོད་རེས་དང་ཨུ་ཡོན་གྱི་སྒྲོག་འགྲེལ་སོགས་ཀྱི་ལས་དོན་ཧུར་ཐག་སྤེལ་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ཆ་རྐྱེན་འོག་ཕྱི་ཕྱོགས་དང་འགྲོ་འོང་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ། ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་ངོ་110འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་བདེ་བླག་ངང་འཚོགས་པ་བཅས་བྱས་ནས་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་རྒྱ་ཁྱབ་བྱས་པ། ལྔ་ནས་སྲིད་གྲོས་ཀྱི་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འགན་ནུས་སྒྲུབ་པའི་ཕན་འབྲས་ཆེ་རུ་ཏན་ཏིག་བཏང་བ་བཅས་རེད།
དབང་དབྱང་གིས་ནན་བཤད་གནང་དོན། 2022ལོར་མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། བརྗོད་དོན་ཆེན་པོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་མཐའ་འཁྱོངས། སྲིད་དོན་ཇུས་འབུལ་དང་ངོས་འཛིན་གཅིག་མཐུན་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། ཀྲུང་གུང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་རྒྱུ་དང་ཀྲུང་གུང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ལོ་ཧྲིལ་པོར་ཁྱབ་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་བསམ་བློའི་ཁྲིད་སྟོན་དང་། སྟོབས་ཤུགས་གཅིག་སྡུད། སྲིད་གླེང་ཇུས་འབུལ། སྤྱི་ཡོངས་ལ་ཞབས་འདེགས་བཅས་ཀྱི་ལས་དོན་ཁག་ནན་ཏན་ངང་ལེགས་པར་བསྒྲུབས་ནས་བརྟན་ལྷིང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་དར་དམངས་བདེའི་སྤྱི་ཚོགས་ཁོར་ཡུག སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་རྒྱུན་འཁྱོངས་བྱ་ཆེད་ལེགས་སྐྱེས་འབུལ་དགོས།
དབང་དབྱང་གིས་ནན་བཤད་གནང་དོན། མཐུན་སྒྲིལ་ལ་བརྟེན་ནས་བྱུང་བ་དང་། མཐུན་སྒྲིལ་ལ་བརྟེན་ནས་གནས་པ། མཐུན་སྒྲིལ་ལ་བརྟེན་ནས་དར་བ་བཅས་ཀྱི་མི་དམངས་སྲིད་གྲོས་ནི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་མཚོན་རྟགས་ཤིག་རེད། དེས་ན་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན་རྒྱག་རྒྱུ་ནི་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན་པ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་པ་དང་། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ། ལམ་ལུགས་ཀྱི་ལེགས་ཆ་བེད་སྤྱོད་ནུས་ལྡན་གྱིས་མཐུན་ཆ་ཆེ་ཤོས་འཚོལ་ཞིབ་ཧུར་ཐག་དང་ཀུན་སེམས་གཅིག་ཏུ་སྒྲིལ་ཐུབ་པ་བཅས་བྱས་ཏེ། མི་དེ་བས་མང་བ་ཀྲུང་གོ་གུང་ཁྲན་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དང་སྟོབས་ཤུགས་དེ་བས་མང་བ་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་ཐུན་མོང་ཐོག་གཏོད་པའི་ལོ་རྒྱུས་འཕེལ་རིམ་ནང་གཅིག་སྡུད་བྱེད་དགོས་པ་དང་། མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་གྱི་ལེགས་ཆ་འདོན་སྤེལ་སྔར་ལས་ལྷག་པ་བྱས་ཏེ། བློ་ཁ་གཅིག་མཐུན་གྱིས་ལྷག་བསམ་རྣམ་དག་ངང་གྲོས་མོལ་བྱེད་པ་བརྒྱུད་ཨུ་ཡོན་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་ལ་ལྟ་སྟངས་ཡང་དག་འཛིན་རྒྱུ་དང་། ཏང་གི་མཛད་ཕྱོགས་སྲིད་ཇུས་ལ་གོ་བ་ལོན་པ་དང་དོན་འཁྱོལ་སྔར་ལས་ལྷག་པ་བྱ་རྒྱུ། བསམ་ཚུལ་མཐུན་སྦྱོར་དང་། སྔོན་དཔག་ལ་ཁྲིད་སྟོན། ཡིད་ཆེས་བརྟན་གཏོང་བཅས་ཀྱི་ལས་དོན་གནད་ལ་འཁེལ་པོ་དང་ཕན་འབྲས་ཐོན་པའི་ངང་བསྒྲུབ་རྒྱུ་བཅས་ཀྱི་ཁྲིད་སྟོན་བྱས་ཏེ། གྲོས་མོལ་ལ་བརྟེན་ནས་ངོས་འཛིན་གཅིག་མཐུན་ཡོང་བ་དང་ངོས་འཛིན་གཅིག་མཐུན་ལ་བརྟེན་ནས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་དགོས། མཐུན་སྒྲིལ་བྱེད་པར་ལྟེ་བ་ཡོད་དགོས། ལྟེ་བ་བྱུང་ན་གཞི་ནས་དམངས་སེམས་གཅིག་མཐུན་ཡོང་ཐུབ། ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་ཀྲུང་ཧྭའི་བུ་ཕྲུག་མཐུན་སྒྲིལ་ཆེན་པོའི་ལྟེ་བར་གྱུར་པ་ནི་ལོ་རྒྱུས་ཀྱི་གདམ་ག་དང་མི་དམངས་ཀྱི་གདམ་ག་རེད། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ། ཏང་གི་དར་ཆའི་འོག་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་སྟོབས་ཆེར་གཏོང་བ་དང་། ཀྲུང་གོ་མི་དམངས་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་ནུས་ལྡན་བྱས་ནས་དངོས་འབྲེལ་དང་། རྒྱ་ཁྱབ། དམ་ཟབ་བཅས་ཀྱི་མཐུན་སྒྲིལ་ཆེན་པོ་ཞིག་ཆགས་པར་བྱེད་དགོས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཤིན་ཁྲེང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ། ཚོགས་ཆེན་ལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་སྙན་སེང་ཞུས་པ་རེད། སྲིད་གྲོས་ཀྱི་ཨུ་ཡོན་དང་སྲིད་གྲོས་ཀྱི་ཁོངས་ཞུགས་ཚན་པ་ཁག་གིས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་པ། མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་བཅས་ལ་དམིགས་ཏེ། གྲོས་གཞི་6117བཏོན་པ་དང་། གྲོས་གཞི་5039ཐོ་འགོད་བྱས་པ། གྲོས་གཞི་སྒྲུབ་གཉེར་དང་ལན་སྤྲོད་བྱེད་ཚད་99.8%ཟིན་ཡོད། གྲོས་གཞི་བསྒྲུབ་རྒྱུར་སྤྲོད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པ་ཁག་གིས་སྲིད་གྲོས་ཀྱི་གྲོས་གཞི་སྒྲུབ་གཉེར་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། གྲོས་གཞི་སྒྲུབ་གཉེར་ཐད་གྲོས་མོལ་བྱ་རྒྱུ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་གྲོས་གཞི་སྒྲུབ་གཉེར་གྱི་སྤུས་ཚད་སྔར་བས་མཐོ་རུ་བཏང་ཡོད། གྲོས་གཞིའི་ནང་བཏོན་པའི་བསམ་འཆར་དང་གྲོས་འགོས། ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་ལ་ཞབས་འདེགས་ཞུ་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། བྱ་གཞག་ཁག་ཡར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།