མཚོ་སྔོན་ནི་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པས་ཀྲུང་ཧྭའི་ཆུ་མཛོད་ཅེས་བརྗོད་ཀྱིན་ཡོད། དེ་གའི་རི་ཀླུང་ནི་བརྗིད་ཉམས་ཆེ་ཞིང་རི་ཚོགས་འཕྲེད་དུ་བཅད་ཡོད་ཅིང་། སྐམ་སའི་དབུས་ཁུལ་གྱི་མཚེའུ་མང་པོ་སྐར་ཚོགས་ལྟར་ཆགས་ཡོད་ལ། ཆུ་བོ་འཕྲེད་གཞུང་སྣོལ་མར་གནས་ཡོད་པས་རི་སྐྱེས་སྲོག་ཆགས་ཀྱི་ཁྱིམ་གཞིས་བཟང་པོར་གྱུར་ཡོད།
མིག་སྔར་མཚོ་སྔོན་དུ་སྒལ་ཚིགས་སྲོག་ཆགས་ཁག་605ཡོད་པའི་ནང་ཀྲུང་གོར་དམིགས་བསལ་དུ་ཡོད་པའི་རིགས་117དང་། མཚོ་བོད་ས་མཐོར་དམིགས་བསལ་དུ་ཡོད་པའི་རིགས་120ལྷག རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིགས་37བཅས་ཡོད་དོ།།