གཙོ་ངོས།
གསར་འགྱུར།
རིག་གནས།
རྩོམ་རིག
སྒྱུ་རྩལ།
ཤེས་བྱ།
མི་སྣ།
དུས་དེབ།
བརྙན་འཕྲིན།
འཚོལ་བཤེར།
汉文网站
གཙོ་ངོས།
>>
སི་ཁྲོན་གསར་འགྱུར།
ཧུང་ཡོན་རྫོང་གིས་བུད་མེད་ཁེ་དབང་སྲུང་སྐྱོང་གི་བྱེད་སྒོ་སྤེལ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 03-10
རྫོང་ཡོངས་ཀྱི་བུད་མེད་མང་ཚོགས་ཀྱིས་ཁྲིམས་སྐྱོང་ལ་བརྩི་མཐོང་དང་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་པའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་བུད་མེད་མང་ཚོགས་ཀྱིས་ཁྲིམས་བརྩི་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་བྱ་རྒྱུར་ཁྲིད་སྟོན་ཤུགས་ཆེན་བྱ་ཆེད། ཉེ་ཆར། ཧུང་ཡོན་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། རྫོང་ཁྲིམས་འཛིན་ཅུས། རྫོང་སྲིད་གཞུང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གཞུང་དོན་ཁང་བཅས་ཀྱིས་རྫོང་མཁར་གྱི་ལམ་མདོ་རུ་གསུམ་བརྒྱད་ཁེ་དབང་སྲུང་སྐྱོང་གཟའ་འཁོར་གྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ།
བྱེད་སྒོ་རུ། ལས་བྱེད་པ་རྣམས་ཀྱིས་རྒྱ་ཆེའི་མང་ཚོགས་ལ་རྩ་ཁྲིམས་དང་། དམངས་དོན་ཁྲིམས་གཞུང་། བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས། ཁྱིམ་ཚང་གི་སློབ་གསོར་སྐུལ་འདེད་གཏོང་བའི་བཅའ་ཁྲིམས། ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས། ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་དེ་བཞིན་རིམས་ནད་སྔོན་འགོག་དང་། བྱིས་པའི་བཙན་གནོད་འགོག་པ། ནག་སེལ་ངན་འཇོམས་དང་། དུག་འགོག ཨེ་འགོག ཆོས་ལོག་དང་མགོ་སྐོར་གཡོ་འཚོང་འོག་མི་ཚུད་པ་སོགས་ཀྱི་ཤེས་བྱ་དང་།《རྩ་ཁྲིམས》དང་།《ཁྱིམ་རྡུང་ངོ་རྒོལ་བཅའ་ཁྲིམས》《བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས》《ཁྱིམ་ཚང་སློབ་གསོའི་ལག་དེབ》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་དཔྱད་གཞི་སྣ་ཚོགས་སྤྲད་པ་རེད།
གཞན་ད་དུང་བཅའ་ཁྲིམས་བློ་འདྲིའི་ཞབས་ཞུ་སྤེལ་བ་དང་བུད་མེད་དང་བླངས་པས་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་རྒྱ་ཆེའི་མང་ཚོགས་ལ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་དང་འབྲེལ་རྒྱ་ཆེའི་མང་ཚོགས་ལ་12338ཁེ་དབང་སྲུང་སྐྱོང་ཐད་སྦྲེལ་ཁ་པར་དང་། བཅའ་ཁྲིམས་ཞབས་ཞུའི་ཐད་སྦྲེལ་ཁ་པར་12348ངོ་སྤྲོད་གནང་ནས་རྒྱ་ཆེའི་བུད་མེད་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་ནུས་ཇེ་མཐོར་བཏང་།
ཐེངས་འདིའི་བྱེད་སྒོར་བསྡོམས་པས་བོད་རྒྱ་སྐད་གཉིས་ཀྱི་དྲིལ་བསྒྲགས་དཔྱད་གཞི་300ལྷག་ཙམ་དང་འཚོ་བའི་མཁོ་ཆས་སྣ་ཚོགས་300ལྷག་ཙམ་འགྲེམ་གཏོང་བྱས།
རྩོམ་ཡིག་སྔོན་མ།
ཀྲེན་ཅན་ཡིང་གིས་གྲོས་གཞི་འདི་འདྲ་བཏོན་འདུག
རྩོམ་ཡིག་རྗེས་མ།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།
ཕུན་ཚོགས་མཛའ་འབྲེལ།
ཀྲུང་གོའི་བོད་ཀྱི་དྲ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ།
ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཁམས་པའི་བརྙན་འཕྲིན།
ཁམས་པའི་དྲ་བ།
གུང་ཁྲན་ཏང་གི་གསར་འགྱུར་དྲ་བ།
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
མཚོ་སྔོན་པོ་དྲ་བ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་།
བོད་ཡིག་ཡིག་བསྒྱུར་ལྷུ་ལག
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།
蜀ICP备14009601号-1