ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཝང་ཆི་ཧྲན་བཅས་ དང་རྒྱལ་སྤྱིའི་དབང་སྐྱོན་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཕ་སེན་སི་མཇུག་འགྲིལ་མཛད་སྒོར་ཞུགས་པ།
ཟླ་3ཚེས་13ཉིན་གྱི་དགོང་མོ། 2022ལོའི་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོ་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་སྡིངས་ཆ་ནས་ཕྱག་གཡུག་གཡུག་གིས་འཚམས་ལན་གནང་བཞིན་པ།
ཟླ་3ཚེས་13ཉིན་གྱི་དགོང་མོ། 2022ལོའི་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོ་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་མཇུག་འགྲིལ་མཛད་སྒོར་ཞུགས་པ།
■ ཨོ་རྩལ་འགྲན་ཚོགས་གཉིས་ཀ་ངོ་མཚར་ཆེ་མཉམ་རེད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་རྗེས་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཕུལ་དུ་བྱུང་བའི་འགྲན་བསྡུར་སྒྲིག་འཛུགས་དང་། འཐུས་སྒོ་ཚང་བའི་གེགས་མེད་སྒྲིག་བཀོད། མི་གཤིས་ཅན་གྱི་ཞབས་ཞུ་བཅས་ལ་ལུས་རྩལ་པ་དང་། རྩལ་སློབ་པ། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ངང་ཐོབ་པ་རེད། འདས་ཟིན་པའི་ཉིན་9ཡི་རིང་རྒྱལ་ཁབ(ས་ཁུལ)46གི་དབང་སྐྱོན་ལུས་རྩལ་པ་600ཙམ་གྱིས་སྤྲོ་སྣང་མྱོང་རོལ་དང་དཔའ་ངར་ཆེན་པོས་འབད་འབུངས་བྱས་ཏེ་འབད་བརྩོན་ལྷོད་མེད་དང་སྤྲོ་སྣང་ལྡན་པའི་ངང་ཡར་རྒྱས་བརྩོན་ལེན་གྱི་སྙིང་སྟོབས་མངོན་ཡོད། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་18དང་བྱ་དགའི་རྟགས་མ་61ཐོབ་ནས་གསེར་གྱི་རྟགས་མའི་མིང་གྲལ་དང་བྱ་དགའི་རྟགས་མའི་མིང་གྲལ་ཨང་དང་པོར་སླེབས་ནས་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ལ་ཞུགས་ཚུན་གྱི་གྲུབ་འབྲས་ཡག་ཤོས་བཏོད་པ་རེད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་13ཉིན་གློག་འཕྲིན་འབྱོར་གསལ། 2022ལོའི་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོ་ཚེས་13ཉིན་གྱི་དགོང་མོ་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་དབང་སྐྱོན་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཕ་སེན་སི་མཇུག་འགྲིལ་མཛད་སྒོར་ཞུགས་པ་རེད།
ཨོ་རྩལ་འགྲན་ཚོགས་གཉིས་ཀ་ངོ་མཚར་ཆེ་མཉམ་རེད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་རྗེས་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཕུལ་དུ་བྱུང་བའི་འགྲན་བསྡུར་སྒྲིག་འཛུགས་དང་། འཐུས་སྒོ་ཚང་བའི་གེགས་མེད་སྒྲིག་བཀོད། མི་གཤིས་ཅན་གྱི་ཞབས་ཞུ་བཅས་ལ་ལུས་རྩལ་པ་དང་། རྩལ་སློབ་པ། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ངང་ཐོབ་པ་རེད། འདས་ཟིན་པའི་ཉིན་9ཡི་རིང་རྒྱལ་ཁབ(ས་ཁུལ)46གི་དབང་སྐྱོན་ལུས་རྩལ་པ་600ཙམ་གྱིས་སྤྲོ་སྣང་མྱོང་རོལ་དང་དཔའ་ངར་ཆེན་པོས་འབད་འབུངས་བྱས་ཏེ་འབད་བརྩོན་ལྷོད་མེད་དང་སྤྲོ་སྣང་ལྡན་པའི་ངང་ཡར་རྒྱས་བརྩོན་ལེན་གྱི་སྙིང་སྟོབས་མངོན་ཡོད། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་18དང་བྱ་དགའི་རྟགས་མ་61ཐོབ་ནས་གསེར་གྱི་རྟགས་མའི་མིང་གྲལ་དང་བྱ་དགའི་རྟགས་མའི་མིང་གྲལ་ཨང་དང་པོར་སླེབས་ནས་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ལ་ཞུགས་ཚུན་གྱི་གྲུབ་འབྲས་ཡག་ཤོས་བཏོད་པ་རེད།
ས་སྲོས་ཀྱི་རྒྱལ་ཁབ་ལུས་རྩལ་ཐང་དུ་འོད་མདངས་རབ་ཏུ་འཚེར་བཞིན་བྲལ་མི་འདོད་པའི་བརྩེ་སེམས་ཟབ་མོས་ཕྱུག
《ཞི་བདེ—ལས་དབང་གཅིག་མཐུན་འདུས་གྲུབ》ཅེས་པའི་རོལ་དབྱངས་ཁྲོད་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཕ་སེན་སི་དང་ལྷན་དུ་ཀྲུའུ་ཞི་སྡིངས་ཆར་ཕེབས་ནས་ལྟད་མོ་བར་ཕྱག་གཡུག་གཡུག་གནང་ནས་འཚམས་ལན་གནང་བ་དང་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས།
ཚང་མ་ཡར་ལངས་ཏེ་རྔམ་བརྗིད་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་བསྒྲེངས།
གསར་དུ་བདམས་པའི་རྒྱལ་སྤྱིའི་དབང་སྐྱོན་ཨོ་ལིམ་ཕིག་ཨུ་ལྷན་གྱི་ལུས་རྩལ་པ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གཉིས་ཚོགས་རའི་དབུས་སུ་ཡོང་ནས་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་དང་བླངས་པའི་འཐུས་མི་6ལ་མེ་ཏོག་ཕུལ་ནས་གུས་འདུད་ཞུས་པ་དང་དང་བླངས་པ་ཚོས་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། འཆར་ཤེལ་ཆེན་པོའི་ནང་ནས་དང་བླངས་པ་ཚོས་སེམས་རྩ་འཁོལ་པོས་ཞབས་ཞུ་ཚགས་ཚུད་བྱེད་པའི་མི་སེམས་འགུལ་བའི་རྣམ་པ་མངོན།
སྙན་ཞིང་འཇེབས་པའི་རོལ་དབྱངས་དང་བཅས་དབང་པོ་སྐྱོན་ཅན་དང་བདེ་ཐང་བའི་འཁྲབ་སྟོན་པས་མཉམ་དུ《བརྩེ་སེམས་ཀྱི་འབོད་སྐུལ》ཞེས་པ་འཁྲབ་པས་ཚང་མའི་སེམས་ཁམས་ལ་གཡོ་འགུལ་ཆེན་པོ་ཐེབས། དབང་སྐྱོན་གྱི་ཨོག་ལེན་ཆེན་པོ་དཀྲོལ་མཁན་གྱིས་རྒྱལ་སྤྱིའི་དབང་སྐྱོན་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཚོགས་གླུ་དཀྲོལ་བ་དང་རྒྱལ་སྤྱིའི་དབང་སྐྱོན་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཚོགས་དར་དལ་བུར་ཕབ།
རྒྱལ་སྤྱིའི་དབང་སྐྱོན་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཚོགས་དར་རྩིས་སྤྲོད་རྩིས་ལེན་མཛད་སྒོ་འགོ་ཚུགས་ཤིང་། པེ་ཅིང་གྲོང་ཁྱེར་གྱི་ཧྲི་ཀྲང་ཁྲེན་ཅི་ཉིང་གིས་རྒྱལ་སྤྱིའི་དབང་སྐྱོན་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཚོགས་དར་གཡུག་གཡུག་གནང་བཞིན་རྒྱལ་སྤྱིའི་དབང་སྐྱོན་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཕ་སེན་སིར་རྩིས་སྤྲད། ཕ་སེན་སིས་ཚོགས་དར་དེ་སྐབས་རྗེས་མའི་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གཙོ་གཉེར་གྲོང་ཁྱེར་དབྱི་ཐ་ལིའི་སྨི་ལན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་སི་ཁ་ཝུའུ་ཙུའོ་དང་ཁོར་ཏི་ན་ཏན་ཕེ་ཙུའོ་གྲོང་ཁྱེར་གྱི་ཧྲི་ཀྲང་ཀའེ་ཏི་ནར་རྩིས་སྤྲད།
ས་གནས་ས་ཐོག་ཏུ་དབྱི་ཐ་ལིའི་རྒྱལ་གླུ་བཏང་བ་དང་དབྱི་ཐ་ལིའི་རྒྱལ་དར་བསྒྲེངས། འཆར་ཤེལ་ཆེན་པོའི་ནང་སྐབས་རྗེས་མའི་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གཙོ་གཉེར་གྲོང་ཁྱེར་གྱི་པར་གཞི་ཐུང་གྲས《ང་ཚོ་ནི་འོད་ཟེར་ཡིན》ཞེས་པ་བསྟན།
དེ་རྗེས་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཚའེ་ཆིས་ཤིས་ཚིག་བསྒྲོན་པ་དང་ཁོང་གིས་བརྗེད་པར་དཀའ་བའི་ཉིན་9ཡི་རིང་། འཛམ་གླིང་ས་གནས་ཁག་གི་ལུས་རྩལ་པས་བློ་རྩ་བརྟན་པོས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཕུགས་འདུན་མངོན་འགྱུར་བྱས་ཏེ་སྤྲོ་སྣང་ལྡན་པའི་ངང་ཡར་རྒྱས་བརྩོན་ལེན་གྱི་མི་ཚེའི་རྣམ་འགྱུར་དང་། འདྲ་མཉམ་རང་འབད་ཀྱི་ཚེ་སྲོག་གི་ལ་རྒྱ། བློ་རྩ་བརྟན་པོས་འབད་འབུངས་བྱེད་པའི་བསམ་པའི་སྟོབས་ཤུགས་བཅས་མངོན་ནས་འཛམ་གླིང་ཡོངས་ཀྱིས་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཐུན་མོང་མིན་པའི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་ཐུབ་པར་བྱས་ཡོད། དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཁྱིམ་ཚང་ཆེ་མོའི་ཁོངས་མི་མཐུན་སྒྲིལ་མཉམ་ལས་བྱས་པ་དང་སྨྱན་སྦྱོར་གྱིས་གནས་ཚུལ་གཏོང་སྤེལ་ཞིབ་ཚགས་བྱས་ཏེ་གོ་ལ་ཧྲིལ་པོར་ངོ་མཚར་ཆེ་བའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་པ་མངོན་པར་བྱས་ཡོད། ཚང་མས་འབད་བརྩོན་བྱས་ཏེ་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་སྟབས་བསྡུས་དང་། བདེ་འཇགས། ངོ་མཚར་ཆེ་བ་བཅས་མངོན་འགྱུར་བྱུང་ཡོད་པས་ཞབས་ཞུ་འགན་ལེན་མི་སྣ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས“དཔའ་སྟོབས་དང་། ཆོད་སེམས། སྐུལ་ལྕག འདྲ་མཉམ”སོགས་ཀྱི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་རིན་ཐང་ལྟ་བ་མུ་མཐུད་དར་སྤེལ་བཏང་སྟེ་ལག་གདང་སྦྲེལ་ནས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་བཏང་ཐོག་མཉམ་དུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་ཕྱོགས་དགོས་ཞེས་བརྗོད།
རྒྱལ་སྤྱིའི་དབང་སྐྱོན་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཕ་སེན་སིས་ཤིས་ཚིག་བསྒྲོན་པ་དང་ཁོང་གིས་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་དེ་མི་རྣམས་ཧང་སངས་དགོས་པ་དང། བདེ་འཇགས་བློས་འགེལ་ཆོག་པ། ངོ་མཚར་རྨད་དུ་བྱུང་བ་བཅས་བྱུང་བས་སླད་ཕྱིན་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གཉེར་བར་ཚད་ཤིང་བཙུགས་ཡོད། ཀྲུང་གོ་འདི་ཉིད་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་ཏུ་གྱུར་བར་རྟེན་འབྲེལ་ཞུ་རྒྱུ་དང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་དང་། ཀྲུང་གོ་དབང་སྐྱོན་ཨོ་ལིམ་ཕིག་ཨུ་ལྷན། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཡོངས་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད། མཇུག་ཏུ་ཕ་སེན་སིས་2022ལོའི་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་མཇུག་འགྲིལ་བའི་ཁྱབ་བསྒྲགས་བྱས་པ་དང་འབྲེལ་ལུས་རྩལ་པ་ཚོ་ལོ་4ཡི་རྗེས་སུ་སྨི་ལན—ཁོར་ཏེ་ན་ཏན་ཕེ་ཙུའོ་རུ་སླར་ཡང་མཉམ་འཛོམས་ཡོང་རྒྱུའི་འབོད་སྐུལ་བྱས་པ་རེད།
དབང་པོ་སྐྱོན་ཅན་དུ་མའི་འཛུམ་མདངས་ཀྱི་སྐད་ཅིག་མ་ལས་གྲུབ་པའི་པར་གཞི་ཐུང་གྲས་ལས་མཐའ་མའི་ཁ་བྲལ་བའི་དུས་སྐབས་བསུས་ཤིང་། བརྗེད་པར་དཀའ་བའི་དྲན་ཤེས་ཀྱི་པར་རིས་རེ་རེ་བཞིན་སྐད་པར་འཕྲུལ་འཁོར་ལས་བསྐྱར་དུ་མངོན། 《ཁ་བའི་འདབ་མ》ཞེས་པའི་མི་སེམས་འགུལ་བའི་འགྱུར་ཁུག་དང་སྦྲགས“ཁ་བའི་འདབ་མ་ཆེན་པོའི”དབྱིབས་ཀྱི་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་གཙོ་བོའི་མེ་དལ་བུར་བསད།