རྔ་པ་ཁུལ་གྱིས་སློབ་གྲྭར་3·15འཛད་སྤྱོད་དབང་སྲུང་གི་ཆེད་དོན་འཆད་ཁྲིད་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-18



     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་གཞུང་ཕྱོགས་དྲ་བ་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་3ཚེས་14ཉིན་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་དང་རྔ་པ་ཁུལ་འཛད་སྤྱོད་པའི་ཨུ་ལྷན་གྱིས་འཛད་སྤྱོད་དབང་སྲུང་གི་ཤེས་བྱ་སློབ་གྲྭ་དང་སློབ་ཁང་དུ་ཁྲིད་པའི་བྱེད་སྒོ་སྤེལ་ནས། འབར་ཁམས་གྲོང་ཁྱེར་སློབ་འབྲིང་གི་དམའ་རིམ་ལོ་རིམ་དང་པོ་དང་གཉིས་པ་དང་། འབར་ཁམས་གྲོང་ཁྱེར་གྱི་སློབ་ཆུང་གཉིས་པའི་ལོ་རིམ་བཞི་པ་དང་ལྔ་པར་3·15ཡི་ཆེད་དོན་འཆད་ཁྲིད་བྱས་ནས། སློབ་གྲྭའི་དགེ་རྒན་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མར་བརྗོད་དོན་གཙོ་བོའི་འཛིན་ཚོགས་སློབ་ཚན་རྣམ་པ་གསར་རྐྱང་ཞིག་འཚོགས་པ་རེད།
     ཆེད་དོན་འཆད་ཁྲིད་ནང“འཛད་སྤྱོད་དྲང་གཞག་ལ་མཉམ་དུ་སྐུལ་འདེད་གཏོང་བའི”2022ལོའི་འཛད་སྤྱོད་ཀྱི་བརྗོད་དོན་གཙོ་བོར་དམིགས་པ་དང་། བཟའ་བཅའི་བདེ་འཇགས་དང་ན་སོ་དར་ལ་མ་བབས་པའི་མིའི་འཛད་སྤྱོད་དབང་སྲུང་མངོན་གསལ་དོད་དུ་གཏོང་བ། ན་སོ་དར་ལ་མ་བབས་པའི་མིའི་ལུས་སེམས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བཅས་བྱས་ནས། ཡིག་རིས་སྤེལ་བ་དང་། གྱོད་དཔེ་སྤྱད་ནས་བཅའ་ཁྲིམས་འགྲེལ་བཤད་རྒྱག་པ། བཟའ་བཅའ་རྫུན་མ་དབྱེ་འབྱེད་བྱེད་པ། བྱ་དགའ་སྤྲོད་པའི་ཚོད་ལྟ་བྱེད་པ་སོགས་བརྒྱུད་སློབ་ཕྲུག་ཚོར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོན་རྫས་སྤུས་ཚད་ཀྱི་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་བཅའ་ཁྲིམས》སོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པ་དང་། ཐུམ་སྒྲིལ་བརྒྱབ་པའི་བཟའ་བཅའི་མཚོན་རྟགས་ལ་ཇི་ལྟར་ལྟ་བ་དང་། དུས་ཚོད་ཡོལ་བ་དང་། རུལ་བ། རྫུན་ལྷད་ཞན་གསུམ། “མེད་པ་གསུམ་གྱི་བཟའ་བཅའ”བཅས་ལ་དབྱེ་འབྱེད་ཇི་ལྟར་བྱེད་པ། བདེ་འཇགས་དང་བློ་བདེའི་བཟའ་བཅའ་ཉོ་སྒྲུབ་ཇི་ལྟར་བྱེད་པ། ན་སོ་དར་ལ་མ་བབས་པའི་མིའི་འཛད་སྤྱོད་དབང་སྲུང་སོགས་ཀྱི་ཐད་བརྒྱུད་ཁྲིད་བྱས་ནས། གཞོན་ནུ་ལོ་ཆུང་ལ་ཤེས་དཔལ་དང་། སྐྱོན་བྲལ། ཚན་རིག་དང་མཐུན་པ། དཔྱོད་ཤེས་བཅས་ཀྱི་འཛད་སྤྱོད་འདུ་ཤེས་འཛུགས་པར་ཁྲིད་སྟོན་དང་། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ལྗང་མདོག་འཛད་སྤྱོད་བྱེད་སྟངས་དར་སྤེལ་གཏོང་བ་དང་། འཛད་སྤྱོད་གོམས་གཤིས་ཡག་པོ་འཇགས་པར་བྱེད་པ། རང་ཉིད་ནས་འགོ་བཙུགས་ཏེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་བློ་ཁོག་ཆེན་པོས་བསྲུངས་ནས་དུས་རབས་གསར་པའི་འགན་འཁུར་ཕོད་པའི་ཚད་ལོན་འཛད་སྤྱོད་པ་ཞིག་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1