༄༅། །བསྙལ་ཚལ་གྱིས་སྐྲན་ནད་བསྐྱེད་དམ། འདི་ལྟར་ཟོས་ན་ཉེན་ཁ་ཧ་ཅང་ཆེ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 03-28



          བསྙལ་ཚལ་ནི་ཀྲུང་གོའི་མི་ཡི་གསོལ་ལྕོག་ཐོག་ཏུ་རྒྱུན་མཐོང་གི་ཟས་རིགས་ཤིག་ཡིན། ཡིན་ནའང་། ཟླ3པའི་ཚེས15ཉིན་གྱི“3·15”དགོང་ཚོགས་ཀྱིས་དམར་རྗེན་དུ་བཏང་བའི་དོན་དག་ཅིག་གིས་རྒྱ་ཆེའི་དྲ་གྲོགས་རྣམས་སྐྱི་གཡའ་བ་དང་ཁོང་ཁྲོ་ལངས་པར་བྱས་ཡོད། མི་མང་པོས་ཀྱང“བསྙལ་ཚལ་དུ་ཚྭ་ཡི་འདུས་ཚད་མཐོ་བ་དང་། ཟེ་སྐྱུར་ཚྭ་ཕལ་བ(亚硝酸盐)ཡིས་སྐྲན་ནད་བསྐྱེད”ཅེས་པའི་གནད་དོན་ལ་སེམས་ཁྲལ་བྱེད་བཞིན་ཡོད།
          དོན་ངོ་མར་ཅི་འདྲ་ཞིག་ཡིན་ནམ་ཞེ་ན། དེ་རིང་ང་ཚོས་དེའི་སྐོར་ལ་རྒྱུས་ལོན་ཐེངས་ཤིག་བྱེད།
          མི་མང་པོས་བསྙལ་ཚལ་ཟ་དུས། “དེའི་ནང་དུ་ཟེ་སྐྱུར་ཚྭ་ཕལ་བ་ཡོད་པས། སྐྲན་ནད་བསྐྱེད་པ་ཡིན”ཞེས་སེམས་ཁྲལ་བྱེད་པ་ཡིན།
          དོན་ངོ་མར་བཤད་ན། སྐྲན་ནད་བསྐྱེད་པའི་རྒྱུ་ནི་ཟེ་སྐྱུར་ཚྭ་ཕལ་བ་མིན་པ་དང་། དེ་ནི་ཟེ་སྐྱུར་ཚྭ་ཕལ་བ་དང་ཟ་མའི་ནང་གི་ཨན་རིགས་འདྲེས་སྦྱོར་དངོས་རྫས་གཉིས་མཉམ་བསྲེས་བྱས་ནས་བྱུང་བའི་ཟེ་ཨན་ཕལ་བ(亚硝胺)ཡིས་མིད་པའི་འབྲས་སྐྲན་དང་ཕོ་བའི་འབྲས་སྐྲན། ཐོག་མ་ནས་བྱུང་བའི་རང་བཞིན་གྱི་མཆིན་པའི་འབྲས་སྐྲན་སོགས་འཇུ་བྱེད་མ་ལག་གི་སྐྲན་ནད་རིགས་འབྱུང་བའི་ཉེན་ཁ་ཇེ་ཆེར་གཏོང་བ་ཡིན།

          གཉིས། ཟེ་སྐྱུར་ཚྭ་ཕལ་བ་ནི་ཟ་མའི་ནང་ལ་བསྲེས་ཆོག་པ་ཅི་ཡིན་ནམ།
          ཟེ་སྐྱུར་ཚྭ་ཕལ་བ་ནི་སྐྱེ་མེད་འདྲེས་སྦྱོར་དངོས་རྫས་ཀྱི་སྤྱི་མིང་ཡིན་ཞིང་། དེ་ནི་ཟེ་སྐྱུར་ཕལ་བ་ལས་ཐོན་པའི་ཚྭ་ཡིན། སྔོ་ཚལ་དང་ཤ་རིགས་ཀྱི་ནང་དུ་ལྷན་སྐྱེས་སུ་ཡོད།
          ཟེ་སྐྱུར་ཚྭ་ཕལ་བ་འདི་ཟས་རིགས་ཀྱི་སྦྱོར་རྟ་ཡིན་པའི་ཆ་ནས། ཤ་དུག་དབྱུག་སྲིན་གྱི་སྐྱེ་འཕེལ་ལ་ཚོད་འཛིན་བྱས་ཏེ་ཟ་མའི་དུག་ཕོག་པར་སྔོན་འགོག་དང་ཟས་རིགས་ཀྱི་བྲོ་བ་ཇེ་ལེགས་སུ་གཏོང་བར་ཕན་པ་ཡིན།

          གསུམ། བསྙལ་ཚལ་བཟོས་ན་དུས་ཡུན་ག་ཚོད་ཅིག་གི་ནང་ལ་ཟོས་ན་ཆོག་གམ།
          རྒྱུན་ལྡན་ལྟར་ན། བསྙལ་ཚལ་ནང་གི་ཟེ་སྐྱུར་ཚྭ་ཕལ་བའི་འདུས་ཚད་ཆེས་མཐོ་བའི་སྐབས་ནི་ཚོད་མ་བསྙལ་རྗེས་ཀྱི་ཉིན་འགའ་ནས་བཅུ་ལྷག་གི་རིང་ཡིན། དེ་ནས་གཟའ་འཁོར2ནས3ཙམ་འགོར་རྗེས། རིམ་བཞིན་མར་འབབ་པ་དང་། ཉིན20ཡི་རྗེས་ལ། གཞི་རྩའི་ཆ་ནས་བདེ་འཇགས་ཀྱི་ཚད་ཡིན་པས། དེ་ཉིད་ཟོས་ཀྱང་ཆོག་པ་ཡིན།
          མཉམ་འཇོག་བྱ་དགོས་པ་ཞིག་ལ། ཐེངས་གཅིག་ལ་བསྙལ་ཚལ་མང་པོ་ཟ་བ་དང་བསྟུད་མར་ཟ་བ་ནི་གཏན་ནས་བྱེད་མི་རུང་།

          བཞི། བསྙལ་ཚལ་ཡུན་རིང་ལ་ཟོས་ན་གནོད་པ་ཅི་འདྲ་ཡོད་དམ།
          ཚོད་མ་སྙལ་དུས། ཚྭ་ཡི་བསྲེས་ཚད་ཅུང་མང་བ་ཡིན། དུས་ཡུན་རིང་པོ་ལ་བསྙལ་ཚལ་ཟོས་ན། ཁྲག་ཤེད་མཐོ་བ་སོགས་ཀྱི་ནད་རིགས་འབྱུང་བའི་ཉེན་ཁ་ཇེ་ཆེ་ཡིན། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1