དཔྱིད་གསར་དུས་ཆེན་གྱི་གུང་གསེང་སྐབས་སུ་དཀར་མཛེས་ཁུལ་གྱི་འདབ་པའི་ཉི་སྟེང་གནས་སྐོར་དང་དུང་དཀར་ལུང་པའི་འཁྱགས་ཀླུང་གི་ཞིང་ཁམས། རོང་བྲག་རྫོང་བརྒྱ་གྱུར་བོད་གྲོང་སོགས་མཛེས་ཁུལ་གཙོ་བོ་དག་གིས། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་ལྗོངས་རྒྱུ་བ་འབོར་ཆེན་ཞིག་གི་ཡིད་དབང་བཀུག་ཡོད་ཅིང་། བསྡོམས་རྩིས་བྱས་པར་གཞིགས་ན། སྤྱི་ཟླ་2པའི་ཚེས་18ཉིན་ནས་ཚེས་24ཉིན་གྱི་བར་དུ་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་ཁྱོན་བསྡོམས་མི་ཐེངས་ཁྲི་18.12སྣེ་ལེན་བྱས་ཡོད་པས། ན་ནིང་ལོའི་དུས་མཉམ་ལས་བརྒྱ་ཆ་9.55འཕར་ཡོད། ཡུལ་སྐོར་བར་སྣེ་ལེན་བྱས་པའི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་1.79མངོན་འགྱུར་བྱུང་ཡོད་པས་ན་ནིང་ལོའི་དུས་མཉམ་ལས་བརྒྱ་ཆ་9.53འཕར་ཡོད། །
དཀར་མཛེས་ཁུལ་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་ཡུལ་སྐོར་བ་ཡོང་ཁུངས་ལ་དབྱེ་ཞིབ་བྱས་པ་ལྟར་ན། ད་ལོའི་དཔྱིད་གསར་དུས་ཆེན་སྐབས་དཀར་མཛེས་ཁུལ་དུ་ཕེབས་པའི་ཡུལ་སྐོར་བ་གཙོ་བོ་ནི་པེ་ཅིང་དང་ཧྲང་ཧའེ། ཀོང་ཏུང་། ཡུན་ནན། ཁྲུང་ཆིང་སོགས་གནས་ཀྱི་མི་ཡིན་བར་མ་ཟད། ཕྱི་རྒྱལ་ནས་ཡོང་བའི་ཡུལ་སྐོར་བའང་ཡོད་པ་རེད། །