༄༅།། མ་འོངས་པའི་ལམ་ངོས་ནི་ཅི་འདྲ་ཞིག་ཡིན་ནམ།

བསོད་ནམས་དངོས་གྲུབ་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 03-30


        བགྲོད་ལམ་སྟེང་བཀོལ་བའི་འགྲིམ་འགྲུལ་ཡོ་བྱད་ཀྱི་ངོས་ནས་བཤད་ན། རྒྱུ་སྤུས་ལེགས་པའི་ལམ་ནི་ཉ་ལ་མཁོ་བའི་ཆུ་བཞིན་དུ་ཧ་ཅང་གལ་ཆེན་ཞིག་ཡིན། མ་འོངས་པའི་ལམ་ནི་ཅི་འདྲ་ཞིག་ཡིན་ནམ། ཚན་རིག་པས་སྔོན་དཔག་བྱས་པ་ལྟར་ན།མ་འོངས་པའི་ལམ་ངོས་ཀྱི་རྒྱུ་ཆ་དང་གྲུབ་ཆ།ནུས་པ།རྣམ་པ་སོགས་ནི་སྲོལ་རྒྱུན་གྱི་ལམ་ངོས་དང་ཁྱད་པར་ཆེན་པོ་ཡོད།
        མིག་སྔར། རྣམ་པ་གསར་པའི་ལམ་ངོས་ཤིག་འཆར་འགོད་བྱེད་ཀྱིན་པའི་སྒང་ཡིན་ལ།གཞུང་ལམ་བཟོ་བའི་ལག་རྩལ་མི་སྣས་ལམ་ངོས་སུ་རི་མོའི་རྒྱན་རིས་དང་ཁྲ་རིས་སྣ་ཚོགས་ཇུས་འགོད་བྱས་པར་མ་ཟད།ད་དུང་འགྱིག་རིལ་ཕྲན་བུ་དང་ཨར་འདམ་མཉམ་བསྲེས་བྱས་ཏེ། ཆེད་སྤྱོད་སྤྱིན་ཆུ་བསྣན་ནས་ལམ་ངོས་སུ་འདིང་རྒྱུ་རེད། དེ་ལྟ་བུའི་ལམ་ངོས་ཀྱིས་འདྲེད་འགོག་ཐུབ་པར་མ་ཟད། ད་དུང་ཞུན་བརྡར་ཡང་བཟོད་ཐུབ། དེའི་སྤུས་ཀའང་སྲོལ་རྒྱུན་གྱི་སྣུམ་སྙིགས་ལམ་ལས་བཟང་བ་རེད།
        མ་འོངས་པར་བགྲོད་ལམ་གྱི་གནས་ཚུལ་མི་འདྲ་བ་ལྟར། གཞུང་ལམ་བཟོ་བའི་ལག་རྩལ་མི་སྣས་ད་དུང་གཞུང་ལམ་ལ་ཁ་དོག་མི་འདྲ་བ་སྣ་ཚོགས་བྱུགས་ནས། ཁ་དོག་སྣ་གཅིག་པའི་ལམ་ངོས་ཀྱི་དབང་གིས་ཁ་ལོ་བ་ཐང་ཆད་པ་དང་འཚུབ་ཆ་ལངས་པ། སུན་སྣང་སྐྱེས་པ་སོགས་ཀྱི་ཚོར་བ་མེད་པར་གཏོང་རྒྱུ་རེད།
        གཞན་ཡང་འཛེར་སྒྲ་སེལ་ཐུབ་པའི“སྒྲ་སེལ་ལམ་ངོས”དང་། རླངས་འཁོར་གྱི་ལྗིད་ཤུགས་ལ་བརྟེན་ནས་གློག་བཏང་སྟེ། བགྲོད་ལམ་སྟེང་གི་གློག་སྒྲོན་མཁོ་འདོན་བྱེད་པའི“གློག་ཤུགས་ལམ་ངོས”ཀྱང་མི་འགྱངས་པར་ཐོན་རྒྱུ་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1