༄༅།། རླངས་འཁོར་གྱི་འཁོར་ལོའི་སྟེང་གི་རི་མོ་མི་གཅིག་དོན་ཅི་ཡིན།

ཚེ་རིང་སྐྱིད་ཀྱིས་བསྒྱུར། ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 03-30


        རླངས་འཁོར་མང་ཆེ་བའི་འཁོར་ལོ་ནི་འགྱིག་འཁོར་ཡིན་པ་དང་།དེའི་སྟེང་དུ་འབའ་འབུར་མི་འདྲ་བའི་འཁྱུག་རིས་མང་པོ་ཡོད། རླངས་འཁོར་རིགས་མི་གཅིག་ན་འགྱིག་འཁོར་ཡང་མི་གཅིག་སྟེ། འཁྱུག་རིས་ཀྱི་ཚུགས་ཀ་དང་ཆེ་ཆུང་ལའང་ཁྱད་པར་ཡོད། ཁྱོད་ཀྱིས་དེའི་རྒྱུ་མཚན་ཨེ་ཤེས།
        འགྱིག་འཁོར་སྟེང་གི་འཁྱུག་རིས་ནི་རླངས་འཁོར་གྱི་འཁོར་ལོ་དང་ས་ངོས་བར་གྱི་རྡར་ཤུགས་ཇེ་ཆེར་བཏང་ནས་འཁོར་ལོ་ལམ་ངོས་སུ་བགྲོད་དུས་ཤུད་པར་སྔོན་འགོག་བྱེད་ཆེད་རེད། འགྱིག་འཁོར་སྟེང་ལ་འཁྱུག་རིས་འགོད་པར་ཚོད་ལྟ་དང་ལག་ལེན་ཁྲོད་འགྱུར་ལྡོག་གང་མང་བྱུང་བ་བརྒྱུད། དེང་སྐབས་ད་གཟོད་ཅུང་འཐུས་ཚང་དང་ཚན་རིག་དང་མཐུན་པ་ཞིག་ཏུ་གྱུར་ཡོད། དེང་སྐབས་མི་རྣམས་ཀྱིས་འགྱིག་འཁོར་གྱི་འཁྱུག་རིས་རྒྱུན་སྤྱོད་དང་རི་འཛེག མཉམ་འབྲེལ་བཅས་ཀྱི་རིགས་གསུམ་དུ་དབྱེ་ཡོད་ལ། དེའི་འཁྱུག་རིས་ཀྱི་ཚུགས་ཀ་ལའང་འཕྲེད་ཕྱོགས་དྲང་ཐིག་དང་གཞུང་ཕྱོགས་དྲང་ཐིག གསེག་ཐིག གྲུབ་དབྱིབས། མཉམ་བསྲེས་བཅས་རིགས་ལྔ་ཡོད།
        རྒྱུན་སྤྱོད་འཁྱུག་རིས་ལ་གཞུང་ལམ་འཁྱུག་རིས་ཀྱང་ཟེར། དེ་ནི་བཀོད་སྤྱོད་བྱེད་སྔ་ལ་སྤྱོད་རྒྱ་ཆེས་ཆེ་བའི་རིགས་ཤིག་རེད།དཔེར་ན་སྤྱི་སྤྱོད་རླངས་འཁོར་གྱི་འགྱིག་འཁོར་སྟེང་རྒྱུན་དུ་མཐོང་བའི་གཞུང་ཕྱོགས་དྲང་ཐིག་དང་སོག་ལེའི་དབྱིབས་ཀྱི་འཁྱུག་རིས་ལྟ་བུ།དེས་འཛེར་སྒྲ་འགོག་ཐུབ་པས་སྒྲ་མེད་འཁྱུག་རིས་ཀྱང་ཟེར། རི་འཛེག་འཁྱུག་རིས་ནི་ཆེད་དུ་རི་མཐོ་ས་སྟོང་དང་ས་སོབ་སོབ་སྟེང་སྐོར་བའི་རླངས་འཁོར་གྱིས་སྤྱོད་པ་ཡིན་པས། མང་ཆེ་བར་ཟབ་ལ་ཆེ་བའི་འཁྱུག་རིས་བཀོད་ཡོད་པ་དང་། ས་རྡོ་སོགས་དེའི་བར་དུ་ཚུད་མི་སྲིད་ལ་འཁོར་ལོ་ཤུད་ཀྱང་མི་སྲིད།མཉམ་བསྲེས་འཁྱུག་རིས་ཀྱི་འགྱིག་འཁོར་ནི་ལམ་གཙུབ་མོ་དང་བྱེ་རྡོའི་ལམ་དུ་བགྲོད་ཐུབ་པར་མ་ཟད།ས་སོབ་སོབ་དང་འདམ་རྫབ། དར་ལམ་གང་དུའང་བགྲོད་ཐུབ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1