མཚོ་སྔོན་གྱི་གཙང་པོ་ཆུ་མཚོའི་བྱེད་ནུས་ཁུལ་གལ་ཆེན་གྱི་ཆུའི་སྤུས་ཚད་100%ཟིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-31



 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་3ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱི་གཙང་པོ་དང་། ཆུ་བོ། མཚོའི་བྱེད་ནུས་ཁུལ་གལ་ཆེན་གྱི་ཆུའི་སྤུས་ཚད་100%ཟིན་ཞིང་། ས་ངོས་ཆུའི་རྒྱལ་ཁབ་ཀྱི་དཔྱད་ཞིབ་བཅད་ཁའི་ཆུའི་སྤུས་ཚད་ཡག་པོ་རྒྱུན་འཁྱོངས་ཐུབ་སྟེ། རྒྱལ་ཡོངས་ཀྱི་རྒྱལ་ཁབ་ཀྱི་རྒྱུག་ཆུའི་དཔྱད་ཞིབ་བཅད་ཁའི་རིགས་Ⅰནས་Ⅲབར་གྱི་ཆུའི་སྤུས་ཚད་བསྡུར་ཚད་100%ཟིན་པའི་ཞིང་ཆེན་འབའ་ཞིག་དེར་གྱུར་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔའི་ཆུ་དཔོན་དང་མཚོ་དཔོན་གྱི་རྩ་འཛུགས་མ་ལག་བཙུགས་ཏེ། ཆུ་དཔོན་དང་མཚོ་དཔོན་6723དང་། ཆུ་བོ་དང་མཚོའི་ལྟ་སྲུང་བ་15980བཀོད་སྒྲིག་བྱས་པ་དང་། རྟ་ཐོག་ཆུ་དཔོན་མཚོ་དཔོན་དང་། སྦག་སྦག་སྐོར་སྲུང་རུ་ཁག ཁེ་ལས་ཀྱི་ཆུ་དཔོན་མཚོ་དཔོན་སོགས་ཀྱི་ལྟ་སྲུང་རུ་ཁག་གསར་པ་བཙུགས་པ་རེད། གཞན་ཡང་། མཚོ་སྔོན་གྱིས་ཀན་སུའུ་དང་། སི་ཁྲོན། བོད་ལྗོངས་བཅས་དང་མཉམ་དུ་ཞིང་ཆེན་ས་མཚམས་ཀྱི་ཆུ་དང་མཚོ་མཉམ་དུ་སྔོན་འགོག་དང་། མཉམ་དུ་ཚོད་འཛིན། མཉམ་དུ་བཅོས་སྐྱོང་བཅས་ཀྱི་ལམ་སྲོལ་བཙུགས་པ་མ་ཟད། ད་དུང་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་རྒྱུན་རྣམ་ཅན་ཞིང་ཆེན་དེ་གས་གྲོང་ཁྱེར་དང་ཀྲོའུ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དཔྱད་ཞིབ་བྱེད་པའི་དམིགས་ཚད་མ་ལག་ཏུ་བཅུག་ནས། རྨ་ཆུའི་རྒྱུག་ཁོངས་སུ《ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ལག་བསྟར་བྱེད་པའི་མཚོ་སྔོན་ཞིང་ཆེན་གྱི་སྲོལ་ཡིག》སྔོན་ལ་ཡོངས་བསྒྲགས་དང་ལག་བསྟར་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1