བཙན་ལྷས་ད་ལོའི་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་ཇུས་འགོད་བྱས།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 04-01


      བཙན་ལྷ་རྫོང་གིས་ཁྱད་ལྡན་གྱི་ཐོན་ལས་ཐོན་ཁུངས་ལ་གཞི་ཚུགས་ཤིང་། ཐོན་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་2022ལོའི་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་ཇུས་འགོད་བྱས་པ་དང་། ནུས་ཤུགས་ཡོད་རྒུས་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་དང་མཉམ་འདྲེས་ཡོང་བར་བྱས་ཏེ་རྫོང་ཡོངས་ཀྱི་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་སྔར་ལས་སྤུས་ཚད་ལྡན་པ་དང་ཕན་འབྲས་བཟང་བ། རྒྱུན་མཐུད་ཡོང་བར་སྐུལ་སྤེལ་བཏང་།
      དེང་རབས་ཞིང་ལས་ཇེ་ལེགས་སུ་བཏང་། མ་དངུལ་སྒོར་ཁྲི་2530བཏང་ནས་རྒུན་འབྲུམ་དང་ཀུ་ཤུ་གཉིས་ཀྱི་དེང་རབས་ཞིང་ལས་གླིང་དང་ནོར་གནག་དེང་རབས་འཚོ་སྐྱོང་གླིང་འཛུགས་སྐྲུན་བྱས། ཧྥུ་པེན་སྔོ་ཚལ་རྟེན་གཞི་དང་མི་ཕམ་མྱུག་གསོ་རྟེན་གཞི་བཙུགས་ནས་རི་སྐེད་ཀྱི་སྔོ་ཚལ་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་ཁུལ་བསྐྲུན། ལོ་གཅིག་གི་རིང་ལ་ཕག་ཁྲི་2.5བཤས་ཁོངས་སུ་གཏོང་བ་དང་། ཀྲུང་ལུགས་སྨན་རྫས་མུའུ་ཁྲི་1ཡན་འདེབས་རྒྱུར་འབད་པ་བྱས། ཞིང་ལས་ཐོན་ལས་ཀྱི་སྤུས་རྟགས་འདུ་འགོད་ལག་བསྟར་བྱས་ནས་ཐོན་ཡུལ་གྱི་ངོ་སྤྲོད་དང་ཁུངས་འདེད་དོ་དམ་ལམ་སྲོལ་ཁྱབ་གདལ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ལྟ་སྐུལ་སྒྲིག་གཞི་འཛུགས་པ་དང་འཐུས་ཚང་དུ་བཏང་ལ། དག་ཞིང་གི་རྔ་ཁུལ་ཞེས་པའི་ཚོང་རྟགས་སུ་ཐོན་རྫས་1གསར་དུ་བསྣན་ཡོད།
      དེང་རབས་བཟོ་ལས་འཕེལ་རྒྱས་སུ་བཏང་། ནུས་ཁུངས་གཙང་མ་གསར་སྤེལ་བྱེད་པའི་སྲིད་ཇུས་བརྩོན་ལེན་བྱས་ཏེ། འོད་ཤུགས་ནུས་ཁུངས་གསར་བ་དང་ཞིང་འོད་གསབ་རེས། རླུང་ཤུགས་གློག་འདོན་རྣམ་གྲངས་དོན་འཁྱོལ་ཡོང་བར་སྐུལ་སྤེལ་བཏང་ལ། སི་ཁྲོན་གྱི་ལས་གཏོད་དུས་ཐེངས་གཉིས་པའི་རྣམ་གྲངས་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་བཏང་ནས་ཟུར་ཡུལ་ཚོའི་ཞིང་ལས་ཐོན་རྫས་གཅིག་སྡུད་ལས་སྣོན་ཁུལ་གྱི་ཐོན་སྐྱེད་བྱེད་ཚད་ལོན་པར་སྐུལ་སྤེལ་དང་། ཚད་ལྡན་ཅན་གྱི་བཟོ་ལས་ཁེ་ལས་2སྐྱེད་སྲིང་བྱས་ནས་བཟོ་ལས་ཀྱི་རིན་ཐང་འཕར་ཚད་བརྒྱ་ཆ་5ཡན་འཕར་རྒྱུར་འབད།

      དེང་རབས་ཞབས་ཞུའི་ལས་རིགས་སྟོབས་ཆེར་བཏང་། རྫོང་དང་ཡུལ་ཚོ།(གྲོང་རྡལ)གྲོང་སྡེ་བཅས་རིམ་པ་གསུམ་གྱི་ཟོང་འགྲེམས་སྡེབ་སྐྱེལ་མ་ལག་འཐུས་ཚང་དང་། ལྕགས་རིགས་དང་ཨར་ལས་རྒྱུ་ཆས། ཁྱིམ་ཆས་ཟོག་འགྲེམས་བཅས་བསྡུ་འགྲེམས་ལྟེ་གནས་བཙུགས་ལ། དྲྭ་ཐོག་ཚོང་དོན་གྱི་དཔེ་སྟོན་རྟེན་གཞི་བསྐྲུན་པ་དང་། མཛོད་ཁང་དུ་བཅུག་པའི་ཁེ་ལས་3མང་དུ་བཏང་བ་དང་དྲྭ་རྒྱའི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་4.8མངོན་འགྱུར་བྱུང་ཡོད། དྲྭ་གྲགས་སྐྱེད་སྲིང་བྱས་ནས་དྲྭ་གྲགས་དཔལ་འབྱོར་སྐྱོན་བྲལ་དང་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་རྒྱུར་སྐུལ་སྤེལ་བཏང་། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1