བྱི་ཏང་དྲུག་པ། བསིལ་དྲོད་སྙོམས། བཟི་ཆེ།
ཕན་ནུས། གཞང་ཁར་འབྲུམ་ཐོར་ཤར་བ་དང་། ཟ་འཁྲུག་ལངས་པ། བཤང་ལམ་ལ་འབྲུམ་ཐོར་ཤར་བ། བཤང་བའི་མཉམ་དུ་ཁྲག་དམར་པོ་ཡང་ཡང་འདོན་པ། དེ་བཞིན་མགོ་སྲིན་དང་། སོ་སྲིན། ཁོང་སྲིན། གཞང་སྲིན། ལྤགས་སྲིན། གཞང་འབྲུམ། གླང་འཐབ་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག་ཐེངས་རེར་རིལ་བུ་བཞི།
བྱི་ཏང་བདུན་པ། བསིལ་དྲོད་སྙོམས། བཟི་མེད།
ཕན་ནུས། ཕོ་ལོང་གི་སྲིན་ནད་དང་། གཉན་གཟེར། གཞང་འབྲུམ་བཅས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིགཐེངས་རེར་ཞི་དྲུག་རིལ་བུ་བཞི་དང་།བྱི་ཏང་བདུན་པ་རིལ་བུ་གསུམ་མཉམ་དུ་གཏོང་རྒྱུ།
ཞི་དྲུག་བྱི་བསྣན། བསིལ་དྲོད་སྙོམས། བཟི་མེད།
ཕན་ནུས། བཤང་བ་བབས་དཀའ་བ་དང་། གཞང་འབྲུམ་གྱི་ནད་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངསས་གཅིག་ཐེངསས་རེར་ཞི་དྲུག་རིལ་བུ་བཞི་དང་།བྱི་ཏང་བདུན་པ་རིལ་བུ་གསུམ་མཉམ་དུ་གཏོང་རྒྱུ།