མའོ་རྫོང་གིས་ཏའེ་ཞི་ལྗོངས་སྐོར་གྲོང་རྡལ་གསར་བ་བཏོད།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 04-13



      ཉེ་བའི་ལོ་ཤས་རིང་ཏའེ་ཞི་གྲོང་རྡལ་གྱིས་གཟི་རྩའི་ལྗོངས་སྐོར་ལམ་རྒྱུད་ཀྱི་གྲོང་རྡལ་དང་ས་ཁོངས་གྲོང་ཁྱེར་གྱི་དོན་དངོས་ལ་གཞི་ཚུགས་ཏེ། མའོ་རྫོང་གིས་བཅོས་སྐྱོང་དང་རིག་གནས། ཐོན་ལས་བཅས་ཀྱི་ལྟེ་བར་དམིགས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བཅོས་སྐྱོང་བྱེད་སྟངས་གསར་བ་དང་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བ་འཚོལ་ཞིབ་བྱས་ནས། ཏའེ་ཞི་ལྗོངས་སྐོར་གྲོང་རྡལ་གསར་བ་བཏོད་དེ་ལྗོངས་སྐོར་ལས་རིགས་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བཏང་།

      བཅོས་སྐྱོང་དཔེ་སྟོན་གྱི་གྲོང་རྡལ་བཏོད་པ། ཁོར་ཡུག་བཅོས་སྐྱོང་དང་ལྗོངས་སྐོར་ཡ་རབས་སྤྱོད་ཚུལ། ལྗོངས་སྐོར་ཚོང་བཤམས་ཁུལ་བཀོད་སྒྲིག བཙོག་འབུད་མ་དངུལ་བསྡུ་ལེན་དོ་དམ་སོགས་ཀྱི་ནང་དོན་ལ་གཙོ་གནད་དུ་དམིགས་ནས《གྲོང་སྲོལ་དམངས་ཆིངས》བཟོ་བཅོས་དང་འཐུས་ཚང་དུ་བཏང། སྐར་མ་100བསགས་པའི་ལམ་ལུགས་དོ་དམ་ཁྱབ་སྤེལ་བྱས་ནས་དྲང་ཕྱོགས་ནས་སྐུལ་མ་གཏོང་བ་དང་ལྡོག་ཕྱོགས་ནས་ཆད་པ་གཅོད་པའི་བྱེད་སྟངས་གསར་གཏོད་བྱས་པ་དང་། གྲོང་རྡལ་དང་གྲོང་སྡེས་དཔལ་ཡོན་ཁྱིམ་ཚང་འདེམས་སྟངས་ལྟར་གཟེངས་བསྟོད་དང་དཔྱད་འདེམས་བྱེད་པ། གློག་རྡུལ་བརྙན་ཤེལ་དང་འཕྲིན་སྟེགས་སུ་ཁྲིམས་འགལ་གྱི་བྱ་སྤྱོད་དམར་རྗེན་དུ་འདོན་པ་བཅས་བྱས་ནས་སྐར་མ་བསགས་པ་དེ་དུས་ཚིགས་ཀྱི་དཔྱད་འདེམས་དང་། ལོ་འཁོར་གྱི་དཔྱད་འདེམས། དེ་མིན་མ་རྐང་ནང་ཞུགས་པའི་ཐོབ་ཆ་བགོ་བ་བཅས་ཀྱི་དཔྱད་འདེམས་ཚད་གཞི་གལ་ཆེན་ཞིག་ཏུ་བྱས།

      ལོ་རྒྱུས་ཀྱི་རིག་གནས་ལྡན་པའི་གྲོང་རྡལ་བཏོད་པ། ལོ་རྒྱུས་ཀྱི་ཡིག་རིགས་རྒྱུན་འཛིན་དང་། གྲོང་ཁྱེར་གྱི་ནུས་པ་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་གྱི་རིན་ཐང་ཇེ་མཐོར་གཏོང་བ་བཅས་ཀྱི་ནང་དོན་གསུམ་ལ་དམིགས་ནས། ཞིང་ཆེན་རིམ་པའི་གཙོ་གནད་རིག་དངོས་སུང་རྒྱལ་རབས་ཀྱི་གནའ་ཤུལ་ཏེན་ཅང་ཐའེ་དང་ཐང་རྒྱལ་རབས་སྐབས་བྲག་བརྐོས་གནའ་ཤུལ་ཉམས་གསོ་དང་འཐུས་ཚང་དུ་བཏང་བ་དང་། ཆའང་རིགས་ཀྱི་གླིང་བུ་དང་འཚེམ་དྲུབ་སོགས་ཆའང་རིགས་གདོད་མའི་ཀྱི་རིག་གནས་རྒྱུན་འཛིན་བྱས་ལ། སྲོལ་རྒྱུན་གྱི་གྱོན་ཆས་དང་ཁྱད་ལྡན་བཟའ་བཅའ། ཆའང་རིགས་ཀྱི་ཨར་སྐྲུན་སོགས་ཀྱི་ཐད་ནས་ཏའེ་ཞི་གདོད་མའི་སྐྱེ་ཁམས་སྲོལ་རྒྱུན་རིག་གནས་ཀྱི་གྲོང་རྡལ་བཏོད།

      ཁྱད་ཆོས་ལྡན་པའི་ལྗོངས་སྐོར་གྲོང་རྡལ་བཏོད་པ། ཏ་ལུའུ་རེ་བ་ཚོགས་པས་མ་དངུལ་སྒོར་དུང་ཕྱུར་0.8བཏང་ནས་ཏའེ་ཞི་པའོ་ཧྲི་གྲོང་རྡལ་ཆུང་ངུ་བསྐྲུན་པ་དང་། མ་དངུལ་སྒོར་དུང་ཕྱུར་4.2བཏང་ནས་ཏའེ་ཞི་སུང་ཕིང་ལུང་ཤུར་མཛེས་ལྗོངས་ཁུལ་རིམ་སྤོར་སྒྱུར་བཀོད་བྱས་ལ། མ་དངུལ་སྒོར་དུང་ཕྱུར་1.3བཏང་ནས་ཁྱད་ལྡན་དམངས་སྲོལ་སྡོད་ཁང་བསྐྲུན། ཁྲེང་ཏུའུ་ལེ་ཧུ་ཧྲི་དབྱི་ཚད་ཡོད་ཀུང་སི་ནང་འདྲེན་བྱས་ནས་སྒྱུ་རྩལ(རོལ་དབྱངས)སྤྲོ་གསེང་ཁུལ་བསྐྲུན་ནས་ལྗོངས་སྐོར་ལས་རིགས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། ལྗོངས་སྐོར་ཐོན་ལས་ཀྱི་ཕན་འབྲས་ཇེ་བཟང་དུ་སོང་བས་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་སོང་ཡོད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1