༄༅།། གཟུགས་པོ་ཐང་པོ་ཞིག་དགོས་ཚེ། ཉིན་གཅིག་ལ་ངེས་པར་དུ་འདི་འདྲ་གནང་དང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས སྤེལ་དུས། 04-19



         དང་པོ།  ལྟོ་དུས་གསུམ་དུས་ཐོག་ལ་ཟ་དགོས།
         གཉིས་པ།  གཉིད་ཆུ་ཚོད་8ངེས་པར་དུ་ཁུག་དགོས།
         གསུམ་པ།  ཉིན་ལྟར་ལུས་སྦྱོང་ཆུ་ཚོད་ཕྱེད་ཀ་རྒྱུན་འཁྱོངས་བྱེད་དགོས།
         བཞི་པ།  གད་མོ་བགད་ན་ལུས་ཁམས་བདེ་ཐང་ཡོང་བས་ཉིན་ལྟར་སྐར་མ་30གད་མོ་དགོད་དགོས།
         ལྔ་པ།  ཉིན་ལྟར་བཙོག་པ་ཐེངས་གཅིག་གཏོང་དགོས།
         དྲུག་པ།  ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་པས་ངེས་པར་དུ་རང་ཉིད་ཀྱི་བཟའ་ཟླ་དང་འབྲེལ་བ་ཡག་པོ་འཛུགས་དགོས།  
         བདུན་པ།  ཚེ་གང་ཐང་མར་སྡོད་བསམས་ན་ཐ་མག་མི་འཐེན་པ་དང་ཆང་རག་མི་འཐུང་བ་མཐའ་འཁྱོལ་བྱེད་དགོས།
         གཞན་ཡང་། བཟའ་འཐུང་ཐུབ་པ་རྒྱན་ཡིན་ཀྱང་། ངེས་པར་ཡག་ཉེས་དབྱེ་འབྱེད་དགོས། དེར་བརྟེན། སྐུ་ཉིད་ཀྱི་བདེ་ཐང་གི་ཆེད་དུ་ཞོགས་ཟས་རྒྱལ་པོའི་ཟས་དང་། དགུང་ཟས་བློན་པོའི་ཟས། དགོང་ཟས་སྤྲང་པོའི་ཟས་ལྟར་མཆོད་རོགས་ཞུ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1