སྤྱི་ཟླ་3པའི་ཚེས་4ཉིན། ལས་བཟོ་བ་དག་གིས་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཟམ་ཆེན་འཛུགས་སྐྲུན་བྱེད་བཞིན་པ།
མིག་སྔར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་ཐོག་མ་སྟེ། གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ཡོད། སྔོན་དཔག་བྱས་པ་ལྟར་ན། 2017ལོར་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་ཡོངས་སུ་ལེགས་འགྲུབ་བྱས་ནས་རླངས་འཁོར་ཤར་གཏོང་བྱ་ཐུབ་པ་དང་མྱུར་བགྲོད་གཞུང་ལམ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་135ཡོད་པ་རེད། །