བོད་ལྗོངས་མངའ་རིས་ལ“འཛམ་གླིང་ཡང་རྩེ་ཡི་ཡང་རྩེ”ཞེས་བརྗོད་ཀྱི་ཡོད། དེ་གར་ཆ་སྙོམས་སུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ཡན་ཟིན་ཞིང། ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་། བར་མཐོངས་ཀྱི་ཆ་རྐྱེན་ལེགས་པ། གློག་སྒྲོན་མང་པོ་རང་མེད་མོད་སྐར་ཚོགས་བཀྲ་བའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། མུན་ལྗོངས་སྲུང་སྐྱོང་ཁུལ་འཛུགས་པའི་རང་བྱུང་ཆ་རྐྱེན་ལྡན་ཡོད། 2018ལོར་ཡུལ་གྲུ་དེ་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་མུན་ལྗོངས་བློ་འདྲི་ཨུ་ལྷན་གྱིས་འཛམ་གླིང་མུན་ལྗོངས་སྲུང་སྐྱོང་ཁུལ་གྱི་མིང་གཞུང་ནང་དངོས་སུ་བསྡུས་པ་ནས། རྒྱལ་སྤྱིའི་རྩ་འཛུགས་ཀྱི་ཁས་ལེན་ཐོབ་པའི་རང་རྒྱལ་གྱི་མུན་ལྗོངས་སྲུང་སྐྱོང་ཡུལ་ཁག་དང་པོར་གྱུར་ཡོད། དེས་ཀྱང་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ནས་ས་གནས་དེར་ཡོང་སྟེ་ས་གནས་དེ་གའི་ཡུལ་སྐོར་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་བས། གྲོང་གསེབ་དར་རྒྱས་གཏོང་ཆེད་གསོན་ཤུགས་གསར་པ་བསྣན་ཡོད།