ཁའོ་རེ་ཡ་རུ་སྟོན་པའི་འཁྲུངས་སྐར་ཉིན་ལ་རྟེན་འབྲེལ་མཛད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 05-10



  ས་གནས་དེ་གའི་དུས་ཚོད་2022ལོའི་ཟླ་5ཚེས་8ཉིན། ཁའོ་རེ་ཡའི་སེ་འོར་དུ་ས་གནས་དེ་གའི་ཚའོ་ཞི་དགོན་པའི་ནང་དུ་སྟོན་པའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་མཛད་སྒོ་སྤེལ་བ་དང་། གྲོང་མི་སྟོང་ཕྲག་ཁ་ཤས་ཀྱིས་ཁ་རས་བརྒྱབ་ནས་དེར་ཞུགས་ཡོད་པ་རེད། ལོ་རེའི་ལུགས་རྙིང་ལོའི་ཟླ་4ཚེས་8ཉིན།(ད་ལོའི་སྤྱི་ཟླ་5ཚེས་8ཉིན།)ནི་སྟོན་པ་ཤཱཀྱ་ཐུབ་པ་སྐུ་འཁྲུངས་པའི་ཉིན་མོ་ཡིན་ལ། སངས་རྒྱས་ཆོས་ལུགས་ཀྱི་དུས་ཆེན་ཆེ་ཤོས་ཀྱང་ཡིན། སྤྱི་ཚོགས་འབྲེལ་བའི་བར་ཐག་གི་ཚད་བཀག་མེད་པར་བཟོས་པ་དང་རྒྱུན་གཏན་འཚོ་བ་སླར་གསོ་བྱུང་རྗེས་ཀྱི་སྟོན་པའི་འཁྲུངས་སྐར་དང་པོ་ལ་རྟེན་འབྲེལ་ཞུ་ཆེད། ཁའོ་རེ་ཡའི་དགོན་སྡེ་ཁག་གིས་ཟླ་4པའི་ཟླ་འགོ་ནས་བཟུང་། སྔ་རྗེས་སུ་གློག་སྒྲོན་གྱི་ཁྲོམ་སྐོར་དང་། མར་མེའི་འདུ་ཚོགས། སྟོན་པའི་འཁྲུངས་སྐར་མཛད་སྒོ། དམིགས་བསལ་འཁྲབ་སྟོན་དང་མཉམ་སྤྲོའི་བྱེད་སྒོ་སོགས་སྤེལ་བ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1