དགུན་དུས་ཀྱི་བོད་ལྗོངས་ལ་ཐུན་མིན་གྱི་ཡིད་འགུག་ནུས་པ་ལྡན།
བོད་ལྗོངས་ལ་ཐེངས་ག་ཚོད་ཕྱིན་ཀྱང་ཡིད་ཚུམ་པ་མི་འདུག དཔྱིད་དུས་བསུལ་འཇམ་ལྡན་ལ་དབྱར་དུས་རྩི་ཤིང་འདབ་ཆགས་གསོན་ཤུགས་རྒྱས། སྟོན་དུས་ལྷང་འཇགས་ལྡན་ཞིང་རི་བོར་བཀྲག་མདངས་འཚེར། དགུན་དུས་སུའང་གནས་དེར་ཐུན་མིན་གྱི་ཁྱད་ཆོས་ཞིག་ལྡན། ཕྱི་རྒྱལ་གྱི་གྲོགས་པོ་ཞིག་དགུན་དུས་སུ་བོད་ལྗོངས་ལྷ་ས་རུ་སླེབས། ཁོ་རང་ཡུལ་འདིའི་མཛེས་ལྗོངས་དང་མི་ཆོས་རིག་གནས་ཀྱིས་ཡིད་འགུག་ཐེབས་པས། སེམས་ཁུངས་སུ་བརྗོད་མི་ཚར་བའི་ཚོར་བ་དབང་མེད་སྐྱེས། ལམ་བར་ནས་ཁོང་གིས་རྒྱུན་ཆད་མེད་པར་ཡུལ་སྐོར་ཟིན་ཐོ་བྲིས་ནས་རང་ཉིད་ཀྱི་ཚོར་བ་བརྗོད། ཁོ་རང་མེ་འཁོར་དུ་སྡོད་ཉིན་ནས་བྲིས་ཡོད།
གླེང་གཞི།
ཡུལ་སྐོར་བ་མང་ཆེ་བ་ཞིག་དབྱར་དུས་བོད་ལྗོངས་སུ་ཡུལ་སྐོར་དུ་འགྲོ། དེ་བས་དབྱར་དུས་ལྷ་ས་རུ་ཧ་ཅང་འཚུབ་ཁ་ཆེ་བའི་སྣང་བ་གཏེར། ལྷ་ཁང་དང་འདུ་ཁང་ཚང་མར་ཡུལ་སྐོར་བས་ཕྲེང་བསྒྲིགས་ནས་སྒུག་ཡོད། དོན་དངོས་སུ་དགུན་དུས་བོད་ལྗོངས་སུ་ཕྱིན་ན་དེ་ལས་ཀྱང་ལེགས། དེའི་རྒྱུ་མཚན་ཧ་ཅང་མང་པོ་ཡོད།
སྙན་སྒྲུང་ལྟ་བའི་མེ་འཁོར་འགྲུལ་བཞུད།
ལྷ་སར་བགྲོད་པའི་མེ་འཁོར་པེ་ཅིན་དང་ཧྲང་ཧའེ། ཀོང་ཀྲོའུ་བཅས་ནས་ལམ་ལ་ཆས། མེ་འཁོར་གྱིས་མཚོ་བོད་མཐོ་སྒང་གི་ངོ་མཚར་བའི་གནས་ཡུལ་བརྒྱུད་ནས་བསྐྱོད་ཅིང་། གསེར་མདོག་ལམ་ལམ་གྱི་ཉི་འོད་དེ་ཁ་བ་དཀར་པོས་ཁེབས་པའི་མཐོ་སྒང་དུ་འཕྲོས་པས། དགུན་དུས་སུ་སྙན་སྒྲུང་ལྟ་བའི་མེ་འཁོར་འགྲུལ་བཞིད་ཀྱིས་ཡུལ་སྐོར་ཚོའི་སྤྲོ་སྣང་རབ་ཏུ་བསྐྱེད། གནམ་སྔོན་པོར་སྤྲིན་དཀར་པོས་བརྒྱན་པའི་མཁའ་དབྱིངས་ཀྱི་འོག་ཏུ། སྐབས་རེར་ཟོག་སྐྱེལ་རླངས་འཁོར་གཅིག་རེ་གཞུང་ལམ་སྟེང་དུ་བགྲོད་པ་མཐོང་ལ། གནམ་ས་ཁ་སྤྲོད་ཀྱི་ཞིང་དུ་དབུགས་འབྱིན་རྔུབ་བདེ་བར་འདུག མེ་འཁོར་གྱི་འཁོར་སྒམ་རེ་རེ་དྲོད་སྐྱིད་ལྡན་ལ། དྲ་མའི་ཕྱི་རོལ་དུ་ད་དུང་ཕྱུགས་རྫི་བྱེད་བཞིན་པའི་འབྲོག་པའང་མཐོང་རྒྱུ་མང་། ཁོ་ཚོའི་ཕྱི་གོས་ནི་གོ་ཁྲབ་དང་ཁ་སྣོན་ཇེ་རིང་དུ་བཏང་བའི་ཕུ་ཁ་ཡོད། ཕྱི་རོལ་གྱི་དྲོད་ཚད་སྒོར་ཐུག་མན་གྱི་ཏུའུ་བཞི་བཅུ་ཡས་མས་ཡིན་པས། ཁོ་ཚོ་མི་ལ་ལ་ས་ཐབ་ཀྱི་འགྲམ་དུ་བསྡད་ནས་དགུན་གྱི་གྲང་རླུང་སྐྱེལ་བ་རེད།
གནས་འདིར་འབག་བཙོག་ཐེབས་མེད་ལ། གནས་འདི་ཡི་གཙང་བོའི་མགོ་ཁུངས་དར་གྱིས་བསྡམས་ཡོད། བརྗིད་ཅིང་རིང་བའི་གཙང་བོས་དཔྱིད་དཔལ་སླེབས་པར་སྒུག་ཡོད། དུས་སྐབས་དེར་སླེབས་ཚེ་འཁྱགས་ཀླུང་ཞི་ནས་ཆུ་བོ་མར་འབབ་པ་དང་། ཡ་གླིང་ཤར་མའི་ས་ཆེན་ལ་གསོན་ཤུགས་བསྩལ། མཚོ་བོད་མཐོ་སྒང་གི་ས་བབ་མཐོ་ཚད་སྨི་༤༠༠༠ ལས་བརྒལ་ཡོད་པས། དེ་ནི་སའི་གོ་ལའི་སྟེང་གི་འདུ་ལུང་གི་འཇིག་རྟེན་དང་ཆེས་ཐག་རིང་བའི་གནས་ཡིན་པས། སའི་གོ་ལའི་ལྷོ་སྣེ་དང་བྱང་སྣེ་འདྲ་བར་མི་བཅའ་སྡོད་བྱེད་པར་མི་འཚམས་པའི་གནས་ཤིག་ཡིན། འོན་ཀྱང་ས་དེ་གའི་ཡུལ་མི་ཚོའི་འཚོ་སྡོད་ནུས་པ་མཐོང་རྗེས་དབང་མེད་དུ་ཡིད་འགུག་ཐེབས་ཡོད། དེ་འདྲའི་དཀའ་ཁག་ཆེ་བའི་རང་བྱུང་ཆ་རྐྱེན་འོག་ཏུ། ཀྲུང་གོ་བ་ཚོས་སེམས་ཤུགས་ཆེན་པོས་ངང་མཚོ་བོད་ལྕགས་ལམ་བསྐྲུན་ཡོད།
མེ་འཁོར་གཏན་འཇགས་ངང་སྐྱོད་བཞིན་ཡོད་ལ། ཆུ་ཚོད་རེར་སྤྱི་ལེ་༡༠༠ ཡི་མགྱོགས་ཚད་ཀྱིས་སྐྱོད་ཀྱང་། ཇ་ཕོར་ནང་གི་ཇ་ཐིགས་པ་ཙམ་ཡང་ཕྱི་ལོག་ཏུ་མི་ཡོང་། མེ་འཁོར་གྱི་སྒེའུ་ཁུང་ཕྱི་རོལ་ནི་དག་པའི་ཞིང་དང་འདྲ། རྐྱང་དང་གཙོད་སོགས་ཁ་བའི་ཁྲོད་དུ་འདུལ་བཞིན་འདུག མེ་འཁོར་སྟེང་དུ་མཚོ་འགྲམ་ཞིང་ཆེན་ཁག་ནས་སླེབས་པའི་ཞིང་ལས་བཟོ་བ་དག་གིས་ཁ་གང་ཡོད། ཁོ་ཚོ་མི་ལ་ལས་སྐད་ཆེན་པོས་ངང་རོལ་དབྱངས་གཏོང་བཞིན་ཡོད་ལ། ལ་ལས་ཉི་དགའ་ཟ་བཞིན་དགོད་གཏམ་ལབ་སྟེ་ཆེས་གསར་བའི་འགྲིམ་འགྲུལ་སྟབས་བདེ་དེ་རོལ་མྱོང་བྱེད་བཞིན་ཡོད།
སྔོན་མར་མཚོ་འགྲམ་ས་ཁུལ་གྱི་མི་རྣམས་ལ་འཇིགས་སྣང་བསྐྱེད་པའི་ས་བབ་མཐོ་ཚད་ལ་སྨི་༥༠༠༠ ཅན་གྱི་རི་བོ་དེ་དག་གིས། ད་ལྟ་ཁོ་ཚོ་འགོག་མི་ཐུབ་པར་འདུག དབྱང་དབུགས་ཀྱིས་དབུགས་ལམ་བརྒྱུད་ནས་མཁོ་འདོན་བྱས་པ་ན་དབྱང་རླུང་མི་འདང་བའི་གནས་ཚུལ་ཡང་མེད།“ང་ཚོ་ལྷ་སར་དགའ་ཞེན་ཆེ།”ང་ཚོ་བསྡད་ཡོད་པའི་འཁོར་སྒམ་མལ་ཁྲི་ཅན་ནས་ཡུལ་སྐོར་མགྲོན་པོ་ཞིག་གིས་ང་ལ། “ང་ཚོར་གནས་དེར་ཚོང་ལས་ཧ་ཅང་བཟང་ལ། ད་ལྟ་འགྲིམ་འགྲུལ་ཡང་སྟབས་བདེ་ཡོད”ཅེས་བཤད། ལམ་རྒྱུད་འདིའི་སྟེང་ནས་ཐེངས་གང་མང་ལ་ཕར་འགྲོ་ཚུར་འོང་བྱས་ཡོད་ཀྱང་། ཡུལ་སྐོར་བ་དེ་ཚོ་ད་དུང་དྲ་མའི་ཕྱི་རོལ་གྱི་མཛེས་ལྗོངས་ཀྱིས་ཡིད་འགུག་ཐེབས། ཁ་བས་ཡོངས་སུ་ཁེབས་པའི་བརྗིད་ཆགས་རི་བོ་དང་། དགོན་སྡེ་དང་ཡུལ་ཚོ་ཆུང་ཆུང་དག གཞན་ཡང་ཁ་བ་སྟུག་པོས་ཡོངས་སུ་ཁེབས་ལ་ཉེ་བའི་ཕྱུགས་ར་སོགས་ནི། གཡོ་འགུལ་བྱེད་བཞིན་པའི་པར་རིས་ཞིག་དང་མཚུངས། མཛེས་སྡུག་ཡིད་འོང་གི་ལྷ་ས། གྲང་རེག་ཆེ་བའི་མཚན་མོ་རུ། མེ་འཁོར་རིམ་བཞིན་ངོ་མཚར་ཆེ་བའི་ལྷ་ས་གྲོང་ཁྱེར་དུ་འབྱོར། མཚོ་