རོང་བྲག་རྫོང་གིས་འགོག་ཁབ་གྲོང་ཚོར་བསྐྱལ་བའི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-17


 

   ཏོག་གསར་འགོག་ཁབ་རྒྱག་པའི་ལས་ཀ་ཕྱོད་ཚད་མཐོན་པོའི་སྒོ་ནས་སྤེལ་བ་དང་འགོག་ཁབ་རྒྱག་པའི་ཆ་རྐྱེན་དང་མཐུན་པའི་མི་སྣས་འགོག་ཁབ་རྒྱག་པར་འགན་སྲུང་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀ་ལེགས་པར་འགྲུབ་ཆེད། 

     ཉེ་ལམ། རོང་བྲག་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ་ཡིས་ཏོག་གསར་འགོག་ཁབ་རྒྱག་པའི་ཚན་ཆུང་རྩ་འཛུགས་བྱས་ཏེ། ཡུལ་ཚོ་དང་གྲོང་རྡལ་སོ་སོར་ཕྱིན་ནས་ལོ་60ཡན་གྱི་རྒན་པོ་རྣམས་ལ་ཏོག་གསར་འགོག་ཁབ་རྒྱག་པའི་ལས་ཀ་སྤེལ་ནས་མང་ཚོགས་ཀྱིས་འགོག་ཁབ་རྒྱག་པར་སྣེ་ཁྲིད་བྱས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1