སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་12.64ཟིན་པའི་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་ཀྲུང་གོའི་ས་བབ་མཐོ་ཤོས་དང་རྒྱ་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་གྱི་རང་བྱུང་འདམ་ར་ཞིག་ཡིན་པ་དེར“ལྷ་སའི་གློ་བ”ཞེས་འབོད་ཀྱི་ཡོད། ལྷ་སའི་གྲོང་མིའི་གསོ་རླུང་གི་བང་མཛོད་ཅིག་ཡིན་པ་དེས་ལྷ་སའི་གནམ་གཤིས་སྙོམས་སྒྲིག་ཐུབ་པ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་ནུས་ལྡན་ཐུབ་པ་མ་ཟད། ལྷ་སའི་སྡོད་མལ་ཁོར་ཡུག་ཀྱང་ལེགས་སུ་ཕྱིན་ཡོད། ཟླ་5ཚེས་1ཉིན་ནས་རིན་མེད་ངང་སྒོ་མོ་ཕྱེ་ཚུན། ལྷ་ཀླུ་འདམ་རས་གྲོང་མི་དང་ཡུལ་སྐོར་བ་མང་པོ་ཞིག་ལུས་སྦྱོང་དང་སྤྲོ་གསེང་ལ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།