༄༅། །དཀར་མཛེས་ཁུལ་གྱི་སློབ་གསོའི་གཏམ་བཟང་ཞིག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-12


  དཀར་མཛེས་ཁུལ་དུ་སྤྱིར་བཏང་མཐོ་འབྲིང༼ཆག་རྒྱུ་གཉིས༽ཞེས་པའི་སློབ་གསོའི་འཆར་འགོད་ངོ་སྤྲོད།
  དོན་སྙིང་གཙོ་བོ།
         སྤྱིར་བཏང་མཐོ་འབྲིང་གི༼ཆག་རྒྱུ་གཉིས༽ཞེས་པའི་སློབ་གསོའི་འཆར་འགོད་ལག་བསྟར་བྱེད་པ་ནི་སློབ་སྔོན་གྱི་སློབ་གསོའི་སློབ་ཡོན་མི་ལེན་པ་དང་།སློབ་ཆུང་དང་དམའ་འབྲིང་སློབ་གསོའི་སློབ་ཡོན་མི་ལེན་པའི་རྗེས་སུ་ཡང་བསྐྱར་མི་དམངས་ལ་ཕན་པའི་སྲིད་ཇུས་གལ་ཆེ་ཞིག་རེད།དཀར་མཛེས་ཁུལ་དུ་སྤྱིར་བཏང་གི་མཐོ་འབྲིང་གི་སློབ་གསོ་འཕེལ་རྒྱས་ཅུང་རྗེས་སུ་ལུས་པས།མི་གྲངས་ཁྲི་རེའི་ནང་དུ་སྤྱིར་བཏང་གི་མཐོ་འབྲིང་གི་སློབ་མ་ནི102ལས་མེད་པ་དང་།ཞིང་ཆེན་ཧྲིལ་པོའི་སྤྱིར་སྙོམ་ཆུ་ཚད་ལས143ཉུང་བ་རེད།ཁྱད་པར་དུ་ཞིང་འབྲོག་ས་ཁུལ་དུ་ཁྱིམ་ཚང་དབུལ་པོའི་སློབ་མ་མི་ཉུང་བ་ཞིག་ད་དུང་ཡང་སྤྱིར་བཏང་གི་མཐོ་འབྲིང་ལ་འགྲོ་མི་ཐུབ་པས་རང་ཁུལ་གྱི་ཤེས་ཡོན་མི་སྣ་གསོ་སྐྱོང་བྱ་རྒྱུ་ལ་བཀག་འཛིན་བྱེད་པའི་རྐྱེན་ངན་དུ་གྱུར།སྤྱིར་བཏང་མཐོ་འབྲིང་གི༼ཆག་རྒྱུ་གཉིས༽ཞེས་པའི་སློབ་གསོའི་འཆར་འགོད་ལག་བསྟར་བྱེད་པ་འདིས་རང་ཁུལ་གྱི་ཁྱིམ་ཚང་དབུལ་པོའི་བུ་བུ་མོ་རྣམས་མཐོ་འབྲིང་དུ་འགྲོ་བར་དཀའ་བའི་གནད་དོན་དེ་ཞི་ལྷོད་དུ་གཏོང་བའི་དམངས་ཕན་གྱི་སྲིད་ཇུས་གལ་ཆེ་ཞིག་ཡིན་པ་དང་རང་ཁུལ་དུ་ལོ་དགུའི་འོས་འགན་སློབ་གསོ་ལག་བསྟར་བྱེད་ཐོག་མཐོ་འབྲིང་གི་གནས་སྐབས་སུ་སྲིང་བའི་གཙོ་བོའི་བྱ་སྤྱོད་ཅིག་རེད།
  དམིགས་ཡུལ་གཙོ་བོ།
      ༼ཆག་རྒྱུ་གཉིས༽ཞེས་པའི་སློབ་གསོའི་འཆར་འགོད།དོན་དངོས་སུ་རང་ཁུལ་གྱི་སྤྱིར་བཏང་གི་མཐོ་འབྲིང་གི་སློབ་མའི་ཁྱིམ་ཚང་གི་ཁུར་པོ་ཇེ་ཡང་དུ་གཏོང་ཅིང་མཐོ་འབྲིང་གི་སློབ་གསོ་མཐོར་འདེགས་བྱེད་པ།2015ལོར་མཐོ་འབྲིང་གི་གནས་སྐབས་ཀྱི་སློབ་མའི་སློབ་ཞུགས་ཀྱི་ཚད་བརྒྱ་ཆ70དང2020ལོར་མཐོ་འབྲིང་གི་སློབ་གསོ་ཡོངས་ཁྱབ་ཏུ་མངོན་འགྱུར་བྱུང་བའི་དམིགས་ཡུལ་ཡོད།
  ལག་བསྟར་གྱི་ཁྱབ་ཁོངས།
  གཞུང་གཉེར་གྱི་སྤྱིར་བཏང་མཐོ་འབྲིང་གི་སློབ་མ་ཀུན་ལ༼ཆག་རྒྱུ་གཉིས༽ཞེས་པའི་སློབ་གསོའི་འཆར་འགོད་ཀྱི་སྲིད་ཇུས་ལོངས་སུ་སྤྱོད་ཆོག
       ཁ་གསབ་རོགས་རམ་གྱི་ཚད་གཞི།
  སློབ་ཡོན་མི་དགོས་པའི་ཚད་གཞི་ནི།ཞིང་ཆེན་རིམ་པའི་དཔེ་སྟོན་རང་བཞིན་གྱི་སློབ་གྲྭ༼དར་མདོ་སློབ་འབྲིང་དང་ལྕགས་ཟམ་རྫོང་གི་སློབ་འབྲིང༽སྒོར་མོ།1200/སློབ་མ/ལོ།སྤྱིར་བཏང་གི་མཐོ་འབྲིང་གཞན་ལ་སྒོར་མོ།1000/སློབ་མ/ལོ།

  ལག་བསྟར་གྱི་དུས་ཚོད།
2015ལོའི་དཔྱིད་ཀའི་སློབ་དུས་ནས་འགོ་འཛུགས་ནས་ལག་བསྟར་བྱེད་པ།དཀར་མཛེས་ཁུལ་སློབ་གསོ་ཅུས་དང་དཀར་མཛེས་ཁུལ་ནོར་སྲིད་ཅུས་ཀྱིས་དྲིལ་བསྒྲགས་བྱེད།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1