ཉེ་བའི་དུས་ལ། ས་ཆ་མང་པོར་དབུགས་ཞུ་སྤྱིན་འགོས་ཁྱབ(气溶胶传播)ལས་ནད་དུག་མཆེད་པའི་བརྡ་སྦྱོར་བྱུང་ཡོད། དེ་ན། དབུགས་ཞུ་སྦྱིན་འགོས་ཁྱབ་ཅེས་པ་ཅི་ཡིན་པ་དང་། འཚོ་བའི་ཁྲོད་དུ་དེ་ལ་འགོག་ཟོན་ཇི་ལྟར་བྱེད་པ། ཁ་ཐུམ་གང་འདྲ་བརྒྱབ་ན་དབུགས་ཞུ་སྤྱིན་འགོས་ཁྱབ་འགོག་ཐུབ་བམ་ཞེ་ན།
གཅིག དབུགས་ཞུ་སྦྱིན་འགོས་ཁྱབ་ཅེས་པ་ཅི་ཡིན་ནམ།
ཐོག་མར་དབུགས་ཞུ་སྤྱིན་ཞེས་པ་ནི་མཁའ་དབུགས་ནང་དུ་ཡོད་པའི་སྲ་གཟུགས་སམ་ཡང་ན་གཤེར་གཟུགས་ཀྱི་རྡུལ་ཕྲན་ལས་ཚངས་ཐིག་ལ་ཝེ་སྨི(微米)0.001ནས100ཙམ་ཡོད་པའི་རྡུལ་ཕྲན་ཆུང་ངུ་ཡིས་གྲུབ་པ་ཞིག་ཡིན་ཞིང་། དབུགས་ཞུ་སྤྱིན་འགོས་ཁྱབ་ཅེས་པ་ནི་མཁའ་དབུགས་ནང་གི་མཆིལ་ཟེགས་ཀྱི་གཤེར་གཟུགས་མེད་པར་གྱུར་རྗེས། དེའི་ནང་གི་སྤྲི་དཀར་རྫས་དང་ནད་སྲིན་གཟུགས་ཀྱིས་གྲུབ་པའི་མཆིལ་ཟེགས་ཉིང་རྡུལ(飞沫核)དེ་དབུགས་ཞུ་སྤྱིན་གྱི་རྣམ་པ་ལྟར་མཁའ་དབུགས་བརྒྱུད་ནས་གང་སར་ཁྱབ་པ་ལས་ནད་རིགས་འགོས་ཁྱབ་བྱེད་པ་ལ་ཟེར།
པར་རིས་དྲ་བ་ལས་དྲངས།
པྲོག་དབྱིབས་ནད་དུག་གསར་བ་འདི་ས་རྡུལ་དང་མཆིལ་ཟེགས་སམ་ཡང་ན་གཤེར་གཟུགས་མེད་པར་གྱུར་རྗེས་ཀྱི་མཆིལ་ཟེགས་ཉིང་རྡུལ་གྱི་ནང་དུ་གནས་ཐུབ་པ་དང་། དེ་ནས་དབུགས་ཞུ་སྤྱིན་གྱི་རྣམ་པ་ལྟར“མཁའ་དབུགས་བརྒྱུད་ནས་འགོས་ཁྱབ”བྱེད་པ་ཡིན།
མིའི་སྤྱོད་པ་མང་པོ་སྟེ། དཔེར་ན་དབུགས་འབྱིན་རྔུབ་བྱེད་པ་དང་། གློ་ལུ་བ། སྐད་ཆ་བཤད་པ། ལུད་པ་འདོན་པ། སྐྱུག་པ་སོགས་ལས་དབུགས་ཞུ་སྤྱིན་འདི་འབྱུང་བར་བྱེད་ཐུབ། ལྷག་པར་དུ་རླུང་མི་རྒྱུ་བའི་ཁང་བ་ཆུང་ངུའི་ནང་དུ། ནད་དུག་འགོས་པའི་མི་ཞིག་གིས་གློ་ལུ་བ་དང་ཧབ་སྦྲིད་བརྒྱབ་ན། དབུགས་ལམ་ནང་གི་མཆིལ་ཟེགས་ཆེ་རིགས་དང་ཟགས་དངོས་ཧ་ཅང་ཆུང་ངུའི་རིགས་ཕྱིར་ཐོན་ཏེ་མཁའ་དབུགས་ནང་དུ་ཁྱབ་ནས་འདུག་པ་དང་། སྐབས་དེར་མི་གཞན་པས་དབུགས་རྔུབ་པ་ཡིན་ན། ནད་དུག་འགོས་པ་ཡིན།
ནད་དུག་ཡོད་པའི་མི་དེ་བར་སྟོང་དེ་ནས་ཕྱིར་སོང་བ་ཡིན་ནའང་། བར་སྟོང་དེའི་ནང་གི་མཁའ་དབུགས་ནང་དུ་སྔར་བཞིན་ནད་དུག་ཡོད་པ་དང་། མི་གཞན་པ་བར་སྟོང་དེའི་ནང་ལ་ཡོང་ན། དབུགས་ཀྱི་འབྱིན་རྔུབ་བརྒྱུད་ནས་ནད་དུག་འགོ་བ་ཡིན།
གཉིས། འཚོ་བའི་ཁྲོད་ནས་དབུགས་ཞུ་སྤྱིན་འགོས་ཁྱབ་ལ་འགོག་ཟོན་ཇི་ལྟར་བྱེད་དམ།
སྤྱི་པའི་ས་ཆའམ་ཡང་ན་ཁང་བའི་ནང་དང་ཕྱི་རོལ་ཡུལ་གང་ཞིག་ཏུ་ཡོད་ཀྱང་། ཁ་ཐུམ་ཡང་དག་ངང་བརྒྱག་དགོས། དཔེར་ན། གློག་སྐས་ནང་དང་གསང་སྤྱོད་ཁང་ལྟ་བུའི་དམ་སྦྱར་བར་སྟོང་ནང་། སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་སྣ་ཚོགས་དང་མི་གཞན་པའི་རླངས་འཁོར་ནང་། སྤྱི་གླིང་དང་ཐང་ཆེན་སོགས་ཀྱི་ཡུལ་ཚང་མ་ནས་ཁ་ཐུམ་བརྒྱག་དགོས།
པར་རིས་སོའུ་ཧུའུ་དྲ་བ་ལས་དྲངས།
ཁ་ཐུམ་རྒྱག་དུས། ཁ་ཐུམ་གྱི་ཕྱི་ནང་དང་གོང་འོག་མ་ནོར་བར་སྣ་དང་ཁ། མ་ནེ་བཅས་ཁེབས་པར་བྱེད་པ་དང་། ལུ་བ་དང་ཧབ་སྦྲིད་རྒྱག་སྐབས། མི་གཞན་ལ་གཡོལ་དགོས་པར་མ་ཟད། ད་དུང་གཙང་ཤོག་གམ་ཡང་ན་གྲུ་མོས་ཀྱང་ཁ་སྣ་དགབ་དགོས།
མི་གཞན་ལ་ཁ་བརྡ་བྱེད་པ་ཇེ་ཉུང་དུ་གཏོང་བ་དང་མིའི་བར་ལ་བར་ཐག་འཇོག་པ། ཕྱི་ནས་ཡོང་བ་དང་གློ་ལུ་བ། ཧབ་སྦྲིད་རྒྱག་པ། ཟ་མ་ལས་པ་དང་ཟ་བའི་སྔ་གཞུག་ལ་ལག་པ་གཙང་མར་བཀྲུ་བ་སོགས་ནི་དབུགས་ཞུ་སྤྱིན་འགོས་ཁྱབ་འགོག་པ་ལ་ཕན་པའི་བྱེད་ཐབས་ཡིན།
པར་རིས་དྲ་བ་ལས་དྲངས།
གསུམ། དབུགས་ཞུ་སྤྱིན་འགོས་ཁྱབ་འགོག་ཐུབ་པའི་ཁ་ཐུམ་ཇི་ལྟར་འདེམ་མམ།
ཁ་ཐུམ་ཚད་ལྡན་གྱི་ཕྱི་ཐུམ་ཐོག་ཏུ་འབྲེལ་ཡོད་ཀྱི་ཚད་ལྡན་ཡིག་ཨང་བཀོད་ཡོད་པ་དང་། ནད་འགོག་ནུས་པ་ལྡན་པའི་ཁ་ཐུམ་དང་དེའི་ཚད་ལྡན་ཡིག་ཨང་ནི་འདི་ལྟ་སྟེ།
སྨན་སྤྱོད་འགོག་སྲུང་ཁ་ཐུམ།【GB19083 2010】
སྨན་སྤྱོད་ཕྱི་ཚན་ཁ་ཐུམ།【YY0469 2011】
གཅིག་སྤྱོད་སྨན་སྤྱོད་ཁ་ཐུམ།【YY/T 0969 2013】
རྒྱུན་སྤྱོད་འགོག་སྲུང་རིགས་ཀྱི་ཁ་ཐུམ།【GB/T 32610 2016】
བྱིས་པའི་ཁ་ཐུམ།【GB/T 38880 2020】བཅས་ཡོད།
དེར་བརྟེན། “སྨན་སྤྱོད་ཁ་ཐུམ”ཡིན་ཞེས་བཤད་པ་ཚང་མ་ལ་ནད་འགོག་ནུས་པ་ཡོད་པ་མི་མཚོན་པས། ཁ་ཐུམ་རིགས་ཉོ་དུས། ཚད་ལྡན་ཡིག་ཨང་ཡོད་མེད་ལ་ཞིབ་ལྟ་བྱས་ན་བཟང་བ་ཡིན།