ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་19ཉིན། ཨ་རིའི་ཙུང་ཐུང་པའེ་ཏེང་གིས་ཝ་ཧྲིང་ཐོན་དུ་འཚམས་འདྲིར་ཡོང་བའི་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐུའོ་དང་། སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཨན་ཏེ་སུང་དང་མཉམ་དུ་མཉམ་འབྲེལ་གསར་འགོད་པའི་ཚོགས་འདུ་གཉེར་དུས་བཤད་པར། ཨ་རི་སྲིད་གཞུང་གིས་ཧྥིན་ལན་དང་སུའེ་ཏེན་བྱང་ཆིངས་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། རྒྱལ་ཁབ་གཉིས་པོར་བྱང་ཆིངས་ནང་ཞུགས་པའི་བླང་བྱ་ཡོད་ཚད་དང་རྦད་དེ་མཐུན་ཡོད།
པའེ་ཏེང་གིས་བཤད་དོན། ཨ་རིའི་སྲིད་གཞུང་གིས་རྒྱལ་ཚོགས་ལ་རྒྱལ་ཁབ་འདི་གཉིས་བྱང་ཆིངས་ནང་ཞུགས་རྒྱུའི་སྐོར་གྱི་སྙན་ཞུ་ཞིག་ཕུལ་ནས། ཨ་རིའི་གྲོས་ཁང་གོང་མས་མགྱོགས་མྱུར་ཆོད་དོན་འཇོག་བདེ་པོ་ཡོང་བར་བྱ་རྒྱུ་ཡིན།
ས་གནས་དེ་གའི་དུས་ཚོད་ཚེས་19ཉིན་གྱི་སྔ་དྲོར། ཧྥིན་ལན་གྱི་ཙུང་ཐུང་ཧྲའོ་ལི•ཉི་ཉི་སི་ཐུའོ་དང་སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་མ་ཀེ་ཏ་ལའེ་ནཱ•ཨན་ཏེ་སུང་ཝ་ཧྲིང་ཐོན་དུ་འཚམས་འདྲིར་ཕྱིན་པ་དང་འབྲེལ་ཨ་རིའི་ཙུང་ཐུང་པའེ་ཏེང་དང་ཐུག་འཕྲད་ཀྱང་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་གསུམ་པོའི་འགོ་ཁྲིད་ཀྱིས་གཙོ་བོ་ཡོ་རོབ་ཀྱི་བདེ་འཇགས་དུས་བབ་དང་། དེ་བཞིན་ཧྥིན་ལན་དང་སུའེ་ཏེན་བྱང་ཆིངས་ནང་ཞུགས་རྒྱུའི་རེ་ཞུ་བྱེད་པ་སོགས་ཀྱི་གནད་དོན་ཐད་གྲོས་བསྡུར་བྱས་པ་རེད།