ས་གནས་དེ་གའི་དུས་ཚོད་ཚེས་24ཉིན། སོ་མ་ལིའི་ཙུང་ལི་ལའོ་པུའུ་ལའེ་ཡིས་ཕྱི་འབྲེལ་པུའུ་ཀྲང་ཨ་ཕུའུ་ཏི་སའེ་དབྱི་ཏེའི་ལས་གནས་གནས་སྐབས་མཚམས་འཇོག་བྱ་རྒྱུ་ཁྱབ་བསྒྲགས་བྱས། རྒྱུ་རྐྱེན་ནི་ཁོང་ལ་ཁྲིམས་འགལ་གྱི་སོལ་བ་བླུགས་པའི་གྲུ་གཟིངས་ཤིག་གློད་འགྲོལ་བཏང་བར་དོགས་གཞི་ཡོད་པ་དང་། གྲུ་གཟིངས་དེ་ཨ་མན་དུ་བཀག་ཉར་བྱས་པ་རེད།
ལའོ་པུའུ་ལའེ་ཡིས། ཁོང་གིས་རྒྱལ་ཁབ་ཞིབ་བཤེར་དང་བདེ་འཇགས་སྒྲིག་གཞིས་དོན་རྐྱེན་དེར་བརྟག་དཔྱད་བྱ་རྒྱུའི་མཛུབ་སྟོན་གནང་བ་མ་ཟད། བརྟག་དཔྱད་མཇུག་འབྲས་ཁྲིམས་འཛིན་སྡེ་ཁག་ལ་སྤྲོད་རྒྱུ་ཡིན་ཞེས་བཤད་པ་རེད།