འབྲས་སྐྲན་གྱི་བྱུང་ཚད་ཇེ་མཐོ་ནས་ཇེ་མཐོ་ཡིན་པའི་དུས་སྐབས་འདིར། ང་ཚོས་ཕོ་བ་ལ་སྲུང་སྐྱོབ་ཇི་ལྟར་བྱེད་པ་དང་། ཕོ་བའི་འབྲས་སྐྲན་འབྱུང་བ་ལ་སྔོན་འགོག་ཇི་ལྟར་བྱ་དགོས་སམ།
གཅིག ཕོ་བ་སྨུག་པའི་ནད་ཀྱི་རྒྱུན་མཐོང་ནད་རྟགས་གང་དག་ཡོད་དམ།
ཕོ་བ་སྨུག་པའི་ནད་ཀྱི་རྒྱུན་མཐོང་ནད་རྟགས་ལ། ཁོག་སྟོད་ན་བ་དང་ཁོག་པ་ཚ་བ། ལྟོགས་པ་བཅས་ཀྱི་མི་བདེ་བ་འབྱུང་ཞིང་། དཔེར་མཚོན་མིན་པའི་ནད་རྟགས་སུ། ཕོ་བ་སྦོས་པ་དང་ཁོག་སྐྱུར་ལངས་པ། ཨིག་ཀ་རྒྱག་པ་སོགས་ཡོད། ཚབས་ཆེ་བ་ལ། ན་ཟུག་དྲག་པོ་འབྱུང་བའི་ནད་རྟགས་ཀྱང་ཡོད། མཉམ་འཇོག་བྱ་དགོས་པ་ཞིག་ལ། ཕོ་བ་སྨུག་པའི་ནད་འདི་འབྲས་སྐྲན་དུ་འགྱུར་བའི་ཉེན་ཁ་ཡོད་པ་ཤེས་དགོས།
གལ་ཏེ། ཕོ་བ་ན་བ་ལ་ཆོས་ཉིད་ཅི་ཡང་མེད་པ་དང་། སྙིང་ཚ་རྒྱག་པ། ཁོག་སྐྱུར་ལངས་པ་ཡང་ནས་བསྐྱར་དུ་འབྱུང་བ། ལུས་པོའི་ལྗིད་ཚད་མར་འབབ་པ། ཐ་ན་ཁྲག་བསྐྱུགས་པ་བཅས་ཡིན་ན། ཕལ་ཆེར་ཕོ་བ་སྨུག་པའི་ནད་དེ་སྐྲན་འགྱུར་བྱུང་བ་མཚོན་པས། སྨན་ཁང་དུ་ཕྱིན་ཏེ་བརྟག་དཔྱད་བྱས་ནས་ནད་བབ་ཅི་འདྲ་ཡིན་པར་བལྟ་དགོས།
གཉིས། གོམས་གཤིས་གང་དག་གིས་ཕོ་བ་ལ་གནོད་དམ།
འཛམ་གླིང་ཡོངས་སུ་ལོ་རེ་ལ་ཕོ་བའི་འབྲས་སྐྲན་བྱུང་བའི་ནད་པ་ཁྲི120ཙམ་ཡོད་པ་དང་། རང་རྒྱལ་གྱིས་དེའི་ཁྲོད་ཀྱི40%ཙམ་ཟིན། ཕོ་བའི་འབྲས་སྐྲན་བྱུང་བ་སྔ་མོ་ནས་ཤེས་ཏེ་སྨན་བཅོས་བྱས་ན། དྲག་སྐྱེད་འབྱུང་བའི་ཚད་ནི90%ནས97%ཡིན། འབྲས་སྐྲན་བྱུང་བ་ལོ་ལྔ་ཙམ་འགོར་ནས་ཤེས་ན། དྲག་སྐྱེད་འབྱུང་ཚད་ནི30%ལས་དམའ། ཡིན་ནའང་། རང་རྒྱལ་གྱི་སྔ་དུས་ཕོ་བའི་འབྲས་སྐྲན་བྱུང་བའི་ཚད་ནི20%ཙམ་ལས་མེད། ང་ཚོས་ཕོ་བའི་འབྲས་སྐྲན་མ་བྱུང་བའི་སྔོན་ལ། དེ་ཉིད་སྔོན་འགོག་གི་གྲ་སྒྲིག་བྱ་བ་ལེགས་པོར་བསྒྲུབ་དགོས། གཤམ་གྱི་གོམས་གཤིས་འདི་དག་གིས་ཕོ་བ་ལ་ཧ་ཅང་གནོད་པ་ཡིན།
ཀ དུ་བསྲེགས་དང་སྣུམ་བཙོས་བྱས་པ། ཚྭ་ཁ་བ་དང་རོ་མངར་བ། ཚིལ་ཞག་མང་བའི་བཟའ་བཏུང་རིགས་ལ་དགའ་བ་དང་། རྒྱུན་པར་ཤ་རིགས་བཟའ་རྒྱུ་མང་ཞིང་། སྔོ་ཚལ་དང་སིལ་ཏོག་གི་རིགས་བཟའ་རྒྱུ་ཉུང་བ།
ཁ ཐ་མག་མང་པོ་འཐེན་པ་དང་ཆང་བག་མེད་དུ་སྤྱོད་པ།
ག ངལ་གསོ་དུས་ཚོད་ལ་གོ་རིམ་མེད་ཅིང་། རྒྱུན་པར་མཚན་འཁྱོངས་བྱེད་པ།
ང སེམས་ཁམས་མི་བདེ་ཞིང་། ཡུན་རིང་ལ་སེམས་པ་འཚབ་འཚུབ་ཏུ་གནས་པ་སོགས་ཡོད།