དབྱར་སྟོད་ཀྱི་དུས་སུ་ལྷ་ས་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ཡོད་པའི་ནོར་བུ་གླིང་ཁའི་གང་སར་མེ་ཏོག་དང་རྩི་ཤིང་གི་དཔལ་ཡོན་རྒྱས་འདུག །ནོར་བུ་གླིང་ཁ་ནི་བོད་ཀྱི་འཛམ་གླིང་རིག་གནས་ཤུལ་བཞག་གི་གྲས་ཤིག་ཡིན་པ་དང་། དུས་རབས་18པའི་ལོ་རབས་40པར་བཞེངས་པའི་བོད་ལུགས་ཀྱི་ཉམས་འགྱུར་ལྡན་པའི་སྐྱེད་ཚལ་ཞིག་ཡིན། མཚོ་དཀྱིལ་ཕོ་བྲང་། སྤྱན་གསལ་ཕོ་བྲང་སོགས་ཕོ་བྲང་མང་པོ་ཡོད།