གཙང་རྒྱུད་མཛོ་མོར་བརྟེན་ནས་ཞིང་པར་འབབ་འཕར་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 06-02


 


        ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཕུན་སུམ་ཚོགས་པའི་མཛོ་མོའི་ཐོན་ཁུངས་སྔོག་འདོན་བྱས་ཏེ། བོད་ཀྱི་འབྲི་གཡག་དཔལ་འབྱོར་རྒྱུད་འདྲེས་གསོ་ཚགས་དཔེ་སྟོན་རྟེན་གཞི་བཙུགས་ཡོད། ལག་རྩལ་གསར་གཏོད་དང་ལག་རྩལ་རྒྱ་སྐྱེད་སོགས་ཀྱི་བྱ་ཐབས་བརྒྱུད། འབྲི་གཡག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། གཙང་རྒྱུད་མཛོ་མོའི་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་བ་རེད། 2020ལོའི་ཟླ་12པར་རྒྱ་ཚ་རྫོང་བརླན་སྟོད་གྲོང་ཚོའི་བསོད་ནམས་རྒྱལ་མཚན་གྱིས་བརླན་སྟོད་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ཕ་ཡུལ་གྱི་མཛོ་མོའི་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་དེ་མི་ཐབས་སྦྱོར་སྡེབ་བྱས་ནས་ཡར་ཀླུང་གཙང་པོའི་མཛོ་མོ་འཕེལ་རྒྱས་བཏང་བ་དང་མཛོ་མོའི་བེད་སྤྱོད་རིན་ཐང་ཆེ་རུ་བཏང་བས་ཡོང་འབབ་མང་པོ་བྱུང་ཡོད། མིག་སྔར་མཉམ་ལས་ཁང་ལ་མཛོ་མོ་83དང་གཙང་རྒྱུད་མཛོ་མོ་25ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1