༄༅།།ཀ་དག་གཞིས་ཀ་ངོ་སྤྲོད་མདོར་བསྡུས།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 06-06




 ཀ་དག་གཞིས་ཀ་ནི་ཟི་ལིང་མཚོ་སྔོན་སོགས་ཀྱི་སྔ་འགྱུར་རྙིང་མའི་སྤྱི་བདག་ཆེན་པོ་དགུ་རོང་ཏཱ་བླ་མ་སྐུ་ཕྲེང་ན་རིམ་གྱི་བླ་བྲང་ལྔ་རིག་འོད་གསལ་ཕོ་བྲང་གི་སྐྱེད་མོས་ཚལ་ལགས་སོ།། གཞིས་ཀ་འདིར་དང་པོ་མི་ལོ་སྟོང་ལྷག་གི་སྔ་རོལ་ཏུ་མཁས་པ་མི་གསུམ་དང་ལྷ་ལུང་དཔལ་གྱི་རྡོ་རྗེས་ཞབས་ཀྱིས་བཅགས་ཤིང་། བར་དུ་མི་ལོ་དྲུག་བརྒྱའི་སྔ་རོལ་ཏུ་ཆོས་རྗེ་དོན་གྲུབ་རིན་ཆེན་དང་རྗེ་ཙོང་ཁ་པས་བྱིན་གྱིས་རླབས་པ། མཐའ་མར་མི་ལོ་ཉིས་བརྒྱའི་སྔོན་ནས་དགུ་སྤྲུལ་རིམ་བྱོན་གྱིས་སྔ་རྗེས་བཞེངས་སྐྲུན་ལེགས་པར་བཀོད་པས་བྱིན་ཆེ་བ་བརྗོད་དཀའ། 

 

 

    སྐྱེད་མོས་ཚལ་འདིར་ས་མུའུ༢༠ལྷག་ཡོད་པ། ལོ་ཡུན་རིང་ལ་སྒྲིག་གཞི་ལེགས། ཤིང་སྡོང་རྒྱས་ལ་བྱ་སྐད་སྙན། སྐྱེད་ཚལ་ཕྱི་ནང་ཀུན་ལ་ཤིང་ཆེན༥༥༦དང་། ཤིང་ཕྲན༤༩༦། འཁྲི་ཤིང་ཚོམ་ཆེན༤སོགས་ཡོད་པ་ཤིང་རིགས་བསྡོམས་ན༣༧ཙམ་འདུག གནའ་སྡོང་ཕལ་ཆེར་མི་ལོ༢༥༠ལྷག་ལོན་ཡོད་ལ་ཁོར་ཡུག་ཀུན་ཏུ་མེ་ཏོག་ཚོམ་བུ་བརྒྱ་ཕྲག་དུ་མས་བརྒྱན་པ་སྨོས་མ་། 

                                                                                                                                                           

 སྐྱེད་ཚལ་འདི་བསྟན་པ་ཕྱི་དར་གྱི་མགོ་ཁུངས་གཉིས་མེད་ཀྱི་ས་ཡི་ཐིག་ལེའི་དཀྱིལ་དབུས་སུ་ཆགས་ལ། གང་འདི་ལྟེ་བ་བྱས་པའི་སྤྱི་ལེ་བརྒྱ་ཡི་ནང་རོལ་ཏུ་མཁས་པ་མི་གསུམ་དང་བླ་ཆེན་པོའི་སྒྲུབ་གནས་དམ་པ་སྟེ། ཤར་དུ་ཏན་ཏིག་དགོན་དང་། ལྷོ་རུ་ལོ་རྡོ་རྗེ་བྲག ནུབ་ཏུ་ཨ་ཆུང་གནམ་རྫོང་། བྱང་དུ་དམར་གཙང་དགོན་དང་བྲག་བྱ་ཁྱུང་སོགས་ཐོས་པ་དོན་ལྡན་དུ་ཡོད། 

  

 

 





 


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1