༄༅།།མཚོ་ལྷོའི་འོད་སྟོང་འབར་བའི་རིག་གནས་དང་མི་ཆོས།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 06-06


 

        མཚོ་ལྷོ་ཁུལ་གྱི་རང་བྱུང་ཡུལ་སྐོར་དང་སྤྱི་ཚོགས་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས། དེ་མིན་ཡུལ་སྐོར་ཐོན་ཁུངས་མང་ཆེ་བར་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་ཅུང་ལེགས་པོ་རྒྱུན་འཁྱོངས་བྱས་ཡོད་པ་དང་། ལྷད་མ་འདྲེས་པའི་གདོད་མའི་རྣམ་པ་སོར་འཇོག་བྱས་ཡོད་པས། སྐྱེ་ཁམས་ཡུལ་སྐོར་དང་རིག་གནས་ཡུལ་སྐོར། མྱུལ་དཔྱད་ཡུལ་སྐོར། གནས་མཇལ་དང་དམངས་སྲོལ་འཚོལ་བསྡུ་བྱེད་སའི་གནས་མཆོག་ཅིག་ཡིན་སྟབས། མཚོ་ལྷོས་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་མཚར་སྡུག་རྣམ་པར་བཀྲ་བའི་བོད་མི་རིགས་ཀྱི་ཕུལ་བྱུང་རིག་གནས་གསོ་སྐྱོང་བྱས་ཡོད། 

 

        མཚོ་ལྷོའི་མཛེས་སྡུག་ལྡན་པའི་རི་ཆུའི་ཡུལ་ལྗོངས་ལ་མྱོང་རོལ་བྱ་ཐུབ་ལ། རྨ་ཆུ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་ཡོད། རིང་ཚད་ལ་སྤྱི་ལེ411.3ཡོད་པ་དང་འབབ་རྒྱུད་དུ་རྫོང5ཡི་ཤང་གྲོང20ཡོད་ཅིང་། མཚོ་ལྷོ་ཁུལ་གྱི་མཛེས་བ་དེའང་རྨ་ཆུའི་རིག་གནས་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་པར་མ་ཟད། མཚོ་ལྷོ་ཁུལ་ལ་ཡུལ་སྐོར་དུ་ཡོང་སྐབས་ངེས་པར་དུ་རྨ་ཆུའི་གྲོག་རོང་དང་རྩྭ་ཐང་། རི་བོ་དང་ཆུ་བོའི་མཛེས་སྡུག་བཅས་ལ་སེམས་ཀྱིས་རོལ་མྱོང་བྱས་ཚེ་ཁྱོད་ཀྱི་མིག་དབང་ཅིག་ཅར་ཏུ་འཕྲོག་ངེས། 

 

        མཚོ་ལྷོ་ཁུལ་ནི་གཙང་གསུམ་འབྱུང་ཁུངས་དང་། མཚོ་སྔོན་པོ། རྨ་ཆུའི་འབབ་རྒྱུད་བཅས་སྐྱེ་ཁམས་ཁོར་ཡུག་གཙོ་བོ་གསུམ་འདུ་བའི་གནས་མཆོག་ཅིག་ཡིན་ལ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་འཕོ་འགྱུར་དང་རྨ་ཆུའི་ཆགས་རིམ་གྱི་འགྱུར་བ་སོགས་ལོ་རྒྱུས་རིག་གནས་ཟབ་མོ་དང“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་བྱེད་པའི་ལས་འགན་གལ་ཆེན་ཐེག་ཡོད། ཉེ་བའི་ལོ་ཤས་རིང་མཚོ་ལྷོ་ཁུལ་གྱིས་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་སྔོག་འདོན་བྱས་ཏེ་ཡུལ་སྐོར་བ་མང་བོ་གནས་འདིར་འཛོམས་ནས་ཁོར་ཡུག་གི་མཛེས་བ་དང་སྐྱེ་ཁམས་ཀྱི་མཛེས་སྡུག་ལ་མྱོང་རོལ་བྱེད་མཁན་ཆར་རྗེས་ཀྱི་ཤ་མོ་བཞིན་ཇེ་མང་དུ་སོང་ཡོད། 

 

        མཚོ་ལྷོ་ཁུལ་གྱིས་ཧུར་ཐག་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་སྔོན་བསྐྱོད་ཁུལ་བསྐྲུན་ཏེ་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་བཏང་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི“མཉེན་པའི་སྟོབས་ཤུགས”མུ་མཐུད་དུ་ཇེ་ཆེར་བཏང་སྟེ། དྭངས་གཙང་མཐོ་སྒང་གི་ཡུལ་གྲུ་འདིར་མཚོ་ལྷོར་ལང་ཚོའི་གསོན་ཤུགས་རྒྱས་བཞིན་ཡོད། 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1