སེར་ཤུལ་རྫོང་གིས་ཐོག་འགོག་ལས་དོན་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-06



 སེར་ཤུལ་རྫོང་གིས་ཐོག་འགོག་ལས་དོན་སྤེལ།

   ཉེ་ཆར། སེར་ཤུལ་རྫོང་གིས་ཐོག་འགོག་ལས་དོན་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་བྱ་ཆེད། རྫོང་སྲིད་དོན་ལྟེ་གནས་ཀྱི་ཐོག་བརྩེགས་བཞི་པའི་བརྙན་ལམ་ཚོགས་ཁང་དུ་ཐོག་འགོག་བདེ་འཇགས་ཉེན་གཡོལ་ལས་དོན་ཛ་དྲག་བཀོད་གཏོང་ཚོགས་འདུ་འཚོགས་པ་དང་། རྫོང་ཨུའི་རྒྱུན་ཨུ་རྫོང་དཔོན་གཞོན་པ་མཱ་ཁྲོན་ཡུང་གིས་ཚོགས་འདུ་གཙོ་སྐྱོང་བྱས། རྫོང་འཚུབ་བསྟུན་ཨུ་ལྷན་དང་། ཡུལ་ཤོག་དང་གྲོང་རྡལ22ཀྱི་འགན་ཁུར་བ་ཚོགས་འདུར་ཞུགས་ཡོད་པ་རེད།

 

     ཚོགས་འདུའི་ཐོག་རྫོང་གནམ་གཤིས་ཅུས་ཀྱི་འགན་འཁུར་བས་ཇི་ལྟར་བྱས་ནས་ཐོག་སྔོན་འགོག་དང་ཉེན་གཡོལ་བྱེད་པའི་སྐོར་གྱི་རྒྱུན་ཤེས་དང་དེ་བཞིན་ཐོག་རྒྱག་སྐབས་ཀྱི་མྱུར་སྐྱོབ་བྱ་ཐབས་སོགས་ལ་ཁྱོན་ཡོངས་ནས་འགྲེལ་བཤད་བྱས་པ་རེད།

ཚོགས་འདུར་ད་ལྟ་ནི་ཆུ་འབྲུབ་པའི་དུས་ཚིགས་དང་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་སུ་སླེབས་ཡོད་པ་དང་ཐོག་གི་གནོད་འཚེ་ཡང་ཐོན་བཞིན་ཡོད། ཡུལ་ཤོག་དང་གྲོང་རྡལ། སྡེ་ཚན་ཁག་གིས་མི་དམངས་ནི་བླ་ན་མེད་པ་དང་ཚེ་སྲོག་ནི་བླ་ན་མེད་པ་ཡིན་པའི་འདུ་ཤེས་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཆང་བ། བདེ་འཇགས་ཨང་དང་པོ་དང་། སྔོན་འགོག་གཙོར་འཛིན། འགོག་བཅོས་ཟུང་འབྲེལ་བཅས་ཀྱི་ཕྱོགས་ལ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས། ཐོག་འགོག་འདུ་ཤེས་སྔར་བས་ཆེ་རུ་བཏང་ནས་སྲིད་གཞུང་ཁོངས་གཏོགས་ཀྱི་དོ་དམ་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱས་ཏེ། བདེ་འཇགས་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཐོག་འགོག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་ཡག་པོ་བྱ་དགོས། གློག་འཁྱུག་ཐོག་རྒྱག་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་རྒྱག་དགོས། ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་ལ་ཤུགས་བརྒྱབ་ནས་མང་ཚོགས་ལ་ཐོག་གི་གནོད་འཚེ་འགོག་ཟོན་གྱི་འདུ་ཤེས་དང་ནུས་པ་ཆེ་རུ་གཏང་དགོས་ཞེས་བསྟན།

   ཚོགས་འདུའི་ཐོག་ཡུལ་ཤོག་དང་གྲོང་རྡལ། ལས་ཁུངས་ཁག་བཅས་ཀྱིས་ཐོག་གི་གནོད་འཚེའི་འཕྲལ་སྡོམ་ཐག་གཅོད་སྔོན་ཇུས་འཐུས་ཚང་དུ་གཏོང་བ་དང་། ཐོག་འགོག་དོ་དམ་ལམ་ལུགས་དོན་འཁྱོལ་བྱེད་པ། ཐོག་འགོག་ཐབས་ཀྱི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ཁེ་ལས་དང་། ལས་ཁུངས། སློབ་གྲྭ། གྲོང་གསེབ་བཅས་ཀྱི་ལས་དོན་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་འཕྲིན་ཐུང་དང་། འཕྲིན་ཕྲན། འཁྱུག་དབྱིངས་སོགས་དྲིལ་བསྒྲགས་བྱེད་ཐབས་བརྒྱུད་ནས་ཐོག་འགོག་ཇི་ལྟར་བྱས་ནས་ཚན་རིག་དང་མཐུན་པའི་ངང་ཐོག་འགོག་པའི་བྱ་ཐབས་སྤྱད་དེ་རྒྱ་ཆེའི་མང་ཚོགས་ཀྱི་གློག་འཁྱུག་ཐོག་རྒྱག་གི་གནོད་འཚེ་འགོག་པའི་འདུ་ཤེས་དང་ནུས་པ་ཆེ་རུ་གཏང་དགོས་པར་བསྟན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1