དུར་སྦས་ནི་མི་འཆི་ནས་ས་འོག་དུ་སྦས་པའི་གནའ་བོའི་དམངས་སྲོལ་ཏེ། མི་འཆི་ནས་ཞགས་ལྔའམ་བདུན་གང་རུང་སོང་ཚེ་ཁྱིམ་ཚང་དང་ཉེ་འབྲེལ་སོགས་ཀྱིས་ས་འོག་ཏུ་སྦས་པ་ཡིན། དེའང་སྦས་སའི་གནས་དེར་ས་དཔྱད་བྱས་ཟིན་པའི་གནས་ཤིག་ཡིན་དགོས་ལ། རབ་ཏུ་བྱུང་ན་རྒྱུད་སྡེ་བཞིའི་དཀྱིལ་འཁོར་བཞེངས་ནས་ས་སྦྱངས་པ་དང་། ལྟོ་ཁྱེར་ལ་ཀོ་ལོང་མི་ཡོང་བའི་ཆེད་ས་སློང་བ་དང་། ཡུལ་ལྷ་དང་གཞི་བདག་གི་ཁྲག་དོག་སེལ་ཕྱིར་གསེར་སྐྱེམས་སོགས་སྔོན་དུ་འགྲོ་བའི་ཆོ་ག་རྣམས་ཆད་ལུས་མེད་པར་བསྒྲུབ་ནས། དེ་ནས་དོང་དུར་བྱ་བ་ལ་དུར་སྦས་ཞེས་བརྗོད་དོ།།