རྔ་བ་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་(རྒྱས་འཛོམས)ཚོགས་འདུ་འཚོགས་ཏེ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་12པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 06-07


 


     ཟླ་6ཚེས་1ཉིན། སྐབས་བཅུ་གསུམ་པའི་རྔ་བ་ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡིས་(རྒྱས་འཛོམས)ཚོགས་འདུ་ཐེངས་10པ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་ལུའོ་ཀྲེན་ཧྭས་ཚོགས་འདུའི་གཙོ་འགན་བཞེས། ཁུལ་ཨུའི་རྒྱུན་ཨུ། ཁུལ་དཔོན་གཞོན་པ་ཞུས་ཁྲུན། ཁུལ་དཔོན་གཞོན་པ་ཞུས་ཀའེ་ཆང་། ཡི་དམ་འཚོ། ཀོན་ཅི། ལི་ཅན་ཅུན། ཐའོ་ཀང་། དབང་ཆེན་ལྷ་མོ། ཁུལ་སྲིད་གཞུང་གི་དྲུང་ཆེན་ཡུས་ཀོང་ཡ་བཅས་ཚོགས་འདུར་ཞུགས།

     ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་སྐྱབས་དང་། ཁུལ་དཔོན་གཞོན་པ་ཝང་ཧྲུའུ་མིང་། ཁུལ་གྱི་རིམ་པ་དང་པོའི་སྐོར་ཞིབ་པ་གོ་ཉིང་བཅས་གདན་ཞུས་ལྟར་ཚོསག་འདུར་ཞུགས།      

     ཚོགས་འདུར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་བའི་རིང་གསུངས་པའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཚོགས་འདུ་གལ་ཆེན་དང་འགོ་ཁྲིད་ཀྱི་གསུང་བཤད་གལ་ཆེན། རྟོག་ཞིབ་གལ་ཆེན་བཅས་ཀྱི་བླང་བྱ་དང་དགོངས་དོན་ལ་མཉམ་དུ་སློབ་སྦྱོང་བྱས། ཚོགས་འདུར་བསྟན་དོན། དཔོན་གནས་འཛིན་མཁན་ཞིག་ལ་མཚོན་ན་ཆེས་མེད་དུ་མི་རུང་བ་ནི་སློབ་སྦྱོང་ཡིན་པ་ཡིད་ལ་ངེས་པར་བྱས་ཏེ། ལས་དོན་གྱི་འགན་འཁྲི་འཁུར་སེམས་དེ་སློབ་སྦྱོང་གི་སྒུལ་ཤུགས་སུ་བསྒྱུར་ཞིང་། རང་མོས་སྒོས་སློབ་སྦྱོང་ལ་འབད་དེ་མི་ཚེ་སློབ་སྦྱོང་ལ་བསྟིམས་པར་བྱ་དགོས་ལ། རང་མོས་སྒོས་རྔ་ཁུལ་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་དགོས།

     གཞུང་ལུགས་ཟབ་མོ་རྟོགས་པ་དང་། ཁྲིམས་སྲོལ་གནད་སྨིན་སློབ་པ། སྲིད་ཇུས་མཐིལ་རྟོགས་པའི་བླང་བྱ་གཞིར་བཟུང་སྟེ། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་དང་། རྒྱུན་ལས་ཚོགས་འདུའི་སློབ་སྦྱོང་གི་བཀོད་སྒྲིག་ལས་གཞན། ཏང་གི་ལོ་རྒྱུས་སློབ་སྦྱོང་གི་ཡུན་རིང་ཕུགས་ཕན་ཅན་དང་ཟུང་སྦྲེལ་སྒོས། མུ་མཐུད་དུ་འབད་བརྩོན་དང་ཞན་ཆ་ཁ་གསབ་ཀྱི་མ་ལག་གྲུབ་པར་བྱས་ཤིང་། མར་ཁེ་སི་རིང་ལུགས་ཀྱི་ལྟ་བས་དུས་ཀྱི་འཕོ་འགྱུར་ལ་ལྟ་བ་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གཞུང་ལུགས་གསར་ཤོས་ཀྱི་དྲག་ཆས་བསྣམས་ཏེ་ལག་ལེན་ལ་མཛུབ་སྟོན་བྱས་ཤིང་། འཐབ་ཇུས་ཀྱི་བསམ་བློ་དང་ལོ་རྒྱུས་ཀྱི་བསམ་བློ། དབྱེ་འབྱེད་ཀྱི་བསམ་བློ། གསར་གཏོད་ཀྱི་བསམ་བློ། ཁྲིམས་སྐྱོང་གི་བསམ་བློ། མ་མཐའི་བསམ་བློ་བཅས་སྔར་བས་ཇེ་མཐོར་བཏང་ནས་ཡིད་ཆེས་སྔར་བས་བརྟན་པོ་རྙེད་པ་དང་། མཐའ་གཅིག་ཏུ་བློ་དཀར་བ། འགན་འཁྲི་འཁུར་ཐུབ་པ་བཅས་འཁྱོངས་པར་བྱ་དགོས་ལ། ས་གནས་རང་དང་ལས་རིགས་རང་། ལས་དོན་རང་གི་ཁྱབ་ཁོངས་དང་ཟུང་དུ་སྦྲེལ་ཏེ། གནད་དོན་ལ་ཞིབ་འཇུག་དང་། གནད་དོན་ཐག་གཅོད་བྱ་རྒྱུ་ནི་སློབ་སྦྱོང་གི་ཐོག་མའི་དམ་བཅའ་དང་གཞི་འཛིན་སར་བཟུང་སྟེ། གཞུང་ལུགས་ཀྱི་ཤེས་བྱ་ནི་རྙོག་འཛིང་གི་གནད་དོན་སྣ་ཚོགས་ཐག་གཅོད་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ནུས་པར་བསྒྱུར་ཞིང་། ཏན་ཏན་ཏིག་ཏིག་དང་འབད་པ་ཧུར་ཐག་གི་སྙིང་སྟོབས་སུ་བསྒྱུར་བ་དང་། འཐབ་ལམ་གསར་བ་འབད་པས་སྙེགས་པ་དང་། འཕེལ་རྒྱས་གསར་བར་སྐུལ་འདེད་ཀྱི་སྦྱོར་བ་དངོས་སུ་བསྒྱུར་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་སོ་སོར་དམ་པོར་འཛིན་དགོས།

     ཚོགས་འདུར། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་། ཞིང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ལག་བསྟར་བསམ་འཆར་སྐོར་ལ་ཞིབ་འཇུག་བྱས། ཁུལ་དཔོན་གཞོན་པ་ཚོས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་གཞིར་བཟུང་ནས་སློབ་སྦྱོང་གི་སེམས་ཚོར་གླེང་བ་དང་། སོ་སོའི་ལས་བགོས་ཀྱི་ལས་དོན་གཞིར་བཟུང་ནས་རྗེས་ཕྱོགས་ཀྱི་འཆར་གཞི་གླེང་ཡོད།

     ཚོགས་འདུར་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ནི་ལྔ་འཆར་བཅུ་བཞི་བར་འབད་པས་སྙེགས་པ་དང་། འཐབ་ལམ་གསར་བར་གོམ་ཁ་སྒྱུར་བའི་ལོ་རྒྱུས་ཀྱི་གནད་འགག་གི་དུས་མཚམས་སུ་འཚོགས་པའི་ཚོགས་འདུ་ཁྱད་པར་བ་ཞིག་ཡིན་ལ། དུས་རབས་གསར་བའི་སི་ཁྲོན་དར་སྤེལ་སྐས་རིམ་གསར་བ་ཞིག་ཏུ་སྐུལ་འདེད་གཏོང་བར་ཤུགས་རྐྱེན་དཔག་མེད་ཐེབས་ཡོད། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག ལག་བསྟར་ཡག་པོ་བྱ་རྒྱུ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་ཡུན་ངེས་ཅན་ཞིག་གི་ཁུལ་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཆེ་ཤོས་དེ་ཡིན།

     ཚོགས་འདུར་ནན་གྱིས་བསྟན་དོན། རིམ་པ་ཁག་གི་སྡེ་ཁག་སོ་སོས་སློབ་སྦྱོང་གཏིང་ཟབ་མོ་དང་། ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་རྔ་ཁུལ་གྱི་ཡུལ་གྲུ་ཀུན་ཏུ་ཁྱབ་པར་བྱ་དགོས། སློབ་སྦྱོང་གི་སྣེ་ཁྲིད་ལ་འབད་དེ་ཁུལ་དཔོན་གཞོན་པ་རྣམས་ཀྱིས་རང་མོས་སྒོས་སྣེ་ཁྲིད་དེ་སློབ་སྦྱོང་གཏིང་ཟབ་བྱས་ཤིང་། ཚོགས་ཆེན་གྱི་དགོངས་དོན་ཀུན་གྱི་བློ་ངོར་འཇགས་ཐུབ་པར་བྱ་དགོས་ལ། ཕྱོགས་ཡོངས་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་གྱི་ཡང་སྙིང་དང་། བཀོད་སྒྲིག་བླང་བྱ། ཐབས་ལམ་གལ་ཆེན་བཅས་ལ་ངོས་འཛིན་ཡང་དག་བྱས་ཤིང་། དངོས་དོན་དང་ཟུང་དུ་སྦྲེལ་ནས་སློབ་སྦྱོང་དང་། གནད་དོན་དང་སྦྲེལ་ནས་སློབ་སྦྱོང་ལ་འབད་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་གཞིར་བཟུང་སྟེ། དམིགས་འབེན་གནད་ལ་བཟུང་སྟེ། འཕེལ་རྒྱས་ཀྱི་བསམ་བློ་གསལ་བོ་ཇེ་གསལ་དང་། ལག་བསྟར་ཐབས་ལམ་ཇེ་མང་དུ་གཏོང་དགོས། ལས་བགོས་སྡེ་ཁག་དང་། འབྲེལ་གཏུག་རྫོང་དང་གྲོང་ཁྱེར་བཅས་སུ་སློབ་སྦྱོང་གྲོས་བསྡུར་གྱི་བྱེད་སྒོ་རྩ་འཛུགས་བྱས་ཏེ། བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་ནས་དངོས་ཡོད་ཀྱི་ཞན་གནད་སྒྲོལ་གྱི་ལམ་བུ་བཙལ་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སློབ་སྦྱོང་གི་ཁྲོད་ནས་གོ་རྟོགས་ཇེ་མཐོ་དང་། བློ་རྒྱ་ཆེར་བསྐྱེད། འཇོན་ནུས་མཐོར་འདེགས་ཡོང་བར་སྣེ་ཁྲིད་དེ། ཆབ་སྲིད་ལ་བློ་དཀར་ཞིང་། ཡིད་ཆེས་བརྟན་པོ་ལྡན་པ། འབད་བརྩོན་འགན་ལེན་བཅས་ཡོང་བར་བྱ་དགོས། དྲིལ་སྒྲོག་ལ་སྐུལ་འདེད་གཏོང་དགོས། སྲིད་གཞུང་ཁོངས་གཏོགས་ཀྱིས་རང་མོས་སྒོས་འགན་འཁྲི་ཕྲག་ཏུ་བླངས་ནས། ཁུལ་ཨུས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དྲིལ་སྒྲོག་ལས་དོན་གྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་སྟེ། མགྱོགས་མྱུར་དུ་སློབ་སྦྱོང་དང་དྲིལ་སྒྲོག་གི་ལས་ལ་འབད་དགོས། རྫོང་དང་གྲོང་ཁྱེར་ཁག་གི་འབྲེལ་གཏུག་གི་བྱེད་ནུས་བེད་སྤྱད་དེ། སྒྲོག་འགྲེལ་དྲིལ་སྒྲོག་གི་བྱེད་སྒོ་མང་དུ་སྤེལ་ནས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་གཅིག་མ་ལུས་པར་གཉིས་མ་ཆད་པར་གཞི་རིམ་དུ་སྒྲོག་ཐུབ་པར་བྱ་དགོས།  རིམ་པ་སོ་སོའི་བརྙན་འཕྲིན་ཁང་དང་། སྨྱན་སྦྱོར་གསར་ལམ་སོགས་ཀྱི་མཐུན་རྐྱེན་ལེགས་པར་སྤྱད་དེ། དྲིལ་སྒྲོག་གི་བྱེད་སྒོ་དང་། བཅར་འདྲིའི་བྱེད་སྒོ་རབ་དང་རིམ་པ་བཏོན་ནས། ཕྱོགས་ཡོངས་དང་ཁྱབ་ཁོངས་ཧྲིལ་བོ། སྣ་མང་བའི་སྒོ་ནས་དྲིལ་སྒྲོག་གི་ཁྱབ་ཚད་རྒྱ་བསྐྱེད་དང་། དྲིལ་སྒྲོག་གི་རྨང་གཞི་སྲ་བརྟན་དུ་བཏང་ནས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དེ་སེམས་ཤུགས་རྩལ་འདོན་དང་། དམངས་སེམས་གཅིག་ཏུ་སྒྲིལ་བའི་སྟོབས་ཤུགས་སུ་བསྒྱུར་ནས། ལག་བསྟར་དོན་འཁྱོལ་གྱི་ལས་ལ་འབད་དགོས། རིམ་པ་ཁག་གི་སྡེ་ཚན་སོ་སོས་ཞིང་ཨུའི་ཆབ་སྲིད་གླེང་བ་དང་། འཕེལ་རྒྱས་དམ་འཛིན། དམངས་འཚོར་ཕན་པ། བདེ་འཇགས་སྲུང་བའི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་སྟེ། འཕེལ་རྒྱས་ཀྱི་འགན་འཁྲི་དང་བོ་དམ་པོར་བཟུང་ནས། བརྟན་པོ་དྲུག་དང་སྲུང་སྐྱོང་དྲུག་གི་ལས་དོན་ལེགས་པར་བསྒྲུབས་ཏེ། 6+Nམཐོ་སྒང་གི་ཁྱད་ལྡན་རོང་འབྲོག་ལས་རིགས་དང་། 5+Nསྐྱེ་ཁམས་བཟོ་ལས། 1+Nདེང་རབས་ཞབས་ཞུའི་ལས་རིགས་ཀྱི་ཐོན་ལས་མ་ལ་གསར་བ་བསྐྲུན་ཏེ། རྔ་ཁུལ་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་གཏོད་དགོས། རི་ཆུ་ནགས་གསུམ་སོགས་ཀྱི་མ་ལག་བཅོས་སྐྱོང་ལག་ཏུ་བསྟར་ཞིང་། མགྱོགས་མྱུར་དུ་མཛོད་དགེའི་རྒྱལ་ཁབ་སྤྱི་གླིང་དང་། དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པར་སྐུལ་འདེད་བཏང་སྟེ། རྨ་འབྲིའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་བསྐྲུན་དགོས་ལ། ཕྱོགས་ཡོངས་ནས་དབུལ་སྒྲོལ་གནད་འཁེལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་རྒྱས་གཉིས་མཐུན་སྦྱོར་དོན་ལྡན་ཡོང་བར་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱི་དཀའ་ཁག་སེལ་ཞིང་རམ་འདེགས་བྱེད་པ་དང་། ལས་ཞུགས་ཀྱི་ལས་གནས་བརྟན་པོ་གཏོང་བ་སོགས་ཀྱི་སྲིད་ཇུས་ཐབས་ལམ་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཇེ་མཐོར་གཏོང་དགོས། ལངས་ཕྱོགས་གསལ་ཐག་ཆོད་པོའི་སྒོ་ནས་ཁ་བྲལ་འགོག་རྒོལ་དང་བརྟན་བརླིང་སྲུང་སྐྱོང་ལ་འབད་དེ། ཕྱོགས་ཡོངས་ནས་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་སྒོས་སྐུལ་འདེད་བཏང་ནས། བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་ནས་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་བརླིང་ཡོང་བར་ཁག་ཐེག་བྱ་དགོས་སོ།།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1