ཕ་ཡུལ།

བྲག་རྡོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-07


ལོག་ཕེབས་ལ་བསྒུག་པ་ནི་བདེ་སྐྱིད་ཅིག་ཡིན་མི་སྲིད།

དྲན་གདུང་ནི་སྡུག་བསྔལ་གྱི་གཏིང་དུ་ཟིམ་པའི་ན་ཟུག་ཡིན་སྲིད།

ལས་འབྲས་ཞེས་རང་གིས་རང་ལ་ཀུ་རེ་རྩེད་ཆོག་ནའང་།

རང་གི་རྣམ་ཤེས་གཅིག་པུས་རང་ལ་བསླུ་བྲིད་གཏོང་མི་སྲིད།

ཕ་ཡུལ་དུ་ལུས་པའི་རྨི་ལམ་དང་གཏམ་རྒྱུད།

ཆུང་དུས་ཀྱི་རྨི་ལམ་དང་དྲན་ཤིང་།

རྨི་ལམ་དུ་ག་ལེར་འཁོར་ཡོང་།

སུ་ཡང་དྲན་དགོས་མི་འདུག

དྲན་ཡངང་རྨི་ལམ་མི་འདུག

རྨི་ལམ་ཆུང་ཆུང་ཞིག་ལ།

ཁྱོད་ཀྱང་འཁོར་ས་མ་རེད།

ཕ་ཡུལ་ནི་རང་གི་རྣམ་ཤེས་ཀྱི་ཕོ་བྲང་རེད།

ཕ་ཡུལ་ནི་རང་གི་དྲན་ཤེས་ཀྱི་གཡུལ་ས་རེད།

ཡུལ་དང་ཡུལ་གྱི་བར་ཐག་འདི་ག

རྨི་ལམ་ནང་ནས་མཇལ་དགོས་སྙམ་བྱུང་།

སེམས་ཀྱི་ཕུགས་སུ་ལུས་པའི་དྲན་ཤིང་།

ཕ་ཡུལ་ཁྱོད་ལས་གཞན་ཞིག་མི་འདུག 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1